JKCL-KABUM-02-KHA-026

From Khyentse Lineage - A Tsadra Foundation Project
Revision as of 14:56, 24 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སྒྲ་དབྱངས་ལྷ་མོར་བསྟོད་པ་གངྒཱའི་རླབས་ཕྲེང།
Wylie title sgra dbyangs lha mor bstod pa gang+gA'i rlabs phreng JKCL-KABUM-02-KHA-026.pdf
Location chos kyi blo gros bka' 'bum
Volume 2, Text 26, Pages 413-415 (Folios 1a1 to 2a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgra dbyangs lha mor bstod pa gang+gA'i rlabs phreng. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 413-415. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dbyangs can ma
Colophon

དབྱངས་ཅན་ལྷ་མོར་བསྟོད་པའི་ཕྲེང་། །མེ་སྤྲེལ་རྒྱལ་ཟླའི་ཚེས་བཟང་པོར། །འཕགས་པའི་ཡུལ་གྱི་པིརྨ་ཡར། །ཚངས་པའི་རལ་ཀླུངས་ངོགས་སུ་སྦྱར། །དགེ་བས་བདག་གཞན་སེམས་ཅན་ཀུན། །རྨོངས་བའི་དྲྭ་བ་ཀུན་འབྲལ་ནས། །བློ་གྲོས་ཆེན་པོའི་སྤོབས་པ་རྒྱས། །ཤེས་བྱ་ཐམས་ཅད་མཁྱེན་གྱུར་ཅིག །

dbyangs can lha mor bstod pa'i phreng /____/me sprel rgyal zla'i tshes bzang por/____/'phags pa'i yul gyi pirma yar/____/tshangs pa'i ral klungs ngogs su sbyar/____/dge bas bdag gzhan sems can kun/____/rmongs ba'i drwa ba kun 'bral nas/____/blo gros chen po'i spobs pa rgyas/____/shes bya thams cad mkhyen gyur cig__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྒྲ་དབྱངས་ལྷ་མོར་བསྟོད་པ་གངྒཱའི་རླབས་ཕྲེང་བཞུགས་སོ། །ཨོཾ་ཡིག་གླུར་བླངས་ཚངས་པའི་སྲས་མོ་ནི། །རྒྱ་མཚོའི་བུ་མོ་སྒྲ་དབྱངས་བརྒྱ་ལྡན་མ། །ཟླ་བའི་འོད་ཀྱང་མོག་པོར་བྱེད་པ་ཡི། །ལྷ་མོ་དེ་རིང་བདག་གི་མགྲིན་པར་རོལ། །རིག་བྱེད་ལ་སོགས་འབྱུང་བའི་གཏེར་ཆེན་པོ། །འཁོར་འདས་ཐམས་ཅད་སྤྲོ་དང་སྡུད་མཛད་མ། །མཁའ་དང་མཉམ་པ་བློ་ཡིས་བརྟག་དཀའ་ཞིང་། །སྤྲོས་པ་ཀུན་བྲལ་སྭ་ར་སྭ་སྟཱིར་བསྟོད། །ལྷ་མོ་རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །རྐང་གདུབ་སིལ་ཁྲོལ་སྒྲ་ཡིས་འགོག་པ་ལས། །སློང་བར་མཛད་ན་འདོད་ལྡན་ལྟ་ཅི་ཞིག །ཡིད་འོང་ཤིན་ཏུ་རབ་དཀར་ཀུ་མུཏ་དང་། །ཟླ་བ་དུང་དང་པདྨའི་རྩ་བ་རྣམས། །བརྒྱ་ཕྲག་མང་པོ་གཅིག་ཏུ་སྤུངས་པ་ལ། །ཆུ་ཤེལ་ལྷུན་པོ་སྐར་ཚོགས་བྱེ་བས་བརྒྱན། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་མཚུངས་མེད་སྐུ། །ལན་བརྒྱར་བལྟས་ཀྱང་ངོམས་པ་མེད་པ་ཡི། །མཛེས་པའི་འདྲེན་བྱེད་བུང་བ་ལྟར་གནག་ཅིང་། །སྤྱན་གྱི་ཟུར་མདས་གཞན་ཡིད་འགུགས་པར་བྱེད། །ཤངས་ཀྱི་ཟུར་ལེགས་མཆུ་ནི་བིམྤ་ལྟར། །རབ་དམར་ཚེམས་ཀྱི་ཕྲེང་བ་སྤེལ་ལེགས་ཤིང་། །ཐགས་བཟང་རབ་ཏུ་དཀར་བས་ཡིད་འཕྲོག་མ། །ཞལ་ནས་ཙནྡན་ས་མཆོག་དྲི་བསུང་གིས། །ལྷ་ཡི་ཚོགས་ཀྱང་བུང་བ་བཞིན་དུ་སྡུད། །སྐེད་སྐབས་ཕྲ་ཞིང་རྐུབ་ཚོས་རབ་ཏུ་རྒྱས། །མྱོས་བུམ་སྲ་མཁྲེག་ནོར་བུ་ལྟ་བུར་ཟླུམ། །གསང་བའི་པདྨ་རུ་སྦལ་རྒྱབ་ལྟར་མཐོ། །བདེ་བའི་འབྱུང་གནས་བདེ་བའི་མངལ་ཁུར་མ། །ཡན་ལག་པདྨའི་ལྕུག་ཕྲན་འཇམ་མཉེན་ལྡན། །བྱིན་གྱིས་ཕྲ་དང་དབུ་སྐྲ་མཐོན་མཐིང་མཛེས། །ཕྱེད་བཅིང་ཕྱེད་གྲོལ་མུ་ཏིག་ལ་སོགས་པ། །རིན་ཆེན་སྣ་ཚོགས་ཟར་བུ་རྣམ་པར་གཡོ། །ནོར་བུའི་དབུ་རྒྱན་སྙན་དང་མགུལ་རྒྱན་སོགས། །སྲིད་ན་རིན་ཐང་བྲལ་བས་རྣམ་པར་བརྒྱན། །ལྕིད་སྤངས་སྲབ་འཇམ་ཡངས་པ་ལྷ་ཡི་གོས། །པཉྩ་ལི་ཀས་བཀླུབས་པའི་གྲྭ་ཟུར་གཡོ། །ཆགས་བྲལ་རྣམས་ཀྱང་ཁྱོད་ལ་གདུང་བར་བྱེད། །མདོར་ན་གང་སྐུ་མཐོང་དང་དྲན་པ་དང་། །ཁྱོད་ཐུགས་གཏད་པས་སྒྲིབ་པའི་མུན་སྟུག་སེལ། །གསུང་དབྱངས་ཏམྦུ་ར་ཡི་ཆ་ཤས་ཙམ། །རྣ་བའི་དཔྱིད་དུ་འཇོ་བའི་དེ་མ་ཐག །སྙན་ངག་ཆུ་ཀླུང་བརྒྱ་ཕྲག་འདྲེན་མཛད་མ། །མཁྱེན་རབ་གཏེར་ཆེན་སྨྲ་བའི་སེང་གེ་དང་། །ཐབས་ཤེས་དགྱེས་རོལ་ཡེ་ཤེས་ཕྱག་རྒྱའི་སྐུ། །ཅིར་ཡང་འཆར་ཞིང་ཅིར་ཡང་འཕྲུལ་ལ་བསྟོད། །ཐུགས་རྗེ་རིས་མེད་ཕྱི་ནང་ཡོངས་ལ་འཇུག །བསྙེན་དང་མཆོད་བསྟོད་གསོལ་བ་བཏབ་པ་ན། །དེ་མ་ཐག་ཏུ་དངོས་གྲུབ་འབད་མེད་འཇོ། །དྲི་ཟའི་བུ་མོ་དབྱངས་ཅན་མ་ལ་བསྟོད། །རྣམ་མང་རིགས་ཀྱི་ཁ་དོག་དཀར་དམར་སྔོ། །ཕྱག་མཚན་སྣ་ཚོགས་འཛིན་པས་འདོད་དགུ་སྦྱིན། །གཙོ་དང་འཁོར་གྱི་རྣམ་འགྱུར་ཅིར་ཡང་སྟོན། །སྒྱུ་འཕྲུལ་ཆེན་མོ་ཁྱོད་ལ་བདག་བསྟོད་དོ། །བརྩེ་ལྡན་དབྱངས་ཀྱི་རྒྱལ་མོར་བསྟོད་པའི་མཐུས། །སྐྱེ་དང་ཚེ་རབ་ཕྲེང་བ་ཐམས་ཅད་དུ། །རྒྱལ་བ་སྲས་དང་བཅས་ལ་བསྟོད་དབྱངས་ཀྱི། །རོལ་མོ་སྒྲོགས་ལ་མཚུངས་ཟླ་མེད་པར་ཤོག །འཆད་མཁས་སྒྲ་དབྱངས་དཔལ་མོའི་ལྗགས་ཐོབ་ཅིང་། །སྡེབས་ལེགས་རྩོམ་པའི་སྙན་འགྱུར་མཁས་ཡིད་འཕྲོག །རྩོད་པའི་རལ་གྲིས་ལོག་སྨྲའི་རོ་འཛིན་གཅོད། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་ནུས་ཤོག །མངོན་པར་མཐོ་བའི་རྟེན་བཟང་རྙེད་ཙམ་ན། །བླ་མ་སྭ་ར་སྭ་སྟཱི་ཡིད་ལ་ཞུགས། །ཟབ་དང་རྒྱ་ཆེ་མྱུར་བའི་ཤེས་རབ་རྣམས། །རང་བཞིན་གཤིས་ལ་ངང་གིས་འཇུག་པར་ཤོག །རྡོ་རྗེ་བཙུན་མོ་རྡོ་རྗེ་དབྱངས་ཅན་མའི། །རྡོ་རྗེའི་རྣལ་འབྱོར་རྡོ་རྗེའི་མཆོག་གྲུབ་ནས། །རྡོ་རྗེ་འཛིན་འཆང་རྡོ་རྗེའི་རིགས་ཀྱི་བདག །རྡོ་རྗེའི་ས་བགྲོད་རྡོ་རྗེའི་སྐུ་བརྙེས་ཤོག །དབྱངས་ཅན་ལྷ་མོར་བསྟོད་པའི་ཕྲེང་། །མེ་སྤྲེལ་རྒྱལ་ཟླའི་ཚེས་བཟང་པོར། །འཕགས་པའི་ཡུལ་གྱི་པིརྨ་ཡར། །ཚངས་པའི་རལ་ཀླུངས་ངོགས་སུ་སྦྱར། །དགེ་བས་བདག་གཞན་སེམས་ཅན་ཀུན། །རྨོངས་བའི་དྲྭ་བ་ཀུན་འབྲལ་ནས། །བློ་གྲོས་ཆེན་པོའི་སྤོབས་པ་རྒྱས། །ཤེས་བྱ་ཐམས་ཅད་མཁྱེན་གྱུར་ཅིག ། །།
