DKR-KABUM-23-'A-024

From Khyentse Lineage - A Tsadra Foundation Project
Revision as of 17:40, 15 December 2022 by Mort (talk | contribs) (Text replacement - "23-'A-" to "23-A-")
(diff) ← Older revision | Latest revision (diff) | Newer revision → (diff)

སེང་ཆེན་དགྲ་བླའི་རྒྱལ་པོའི་དགྲ་ཆོས་ཁྱེར་བདེ་དྲག་སྔགས་དམོད་པའི་འཕྲུལ་འཁོར་འཕུང་བཤིག་དུག་གི་སྒྱོགས་མདའ༔
Wylie title seng chen dgra bla'i rgyal po'i dgra chos khyer bde drag sngags dmod pa'i 'phrul 'khor 'phung bshig dug gi sgyogs mda' DKR-KABUM-23-A-024.pdf
Location dil mgo mkhyen brtse bka' 'bum
Volume 23, Text 24, Pages 441-458 (Folios 1a to 9b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Seng chen dgra bla'i rgyal po'i dgra chos khyer bde drag sngags dmod pa'i 'phrul 'khor 'phung bshig dug gi sgyogs mda'. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 441-458. Delhi: Shechen Publications, 1994.
Genre Ritual and Liturgical Texts - cho ga phyag len
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
Colophon

གེ་སར་སྒྲུབ་སྐོར་ཆོས་ཚན་འདི་དག་གི་མ་ཕྱི་དབུ་མེད་བྲིས་མ་ཡིག་ནོར་མང་ཙམ་ཡོད་པ་ཞིག་ལས་མེད་པ་ལ་གཞི་བཅོལ་ནས། ལྷག་པའི་འདུན་པ་བཟང་པོས་ཞུ་དག་གི་སྲི་ཞུ་བགྱིད་པ་པོ་ནི་པད་བཀོད་ཀྱི་སྒམ་སྤྲུལ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མ་སྟེ་དགེ་ཞིང་ཤིས་པར་གྱུར་ཅིག།

ge sar sgrub skor chos tshan 'di dag gi ma phyi dbu med bris ma yig nor mang tsam yod pa zhig las med pa la gzhi bcol nas/_lhag pa'i 'dun pa bzang pos zhu dag gi sri zhu bgyid pa po ni pad bkod kyi sgam sprul 'gyur med o rgyan bstan 'dzin nyi ma ste dge zhing shis par gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
དྷཱིཿ།༔ སེང་ཆེན་དགྲ་བླའི་རྒྱལ་པོའི་དགྲ་ཆོས་ཁྱེར་བདེ་དྲག་སྔགས་དམོད་པའི་འཕྲུལ་འཁོར་འཕུང་བཤིག་དུག་གི་སྒྱོགས་མདའ་ཞེས་བྱ་བ་བཞུགས༔

དྷཱིཿ།༔ ན་མོ་པདྨ་རཱ་ཛ་བྷྱཿཤྲཱི་ནི་བི་ཛ་ཡནྟུ༔ བསྟན་འགྲོར་འཚེ་བའི་ནག་ཕྱོགས་དགྲ་དཔུང་ལྡང་བ་དང་གཡུལ་དྲག་པོ་བཀྱེ་བ་རང་ལ་གློ་བུར་དུ་དགྲ་བྱུང་བ་སོགས་དགོས་པའི་ཚེ༔ དམར་གཏོར་ཟུར་གསུམ་ཤ་ཁྲག་གིས་བརྒྱན་པ་བཤམས༔ གེ་སར་དགྲ་བླའི་གསོལ་མཆོད་ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་རྒྱས་པར་བཏང་མཐར༔ གཏོར་འགུགས་བསྒྲལ་དམིགས་བཅས་ཀྱི་མཐར་རྔ་བརྡུངས་ནས༔ བསྐུལ་དངོས་ནི༔ ཀྱེ༔ ཀ་དག་རིག་པའི་ཡེ་ཤེས་པདྨ་སྐྱེས༔ ལྷུན་གྲུབ་སྒྱུ་འཕྲུལ་སེང་ཆེན་དགྲ་བླའི་རྒྱལ༔ རིག་གསུམ་ཞི་ཁྲོ་གཅིག་ཏུ་འདུས་པའི་དཔྱིད༔ གེ་སར་ནོར་བུ་དགྲ་འདུལ་དཔའ་བོའི་སྐུ༔ ངོ་བོ་རང་བྱུང་སངས་རྒྱས་མཚོ་ལས་འཁྲུངས༔ སྣང་སྲིད་ཟིལ་གནོན་ཨོ་རྒྱན་ཐོད་ཕྲེང་རྩལ༔ དགོངས་བརྡ་སྙན་བརྒྱུད་བླ་མ་ཀུན་འདུས་པ༔ དྲག་ཏུ་ཁྲོས་པ་དམར་ནག་མེ་ལྕེའི་ཕྲེང༔ སྐུ་གསུང་ཐུགས་དང་ཕྲིན་ལས་དཔལ་ཆེན་བཞི༔ ཚད་མེད་ཌཱ་ཀི་མེ་དབལ་ཁྱུང་དང་སྡིག༔ མ་རུངས་སྡེ་བརྒྱད་དྲེགས་པའི་དཔུང་གི་ཚོགས༔ དབང་དྲག་དུས་ཀྱི་ཕོ་ཉ་འཁོར་དང་བཅས༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བསྟན་འགྲོར་འཁུ་བའི་དམ་ཉམས་དགྲ་བགེགས་སྒྲོལ༔ སེང་ཆེན་དཔའ་བོའི་སྣང་སྟོང་སྐུ་ཡི་དབྱིངས༔ འཇམ་དཔལ་སྲོག་གི་བདག་པོ་ཡ་མ་རི༔ ཚེ་འཆི་སྲོག་བདག་མོན་བདུད་མ་གཤིན་སྡེ༔ ཁམས་གསུམ་སྐྱེ་འགྲོ་ཟས་སུ་ཟ་བའི་བདག༔ སྲིད་ཞིའི་ཕྱག་རྒྱ་ཟིལ་གྱིས་གནོན་མཛད་པའི༔ འཕུང་བཤིག་ངན་སྔགས་དུག་གི་སྤུ་གྲིའི་ཚོགས༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བསྟན་འགྲོར་འཁུ་བའི་དམ་ཉམས་དགྲ་བགེགས་སྒྲོལ༔ བཞད་པ་བརྒྱད་ལྡན་ཝེར་མའི་གསུང་གི་གདངས༔ དབང་དྲག་ཡེ་ཤེས་རོལ་པ་དཔལ་གྱི་ལྷ༔ རྟ་མཆོག་དམར་ནག་ཁམས་བརྒྱ་དམུས་ལོང་ཁྱི༔ སྤྱང་ཁྱུང་འབྲུག་བཞི་གསེར་གྱི་མ་མོ་དང༔ སྣང་སྲིད་སྡེ་བརྒྱད་གིང་ལང་བརྟན་མར་བཅས༔ འབུམ་ཕྲག་མཁའ་འགྲོ་དྲེགས་པའི་དམག་གི་དཔུང༔ སྲིད་ཞིའི་སྤྱི་དཔལ་འཁོར་དང་བཅས་པ་ཡང༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བསྟན་འགྲོར་འཁུ་བའི་དམ་ཉམས་དགྲ་བགེགས་སྒྲོལ༔ སྐྱེས་མཆོག་དཔའ་བོའི་འཇིགས་བྲལ་ཐུགས་ཀྱི་ཀློང༔ ཡང་དག་གྲུབ་པ་དཔལ་ཆེན་ཧེ་རུ་ཀ མཐར་བྱེད་རྡོ་རྗེ་གཏུམ་པོ་ཁྲོ་བོའི་རྗེ༔ ཁྱུང་ཆེན་ཀེའུ་སེང་དབང་ཕྱུག་ཉི་ཤུ་བརྒྱད༔ བདུད་རྩི་ཡོན་ཏན་ཕུར་པ་ཕྲིན་ལས་རོལ༔ མངོན་རྫོགས་མཆོད་བསྟོད་དྲག་སྔགས་དཀྱིལ་འཁོར་སོགས༔ ཆོས་ཉིད་ཞི་བ་རྡོ་རྗེ་དབྱིངས་ཀྱི་རྩལ༔ ཆོས་ཅན་རོལ་པ་སྒྲུབ་སྡེ་བརྒྱད་ལ་སོགས༔ འཇིག་རྟེན་འཇིག་རྟེན་འདས་པའི་ཁྲོ་བོའི་སྤྲིན༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བསྟན་འགྲོར་འཁུ་བའི་དམ་ཉམས་དགྲ་བགེགས་སྒྲོལ༔ མི་མཆོག་བདེ་སྟོང་ཆོ་འཕྲུལ་དྭངས་སྨན་གཟུགས༔ གནམ་ཞལ་དབྱིངས་ཕྱུག་རྡོ་རྗེ་ཁྲོས་མ་ནག༔ སེངྷ་མུ་ཁ་ལྷ་མོ་འོད་ཟེར་ཅན༔ མྱུར་མ་དཔའ་མོ་རིག་བྱེད་ཌཱ་ཀིའི་རྒྱལ༔ གཙུག་གཏོར་གདུགས་དཀར་ཇོ་མོ་ཁྲོ་གཉེར་ཅན༔ འབུམ་ཕྲག་མཁའ་འགྲོ་བརྟན་མ་བཅུ་གཉིས་སོགས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་སྟོབས་ཀྱི་ལྷ༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བསྟན་འགྲོར་འཁུ་བའི་དམ་ཉམས་དགྲ་བགེགས་སྒྲོལ༔ དགྲ་བླའི་མཐུ་རྩལ་རྣོ་མྱུར་ཕྲིན་ལས་གར༔ ལྷ་ཆེན་སྲིན་པོ་ལེགས་ལྡན་ཚོགས་ཀྱི་བདག༔ སྔགས་ཀྱི་སྲུང་མ་མོ་རྒྱུད་མ་མོའི་དཔུང༔ གཉིས་མེད་ཡེ་ཤེས་སྟོབས་ལྡན་མ་ནིང་ནག༔ སྡེ་དཔོན་སུམ་ཅུ་སྔགས་བདག་བཅོ་བརྒྱད་སོགས༔ ཡེ་ཤེས་འཇིག་རྟེན་རྒྱུད་གསུམ་སྲུང་མ་དང༔ གནས་གཏེར་གཞི་བདག་ཡུལ་སྐྱོང་མཐུ་ཆེན་རྣམས༔ ཡེ་ཤེས་དབྱིངས་ནས་ཐུགས་རྗེའི་སྟོབས་བསྐྱེད་ལ༔ བསྟན་འགྲོར་འཁུ་བའི་དམ་ཉམས་དགྲ་བགེགས་སྒྲོལ༔ རྩ་གསུམ་ཀུན་འདུས་སེང་ཆེན་ཡིད་བཞིན་རྒྱལ༔ དཔའ་བོ་བདུད་དགྲ་བདུད་དཔུང་འདུལ་བའི་གཤེད༔ ཀླ་ཀློ་མཐར་བྱེད་དྲག་པོ་འཁོར་ལོ་ཅན༔ རྡོ་རྗེ་རྣོན་པོ་ཤེས་རབ་རལ་གྲི་ཐོགས༔ ལག་ན་རྡོ་རྗེ་དཔའ་བོའི་མཚོན་འཆང་བ༔ དཔག་མེད་བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བྱེད་པའི་མགོན༔ གདུལ་དཀའ་སྙིགས་མའི་སེམས་ཅན་འདུལ་བའི་སྐྱབས༔ སངས་རྒྱས་ཆོས་ཀྱི་བསྟན་པའི་སྲུང་མ་ཆེ༔ གྲགས་ཆེན་སྙན་གྲགས་ཕྱོགས་ལས་རྣམ་རྒྱལ་ལྷ༔ སྲིད་གསུམ་འཇིགས་བྱེད་ཕ་རོལ་གནོན་པ་པོ༔ མུ་སྟེགས་རི་དྭགས་དགྲ་ལས་རྒྱལ་བའི་མཆོག༔ འཁོར་ལོས་སྒྱུར་བ་རྫུ་འཕྲུལ་སྣ་ཚོགས་འཆང༔ དམག་དཔོན་ཆེན་པོ་ནོར་བུ་དགྲ་འདུལ་ཞེས༔ ཛམ་བུ་གླིང་གི་རྒྱན་གཅིག་རྨད་བྱུང་བ༔ སྲ་མཁྲེགས་རྡོ་རྗེའི་གོ་ཆ་ཡ་ལད་ཅན༔ ཕྱག་གཡས་སྦ་ལྕག་བསམ་པའི་དོན་འགྲུབ་ལས༔ འཇིགས་རུང་སྤྲུལ་པའི་དམག་དཔུང་ཆར་ལྟར་འབེབས༔ གཡོན་པའི་མདུང་མོ་ཁམས་གསུམ་དགྲ་འདུལ་ལས༔ དགྲ་བླ་ཝེར་མ་དཔའ་རྔམ་སྲིད་གསུམ་འགེངས༔ དབང་ཆེན་རྡོ་རྗེའི་རྐྱང་རྒོད་ཕེར་པོ་འཆིབ༔ རྫུལ་འཕྲུལ་རྐང་བཞིས་རབ་འབྱམས་ཞིང་ཁམས་ཉུལ༔ ཆོས་སྐྱོང་དགྲ་བླ་སྡེ་བརྒྱད་བྲན་དུ་བསྐོལ༔ ཁྱད་པར་སྐུ་ཡི་གཅེན་གཅིག་ཞལ་དཀར་འབུམ༔ རབ་བརྗིད་སྐུ་མཆོག་འཇིགས་བྱེད་སེང་ལྟར་འགྱིངས༔ ཡ་ཟི་སྐར་མདས་ཉམས་པའི་མགོ་བོ་འབྲེག༔ རང་འདྲའི་དཔུང་ཆེན་རྒྱུ་སྐར་འབུམ་བཞིན་བཀྲ༔ སྐུ་སྲུང་སྒ་བདེའི་ཆོས་སྐྱོང་བེར་ནག་ཅན༔ ཕོ་རྒྱུད་མགོན་པོའི་དམག་ཚོགས་མུན་ལྟར་སྤྲོ༔ ཐུན་ཟོར་སྒྱོགས་མདས་དགྲ་སྡེ་ལྷ་དང་དབྱེ༔ ནག་ཕྱོགས་དམ་ཉམས་བརླག་པའི་དམོད་ངན་འུར༔ དབང་ཆེན་ཁྲོ་རྒྱལ་བསྐལ་པའི་མེ་ལྕེའི་མདོག༔ སྨར་སྨིན་ཨག་ཚོམ་འབར་བའི་ཚ་ཚ་འཕྲོ༔ དམོད་པའི་ཟོར་མདས་རྒྱལ་བསེན་རྡུལ་དུ་རློག༔ སྲིན་གྲི་འཁྱུག་མས་ཉམས་པའི་ལུས་སྲོག་འབྲལ༔ ལྷ་དམག་སྣ་ཁྲིད་འདན་མ་ཐོག་རྒོད་རྩལ༔ བདུད་དམག་མེ་ཡི་ཁ་རླངས་ཆར་ལྟར་སྤྲོ༔ གནམ་ལྕགས་མདའ་གཞུས་དགྲ་སྡེའི་དོན་སྙིང་འགེམས༔ གླིང་བཞི་ཉུལ་ཞིང་མཐའ་ཡི་སོ་ཁ་སྲུང༔ ཡབ་གཅིག་སེང་བློན་རི་རྒྱལ་དུད་སྤྲིན་མདོག༔ ཆེ་བརྗིད་དཔའ་བོའི་དམག་དཔུང་རླུང་ལྟར་འཚུབ༔ ཀུན་ཀྱང་འགུ་ཟིའི་ཐོག་ཆར་དགྲ་ལ་འབེབས༔ རྟ་དཀར་སྟེང་ན་གློག་གི་གར་སྟབས་རྩེ༔ གཡས་ནས་ཆེ་རྒྱུད་ཉི་འབུམ་དར་ཡག་རྩལ༔ གནོད་སྦྱིན་འབུམ་གྱི་དམག་དཔུང་སེར་ལྟར་འབེབས༔ ཀུན་ཀྱང་གསེར་མདོག་དུག་མདའི་མཚོན་ཆ་དང༔ རྡོ་རྗེའི་ཐོག་གི་བུ་ཡུག་དགྲ་ལ་རྒྱབ༔ གཡོན་ནས་འབྲིང་རྒྱུད་དཔའ་བའི་སེང་གེ་ཆེ༔ བཙན་རྗེ་འབུམ་གྱི་དམག་ཚོགས་མེ་བཞིན་འབར༔ ཐམས་ཅད་ཁྲག་མདོག་ལྕགས་མདའི་འཕྲུལ་འཁོར་ཅན༔ ཆོ་འཕྲུལ་རྟ་དམག་འབུམ་གྱིས་དགྲ་ཡུལ་འགེེངས༔ མདུན་ནས་འབུམ་སྲས་དགྲ་ལྷ་རྩེ་རྒྱལ་ཆེ༔ ལྷ་དམག་འབུམ་གྱི་ཕོ་ཉ་སྤྲིན་ལྟར་འཁྲིགས༔ མདའ་མདུང་རལ་གྲིའི་མཚོན་ཆ་རྡུལ་ལྟར་འཚུབས༔ གིང་དང་སྤྲུལ་པས་དགྲ་སྡེའི་དཔལ་འབྱོར་འཇོམས༔ རྒྱབ་ནས་ཆུང་རྒྱུད་རིན་ཆེན་དར་ལུ་ནི༔ གཤིན་རྗེའི་དམག་ཚོགས་ཁྲག་གི་མཚོ་ལྟར་འཕྱུར༔ འཆོར་མེད་དུས་ཀྱི་ཞགས་པ་དགྲ་ལ་འདེབས༔ བདུད་དང་མོན་པའི་ཕོ་ཉ་ཕྱོགས་བཅུར་འགྱེད༔ སོ་པ་གུང་པའི་སྐྱ་ཁྲ་མིག་རྣོན་ཅན༔ དགྲ་བླ་ཝེར་མའི་དཔུང་ཆེན་ཉི་བཞིན་འབར༔ དུས་དྲུག་སྡང་མིག་གློག་ཞགས་ཕྱོགས་བཅུར་འཕེན༔ བདུད་སྡེའི་གབ་སྐུང་ཚང་ནས་ཐོགས་མེད་འབྱིན༔ དགྲ་བོའི་སྲོག་ལེན་ཨ་དཀར་ཚངས་པ་ཆེ༔ སྲོག་བདག་རྒྱལ་པོའི་དམག་དཔུང་རླུང་ལྟར་འཁྱུག༔ དགྲ་སྲིན་མཐར་བྱེད་འོད་དང་འབག་སེང་འགྱེད༔ སྨྱོ་འབོག་ནང་དམེའི་འཁོར་ལོའི་འཁོན་པ་སྦྱོར༔ ཉམས་པའི་དབུགས་སྡུད་སྣང་གསལ་གཡུ་ཡི་སྟག༔ སྣང་སྲིད་མ་མོའི་དམག་དཔུང་འབུམ་གྱིས་བསྐོར༔ ཁ་རླངས་ནད་ཀྱི་རྐྱལ་པས་དགྲ་ཡུལ་ཁེངས༔ རྒྱུག་འགྱེལ་རིམས་ཀྱིས་ཡུལ་ཁམས་ཕུང་ལ་སྦྱོར༔ མགྱོགས་པའི་རླུང་གཤོག་གདོང་བཙན་ཨ་དཔལ་མཆོག༔ ཁྱབ་འཇུག་སྡོང་ཟླས་སྟོང་གསུམ་སྐད་ཅིག་བསྐོར༔ ཐོག་སེར་ཀིང་ཀང་འབེབས་པའི་སྣ་འདྲེན་ཅིང༔ བརྣག་པའི་དགྲ་བོར་འཕྲད་པས་ཧུར་ཐུམ་གསོད༔ གཞོན་ནུ་གཏུམ་པོ་ཀླུ་མགོ་སྔོན་པོ་ཡང༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་དམག༔ སྡོམ་སྡིག་སྤྲུལ་པའི་ན་བུན་བར་མེད་འཕྱོ༔ མཛེ་ཤུ་རྨ་འབྲས་ནད་ཀྱི་རྐྱལ་པ་འབེབས༔ དར་འཕེན་དུག་སྡོང་དམུ་ཡི་དམག་སྤྲིན་འཁྲིགས༔ དགྲ་བོའི་དབང་པོ་འཐིབས་ལྐུགས་དམུ་རྫིང་སྐྱིལ༔ དུག་རླངས་འབར་བས་ཡུལ་ཀུན་བྱིངས་བྱེད་ཅིང༔ དགྲ་སྲོག་འཕྲོག་པའི་མདུང་གི་ཞགས་པ་འཕེན༔ སེང་སྟག་དོམ་བུ་དཔའ་བོའི་གད་རྒྱངས་ཅན༔ ཐེའུ་རང་བྱེ་བའི་དཔུང་གིས་སྲིད་གསུམ་འགེངས༔ ནག་པོའི་རྩ་ལག་ཟས་ནོར་དཔལ་ཀུན་འཕྲོག༔ འཕུང་བྱེད་འགོང་པོའི་རྟེན་མཁར་དགྲ་ལ་འཆོས༔ མདོར་ན་སེང་ཆེན་དགྲ་འདུལ་རྒྱལ་པོ་ཡི༔ ཕུ་ནུ་དཔའ་ཐུལ་འཁོར་དང་དམག་གི་དཔུང༔ སྣང་སྲིད་དགྲ་བླ་ཝེར་མའི་དཀྱིལ་འཁོར་ཆེ༔ མ་ལུས་སྡེ་དང་བཅས་པ་ཐམས་ཅད་པ༔ གནམ་ས་བར་སྣང་སྤྲུལ་པའི་དམག་གིས་ཁེངས༔ ལ་ལ་དགུང་སྔོན་ནམ་མཁའི་མཐོངས་ནས་རྒྱུ༔ ཐང་དཀར་དང་རུའི་རྒོད་འཕྲུ་པུ་རུ་རུ༔ དཔའ་བོའི་གྲགས་སྙན་གཡུ་འབྲུག་རོལ་དུ་འཁྲིད༔ ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་འཕྱར༔ ལ་ལ་ལྷུན་ཆགས་རི་བོའི་རྩེ་ལ་རྒྱུ༔ དར་དཀར་འཕྲུ་བཙུག་བ་དན་ལྷབས་སེ་ལྷབ༔ དཔའ་བརྗིད་སྟག་སེང་ངར་མ་རོལ་དུ་འཁྲིད༔ གཞན་སྡེ་ཟིལ་གྱིས་གནོན་པའི་གད་རྒྱངས་སྒྲོག༔ ལ་ལ་རྦ་ཀླུང་འཁྲུགས་པའི་ཆུ་ལ་འགྲིམ༔ གནམ་ལྕགས་ངར་མའི་ཁྲབ་བྱང་སི་ལི་ལི༔ ཟིན་ནས་མི་ལྡོག་ཆུ་སྲིན་རོལ་དུ་འཁྲིད༔ འཆོར་མེད་ཞགས་པའི་འཕྲུལ་ཆེན་འཁྱུགས་སེ་འཁྱུག༔ ལ་ལ་བདེ་ཡངས་ས་གཞིར་རླུང་ལྟར་འཚུབ༔ རྣོ་ངར་མཚོན་ཆའི་འཁོར་ལོ་ཀྱི་ལི་ལི༔ དཔའ་མཛངས་ཁྱུང་ཆེན་ཁྲ་སྤྱང་རོལ་དུ་འཁྲིད༔ བང་ཁ་རླུང་དང་རྩེ་བའི་སྒྱུ་རྩལ་སྟོན༔ ཐམས་ཅད་ཐུགས་དམ་དུས་ལས་མ་གཡེལ་བར༔ རྡོ་རྗེའི་ཞེ་སྡང་རྔམས་པའི་རྩལ་ཤུགས་སྐྱེད༔ གཡུལ་ལ་མགུ་ཞིང་དམག་གི་ལས་ལ་དགྱེས༔ ཀི་ལ་འདུ་ཞིང་བསྭོ་དང་ཆ་སྒྲ་སྒྲོག༔ ནམ་མཁའི་མཐོངས་རྒྱུ་ལྷོ་སྤྲིན་གོས་སུ་གྱོན༔ ཉི་ཟླའི་མིག་བསྒྲད་ཁ་རླངས་ན་བུན་འཚུབ༔ རྒྱུ་སྐར་ཁྲབ་གྱོན་ཐོག་སེར་མཚོན་དུ་འབེབས༔ གཡུ་འབྲུག་རྟར་ཞོན་བ་དན་གློག་ཞགས་ཐོགས༔ ལྷ་ཆེན་གཟའ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད༔ འཇིགས་བྱེད་དགུ་དང་རྒྱལ་ཆེན་བཞི་ལ་སོགས༔ སྟེང་ཕྱོགས་ལྷ་ཡི་དམག་གི་དཔུང་ཚོགས་ཀྱི༔ སྣ་འདྲེན་ཕུ་བོ་དུང་ཁྱུང་དཀར་པོ་སོགས༔ དམག་དཔུང་བྱེ་བ་འབུམ་ཕྲག་དགྲ་ལ་ཆོས༔ ས་སྟེང་འཇིགས་བྲལ་སེང་ཆེན་རྡོ་རྗེའི་མཚན༔ ལན་མེད་གཤིན་རྗེའི་ཞགས་པ་ཆེན་པོ་ནི༔ སྒེག་པའི་གོ་མཚོན་རྩི་ཤིང་ནགས་ལྟར་གཟིང༔ དཔའ་བའི་ཁྲོ་གཉེར་རྒྱ་མཚོའི་རླབས་བཞིན་འཁྲུག༔ འཇིགས་སུ་རུང་བའི་དུག་རླངས་འཚུབ་ཅིང་འབར༔ ལྕགས་ཀྱི་མདའ་གཞུ་ཕྱག་གི་རྩེ་ནས་བསྐོར༔ ཆིབས་སུ་དབང་ཆེན་རྐྱང་རྒོད་ཕེར་པོ་འཆིབ༔ ཕྱོགས་མཚམས་འཇིག་རྟེན་ཁམས་སུ་བསྐྱོད་ཙ་ན༔ སྡེ་བརྒྱད་གཉན་གྱི་དམག་ཆེན་རླུང་ལྟར་འཚུབ༔ ཕ་ཡབ་གེར་མཛོ་ཕྱོགས་སྐྱོང་དམག་དཔོན་བཅས༔ སྡིག་ཅན་སྡང་བའི་དགྲ་འདི་དེ་རིང་ཡ༔ ས་འོག་འཇིག་རྟེན་ཁམས་སུ་ཉུལ་བའི་ཚེ༔ རུ་སྦལ་བེར་བཀླུབས་སྦྲུལ་སྡིག་རྒྱན་ཆ་རྔམ༔ རླུང་དམར་རྟར་ཞོན་མཛེ་ཡི་ཁ་རླངས་ཅན༔ དུག་ཁྲག་རྒྱ་མཚོ་འཁྱིལ་བའི་རྦ་ལ་རྒྱུགས༔ ས་བདག་ཀླུ་གཉན་བྱེ་བའི་དཔུང་གི་སྡེ༔ ཀླུ་ཆེན་བརྒྱད་དང་ཀླུ་སྦྲུལ་འོད་འབྱུང་གི༔ དམག་དཔོན་དང་བཅས་ཆུ་བོའི་གཞུང་འཁྲིལ་ཏེ༔ དམ་ཉམས་ལོག་འདྲེན་སྟེང་དུ་ད་ལྟ་རྒྱུག༔ དམག་སྣ་མགྱོགས་པའི་སོ་ཁ་དེ་རུ་ཐོབ༔ འཕུང་བྱེད་དམག་གི་དཔུང་ཆེན་ད་ལྟ་ཆོས༔ ཕོ་རྒྱུད་དགྲ་བོའི་ཤ་ལ་རྔམས་ཟས་གྱིས༔ མོ་རྒྱུད་སྲོག་ཆོད་ཁྲག་གི་དྭངས་མ་རྔུབས༔ དབུག་ལེན་ཤན་པས་བཀྲག་མདངས་གཟི་བརྗིད་སྡུས༔ སྟོབས་མཐུ་ཚེ་དཔལ་སྡེ་བརྒྱད་དམག་གིས་ཕྲོག༔ དཔའ་བོས་བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ ཆོ་འཕྲུལ་ལྟས་ངན་ཡོ་ལངས་དཀྲུག་ཤིང་གྱིས༔ དགྲ་འདུལ་སྙན་པའི་བ་དན་མ་བསྒྲེང་ན༔ ཁྱེད་ལ་མཐུ་སྟོབས་ཡོད་པ་རྫུན་དུ་ཟད༔ ནག་ཕྱོགས་དམ་ལོག་འདྲེ་འདི་མ་བསྒྲལ་ན༔ སྔོན་གྱི་དམ་བཅའ་གཉན་པོ་དོན་རེ་ཆུང༔ སྔགས་འཆང་ཆེ་བའི་རུ་མཚོན་མ་འཕྱར་ན༔ ཚེ་གཅིག་བརྟེན་མཆོད་དོན་འབྲས་གང་ཞིག་ལགས༔ སྡིག་ཅན་དགྲ་དང་གཉིས་སུ་མ་དམིགས་པའི༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ དགྲ་བླ་ཝེར་མའི་དམག་ཚོགས་ཐམས་ཅད་པས༔ གང་ལ་དམིགས་པའི་ལས་ངན་དམ་ཉམས་དགྲ༔ རྡོ་རྗེ་རྣོན་པོའི་ལྕགས་ཀྱུ་སྙིང་ལ་ཐོབ༔ འཆོར་མེད་གཤིན་རྗེའི་ཞགས་པས་ཡན་ལག་ཆིངས༔ འབིགས་བྱེད་མདུང་གིས་དོན་སྙིང་ཕྱེ་མར་ཐོབ༔ འབར་བའི་རལ་གྲིས་དགྲ་མགོ་གྲམ་བུར་རྡོལ༔ རྣོ་ངར་མདའ་མོས་ནང་ཁྲོལ་ཐང་ལ་ཕོས༔ སྤྱན་གྱི་ཉི་ཟླས་དགྲ་མཁར་ཡུལ་མེད་སྲེགས༔ དྲག་སྔགས་དམོད་པས་ནད་མཚོན་དུག་ཆར་ཕོབ༔ ཤངས་ཀྱི་རླུང་མདས་དཔལ་འབྱོར་ཐལ་བར་གཏོར༔ བལྟ་བྱེད་མིག་གི་རྣོ་སོ་ཕྱི་ལ་ཐོན༔ མྱུར་བདེའི་སྨྲ་ལྕེ་རྡོ་རྗེའི་རལ་གྲིས་ཆོད༔ དམག་སྣ་ཉམས་པའི་དགྲ་བོའི་སྟེང་དུ་དྲོངས༔ སྤྲུལ་པའི་ཕོ་ཉ་མྱུར་དུ་ལས་ལ་ཆོས༔ སྨོན་ལམ་ལོག་པའི་ནག་ཕྱོགས་བདུད་སྲིན་ཧོར༔ བསམ་ངན་དུག་གི་ཧ་ལོའི་འཁྲི་ཤིང་ཆོད༔ སྦྱོར་རྩུབ་མཚོན་གྱི་འཁོར་ལོའི་རྣོ་ངར་སོད༔ མིང་མེད་ཐལ་བའི་རྡུལ་དུ་མ་བརླག་ན༔ ལས་ངན་སྡིག་ཅན་དགྲ་བོ་འདི་རྣམས་ཀྱིས༔ རིག་འཛིན་རྡོ་རྗེ་སློབ་དཔོན་ཐུགས་རྒྱུད་དཀྲུག༔ སྐལ་ལྡན་རྡོ་རྗེའི་སྤུན་ལ་བརྙས་ཤིང་སྡང༔ ལས་འབྲས་ཁྱད་བསད་སངས་རྒྱས་བསྟན་པ་བཤིག༔ དགེ་འདུན་འདུ་བའི་སྒོ་འཕྲོག་ལུང་རྟོགས་སྣུབ༔ ཉེས་མེད་དོ་བསྡོ་གསང་སྔགས་ཆོས་ལ་གཤེ༔ ཁྲེལ་མེད་སྤྱོད་པས་དགེ་བཅུའི་བཀའ་ཁྲིམས་དབྲལ༔ ལེགས་སྤྱོད་ཅན་ལ་ལྷག་པར་སྡང་བ་ཡི༔ བདུད་རིགས་སྙིང་ཞུགས་མཐའ་མིའི་ལྟ་སྤྱོད་འཆང༔ བསྟན་པ་ནང་བཤིག་སེར་ཆགས་མཚོན་ཆ་འཆང༔ ལོག་སྨོན་ཤུགས་བདོ་ངན་དགུ་མགོ་འཕང་མཐོ༔ སྤྱོད་ངན་སྣ་དགུས་ཐུབ་པའི་བསྟན་པ་བཤིག༔ ཟབ་མོའི་སྨིན་གྲོལ་བརྐུ་ཐབས་སྦྱོར་བས་ལེན༔ དམ་ཚིག་ཆུ་བོར་རྨ་འབེབས་ཡ་ག་སྒྲོག༔ ཁ་དཀར་སྙིང་ནག་བློ་གཏད་སྙིང་རྐུ་ཞིང༔ ཕྲིན་ལས་རྟེན་འབྲེལ་ལེགས་ཉེས་བསྣོལ་བྱེད་པའི༔ དམ་སྲིའི་རིགས་ཅན་མི་དང་མི་མ་ཡིན༔ མཐའ་ཡི་དམག་དཔུང་རྒྱལ་བསེན་འདྲེ་ཡི་ཚོགས༔ གང་དུ་འདུག་པ་ཡེ་ཤེས་སྤྱན་གྱིས་ལྟོས༔ དཀར་ནག་མི་བསླུའི་རྒྱུ་འབྲས་གནམ་ཐིག་ཕོབ༔ ཉམས་པ་རྩད་གཅོད་དྲག་པོའི་ཕྲིན་ལས་ཀྱིས༔ མངོན་སྤྱོད་དམོད་པའི་ཐོག་མདའ་མྱུར་དུ་ཕོབ༔ དགྲ་འདུལ་ལས་ཀྱི་ཕོ་ཉ་འབུམ་ཕྲག་གིས༔ སྡིག་ཅན་ཉམས་པ་བདུན་ལྡན་ཞིང་བཅུའི་ཚོགས༔ མཛངས་འཕྲུལ་བློ་གྲོས་འཐིབ་རྨུག་མུན་པར་ཆུགས༔ བསོད་ནམས་རླུང་རྟའི་བ་དན་ས་འོག་སྣུབས༔ དཔའ་བའི་སྙིང་སྟོབས་བསྐལ་མེས་རྩྭ་བཞིན་སྲེགས༔ ལྷ་སྲུང་ནུས་པ་རང་གཤེད་རང་ལ་ལྡོག༔ ཡུན་རིང་ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མའི་དུས་ལ་སོད་ཅིག་ཆོམས༔ བདུད་ཧོར་དཔུང་གི་བསྟན་པ་མ་སྨད་ན༔ སྙིགས་མའི་རང་མདངས་ནག་པོའི་ཤུགས་བདོ་བས༔ སངས་རྒྱས་བསྟན་པའི་དབུ་འཕང་སྨད་ཏ་རེ༔ བསྟན་སྲུང་ཡིན་ན་ད་ནི་ལས་ལ་ཆོས༔ བསྐུལ་ཀྱང་མི་མྱུར་བརྟེན་ཀྱང་དོན་མེད་ན༔ བསྟན་འཛིན་གྲོགས་སུ་རེ་བ་ཆུད་རེ་ཟོས༔ བུ་ཆུས་གཉེར་ཁ་ཕ་ཡིས་མ་བཟུང་ན༔ འཇིགས་མེད་དཔའ་བོའི་མཚོན་གྱི་ཅི་ཞིག་བགྱི༔ རང་དོན་ཕྲ་མོར་ཞེན་པའི་ཀུན་རྟོག་གིས༔ ཁྱོད་ལ་ཡུས་པའི་འོ་དོད་མ་ལགས་ཏེ༔ བསྟན་པའི་རུ་མཚོན་དགུང་ནས་འགྱེལ་བ་འདི༔ སྒྲིབ་མེད་འབར་བའི་སྤྱན་གྱིས་མ་གཟིགས་སམ༔ མཐའ་མིའི་དཔུང་གིས་དབུས་སུ་རྒོལ་བ་འདི༔ བསྟན་སྲུང་དྲེགས་པའི་ཐུགས་ཀྱིས་མ་དགོངས་སམ༔ རིག་འཛིན་བརྒྱུད་པའི་རྡོ་རྗེའི་བཀའ་རྟགས་དེ༔ ཁྱེད་རྣམས་སྤྱི་བོར་བཅིངས་པ་མི་དྲན་ནམ༔ དམ་ཅན་སྲུང་མའི་མཐུ་སྟོབས་བསྐལ་མེའི་ཤུགས༔ བསྐུལ་བའི་རླུང་གིས་སྦྲན་འདི་མ་བསྙེལ་བར༔ མི་བཟད་མངོན་སྤྱོད་འབར་བའི་བརྟུལ་ཞུགས་ཀྱིས༔ དཀར་ཕྱོགས་རྣམ་པར་རྒྱལ་བའི་སྟོབས་སྐྱེད་ཅིག༔ བསྟན་མཆོག་འཛིན་སྤེལ་སྐྱོང་བའི་གྲོགས་སུ་བྱོན༔ ལུང་རྟོགས་ཆབ་སྲིད་དགུང་དང་མཉམ་པར་མཛོད༔ དམ་ལོག་མཐའ་ཡི་དམག་དཔུང་རྡུལ་དུ་རློག༔ རྒྱབ་བརྟེན་དམ་སྲི་རྒྱལ་བསེན་འགོང་པོ་ཐུལ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཀུན༔ ཡེ་ཤེས་རྡོ་རྗེ་སྲུང་བའི་གུར་དུ་ཚུད༔ སྔོན་བསུ་རྒྱབ་སྐྱེལ་ཉིན་སྲུང་མཚན་སྐྱོབ་ཅིང༔ ཚེ་བསོད་སྟོབས་དྲག་དངོས་གྲུབ་སྤྲིན་དུ་སྐྱིལ༔ ཁམས་གསུམ་ཟིལ་གནོན་རང་བྱུང་ཧེ་རུ་ཀ༔ འཇིགས་བྱེད་པདྨ་རྒྱལ་པོའི་ཡེ་ཤེས་ཀློང༔ འདུ་འབྲལ་མེད་པའི་ངོ་མཚར་རྟེན་འབྲེལ་གྱིས༔ བདུད་བཞིའི་གཡུལ་ལས་རྟག་ཏུ་རྒྱལ་བར་མཛོད༔ ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཡ་མཱནྟ་ཀ་ཧྱ་གྲཱྀ་ཝ་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་དྷརྨ་པཱ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བགེགས་དམ་སྲི་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག་རྦད་ནན༔ ཞེས་བཟླ་བཞིན་དམིགས་པས་གཟིར་ཞིང་གཏོར་མ་དགྲ་ཕྱོགས་སུ་འཕང་སྟེ་ཐལ་མོ་བརྡབ༔ སྲུང་འཁོར་བསྒོམ་ཞིང་མཉམ་ཉིད་ཀྱི་ལྟ་བས་རྒྱས་གདབ་པས༔ བདུད་དགྲ་དབྱིངས་སུ་བསྒྲལ་བའི་ཕྲིན་ལས་ཀྱི་མངོན་རྟགས་མཐོང་བར་གདོན་མི་ཟའོ༔ ས་མ་ཡ༔ གུ་ཧྱ་རྒྱ༔ ཞེས་འདི་སྔགས་ནག་དྲག་པོའི་རྣལ་འབྱོར་པ། །རྟོག་མེད་འོད་གསལ་དབྱིངས་ཀྱི་མཁར་མནལ་ཚེ། །དགྲ་བླ་དགྱེས་པའི་སྤྲིན་ཕུང་གསར་པ་ལ། །འཁྲུལ་སྣང་བརྡ་ཡི་གློག་གར་ཅིར་ཡང་རྩེ། །དེ་ཚེ་ངོ་མཚར་ཚིག་གི་འབྲུག་སྒྲ་ཡང༌། །འཇིགས་བྲལ་མཁྱེན་བརྩེའི་འོད་ཟེར་འབོད་པ་ཡིས། །ནག་ཟླའི་དཀར་ཕྱོགས་རྟེན་འབྱུང་དགེ་བའི་ཆར། །ཕུན་ཚོགས་དར་རྒྱས་གླིང་གི་གཟིམས་སྤྱིལ་དུ། །ཡི་གེར་སྤེལ་འདིས་ལོག་སྨོན་སྡེ་དང་བཅས། །སྒྲོལ་བའི་ལས་ལ་རང་དབང་ཐོབ་ནས་ཀྱང༌། །སྲིད་ཞིའི་སྲོག་འཕྲོག་སྣང་སྲིད་ཟིལ་གནོན་པའི། །མཚོ་སྐྱེས་དགྱེས་པའི་ཕྲིན་ལས་སྒྲུབ་གྱུར་ཅིག །མངྒ་ལཾ་ཤྲཱི་བྷ་ཝནྟུ། དགེའོ།། །། གེ་སར་སྒྲུབ་སྐོར་ཆོས་ཚན་འདི་དག་གི་མ་ཕྱི་དབུ་མེད་བྲིས་མ་ཡིག་ནོར་མང་ཙམ་ཡོད་པ་ཞིག་ལས་མེད་པ་ལ་གཞི་བཅོལ་ནས། ལྷག་པའི་འདུན་པ་བཟང་པོས་ཞུ་དག་གི་སྲི་ཞུ་བགྱིད་པ་པོ་ནི་པད་བཀོད་ཀྱི་སྒམ་སྤྲུལ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མ་སྟེ་དགེ་ཞིང་ཤིས་པར་གྱུར་ཅིག། །།
[edit]

\u0f88\u0f88::_seng chen dgra bla'i rgyal po'i dgra chos khyer bde drag sngags dmod pa'i 'phrul 'khor 'phung bshig dug gi sgyogs mda' zhes bya ba bzhugs: \u0f88\u0f88_na mo pad+ma rA dza b+h+yaHshrI ni bi dza yan+tu:_bstan 'gror 'tshe ba'i nag phyogs dgra dpung ldang ba dang g.yul drag po bkye ba rang la glo bur du dgra byung ba sogs dgos pa'i tshe:_dmar gtor zur gsum sha khrag gis brgyan pa bshams:_ge sar dgra bla'i gsol mchod phrin las phyogs las rnam rgyal rgyas par btang mthar:_gtor 'gugs bsgral dmigs bcas kyi mthar rnga brdungs nas:_bskul dngos ni:_kye:_ka dag rig pa'i ye shes pad+ma skyes:_lhun grub sgyu 'phrul seng chen dgra bla'i rgyal:_rig gsum zhi khro gcig tu 'dus pa'i dpyid:_ge sar nor bu dgra 'dul dpa' bo'i sku:_ngo bo rang byung sangs rgyas mtsho las 'khrungs:_snang srid zil gnon o rgyan thod phreng rtsal:_dgongs brda snyan brgyud bla ma kun 'dus pa:_drag tu khros pa dmar nag me lce'i phreng:_sku gsung thugs dang phrin las dpal chen bzhi:_tshad med DA ki me dbal khyung dang sdig:_ma rungs sde brgyad dregs pa'i dpung gi tshogs:_dbang drag dus kyi pho nya 'khor dang bcas:_ye shes dbyings nas thugs rje'i stobs bskyed la:_bstan 'gror 'khu ba'i dam nyams dgra bgegs sgrol:_seng chen dpa' bo'i snang stong sku yi dbyings:_'jam dpal srog gi bdag po ya ma ri:_tshe 'chi srog bdag mon bdud ma gshin sde:_khams gsum skye 'gro zas su za ba'i bdag:_srid zhi'i phyag rgya zil gyis gnon mdzad pa'i:_'phung bshig ngan sngags dug gi spu gri'i tshogs:_ye shes dbyings nas thugs rje'i stobs bskyed la:_bstan 'gror 'khu ba'i dam nyams dgra bgegs sgrol:_bzhad pa brgyad ldan wer ma'i gsung gi gdangs:_dbang drag ye shes rol pa dpal gyi lha:_rta mchog dmar nag khams brgya dmus long khyi:_spyang khyung 'brug bzhi gser gyi ma mo dang:_snang srid sde brgyad ging lang brtan mar bcas:_'bum