[edit]

sgra dbyangs lha mor bstod pa gang+gA'i rlabs phreng bzhugs so/____/oM yig glur blangs tshangs pa'i sras mo ni/____/rgya mtsho'i bu mo sgra dbyangs brgya ldan ma/____/zla ba'i 'od kyang mog por byed pa yi/____/lha mo de ring bdag gi mgrin par rol/____/rig byed la sogs 'byung ba'i gter chen po/____/'khor 'das thams cad spro dang sdud mdzad ma/____/mkha' dang mnyam pa blo yis brtag dka' zhing /____/spros pa kun bral swa ra swa stIr bstod/____/lha mo rin chen rgyan gyis rnam par brgyan/____/rkang gdub sil khrol sgra yis 'gog pa las/____/slong bar mdzad na 'dod ldan lta ci zhig__/yid 'ong shin tu rab dkar ku muta dang /____/zla ba dung dang pad+ma'i rtsa ba rnams/____/brgya phrag mang po gcig tu spungs pa la/____/chu shel lhun po skar tshogs bye bas brgyan/____/gsal 'tsher lhun sdug gzi brjid mtshungs med sku/____/lan brgyar bltas kyang ngoms pa med pa yi/____/mdzes pa'i 'dren byed bung ba ltar gnag cing /____/spyan gyi zur mdas gzhan yid 'gugs par byed/____/shangs kyi zur legs mchu ni bim+pa ltar/____/rab dmar tshems kyi phreng ba spel legs shing /____/thags bzang rab tu dkar bas yid 'phrog ma/____/zhal nas tsan+dan sa mchog dri bsung gis/____/lha yi tshogs kyang bung ba bzhin du sdud/____/sked skabs phra zhing rkub tshos rab tu rgyas/____/myos bum sra mkhreg nor bu lta bur zlum/____/gsang ba'i pad+ma ru sbal rgyab ltar mtho/____/bde ba'i 'byung gnas bde ba'i mngal khur ma/____/yan lag pad+ma'i lcug phran 'jam mnyen ldan/____/byin gyis phra dang dbu skra mthon mthing mdzes/____/phyed bcing phyed grol mu tig la sogs pa/____/rin chen sna tshogs zar bu rnam par g.yo/____/nor bu'i dbu rgyan snyan dang mgul rgyan sogs/____/srid na rin thang bral bas rnam par brgyan/____/lcid spangs srab 'jam yangs pa lha yi gos/____/pany+tsa li kas bklubs pa'i grwa zur g.yo/____/chags bral rnams kyang khyod la gdung bar byed/____/mdor na gang sku mthong dang dran pa dang /____/khyod thugs gtad pas sgrib pa'i mun stug sel/____/gsung dbyangs tam+bu ra yi cha shas tsam/____/rna ba'i dpyid du 'jo ba'i de ma thag__/snyan ngag chu klung brgya phrag 'dren mdzad ma/____/mkhyen rab gter chen smra ba'i seng ge dang /____/thabs shes dgyes rol ye shes phyag rgya'i sku/____/cir yang 'char zhing cir yang 'phrul la bstod/____/thugs rje ris med phyi nang yongs la 'jug__/bsnyen dang mchod bstod gsol ba btab pa na/____/de ma thag tu dngos grub 'bad med 'jo/____/dri za'i bu mo dbyangs can ma la bstod/____/rnam mang rigs kyi kha dog dkar dmar sngo/____/phyag mtshan sna tshogs 'dzin pas 'dod dgu sbyin/____/gtso dang 'khor gyi rnam 'gyur cir yang ston/____/sgyu 'phrul chen mo khyod la bdag bstod do/____/brtse ldan dbyangs kyi rgyal mor bstod pa'i mthus/____/skye dang tshe rab phreng ba thams cad du/____/rgyal ba sras dang bcas la bstod dbyangs kyi/____/rol mo sgrogs la mtshungs zla med par shog__/'chad mkhas sgra dbyangs dpal mo'i ljags thob cing /____/sdebs legs rtsom pa'i snyan 'gyur mkhas yid 'phrog__/rtsod pa'i ral gris log smra'i ro 'dzin gcod/____/rgyal ba'i bstan la bya ba byed nus shog__/mngon par mtho ba'i rten bzang rnyed tsam na/____/bla ma swa ra swa stI yid la zhugs/____/zab dang rgya che myur ba'i shes rab rnams/____/rang bzhin gshis la ngang gis 'jug par shog__/rdo rje btsun mo rdo rje dbyangs can ma'i/____/rdo rje'i rnal 'byor rdo rje'i mchog grub nas/____/rdo rje 'dzin 'chang rdo rje'i rigs kyi bdag__/rdo rje'i sa bgrod rdo rje'i sku brnyes shog__/dbyangs can lha mor bstod pa'i phreng /____/me sprel rgyal zla'i tshes bzang por/____/'phags pa'i yul gyi pirma yar/____/tshangs pa'i ral klungs ngogs su sbyar/____/dge bas bdag gzhan sems can kun/____/rmongs ba'i drwa ba kun 'bral nas/____/blo gros chen po'i spobs pa rgyas/____/shes bya thams cad mkhyen gyur cig__/__//_

Footnotes

Other Information