phrag mkha' 'gro dregs pa'i dmag gi dpung:_srid zhi'i spyi dpal 'khor dang bcas pa yang:_ye shes dbyings nas thugs rje'i stobs bskyed la:_bstan 'gror 'khu ba'i dam nyams dgra bgegs sgrol:_skyes mchog dpa' bo'i 'jigs bral thugs kyi klong:_yang dag grub pa dpal chen he ru ka_mthar byed rdo rje gtum po khro bo'i rje:_khyung chen ke'u seng dbang phyug nyi shu brgyad:_bdud rtsi yon tan phur pa phrin las rol:_mngon rdzogs mchod bstod drag sngags dkyil 'khor sogs:_chos nyid zhi ba rdo rje dbyings kyi rtsal:_chos can rol pa sgrub sde brgyad la sogs:_'jig rten 'jig rten 'das pa'i khro bo'i sprin:_ye shes dbyings nas thugs rje'i stobs bskyed la:_bstan 'gror 'khu ba'i dam nyams dgra bgegs sgrol:_mi mchog bde stong cho 'phrul dwangs sman gzugs:_gnam zhal dbyings phyug rdo rje khros ma nag:_seng+ha mu kha lha mo 'od zer can:_myur ma dpa' mo rig byed DA ki'i rgyal:_gtsug gtor gdugs dkar jo mo khro gnyer can:_'bum phrag mkha' 'gro brtan ma bcu gnyis sogs:_tshar gcod rjes 'dzin phrin las stobs kyi lha:_ye shes dbyings nas thugs rje'i stobs bskyed la:_bstan 'gror 'khu ba'i dam nyams dgra bgegs sgrol:_dgra bla'i mthu rtsal rno myur phrin las gar:_lha chen srin po legs ldan tshogs kyi bdag:_sngags kyi srung ma mo rgyud ma mo'i dpung:_gnyis med ye shes stobs ldan ma ning nag:_sde dpon sum cu sngags bdag bco brgyad sogs:_ye shes 'jig rten rgyud gsum srung ma dang:_gnas gter gzhi bdag yul skyong mthu chen rnams:_ye shes dbyings nas thugs rje'i stobs bskyed la:_bstan 'gror 'khu ba'i dam nyams dgra bgegs sgrol:_rtsa gsum kun 'dus seng chen yid bzhin rgyal:_dpa' bo bdud dgra bdud dpung 'dul ba'i gshed:_kla klo mthar byed drag po 'khor lo can:_rdo rje rnon po shes rab ral gri thogs:_lag na rdo rje dpa' bo'i mtshon 'chang ba:_dpag med byams dang snying rje'i dkyil 'khor can:_sangs rgyas kun gyi phrin las byed pa'i mgon:_gdul dka' snyigs ma'i sems can 'dul ba'i skyabs:_sangs rgyas chos kyi bstan pa'i srung ma che:_grags chen snyan grags phyogs las rnam rgyal lha:_srid gsum 'jigs byed pha rol gnon pa po:_mu stegs ri dwags dgra las rgyal ba'i mchog:_'khor los sgyur ba rdzu 'phrul sna tshogs 'chang:_dmag dpon chen po nor bu dgra 'dul zhes:_dzam bu gling gi rgyan gcig rmad byung ba:_sra mkhregs rdo rje'i go cha ya lad can:_phyag g.yas sba lcag bsam pa'i don 'grub las:_'jigs rung sprul pa'i dmag dpung char ltar 'bebs:_g.yon pa'i mdung mo khams gsum dgra 'dul las:_dgra bla wer ma dpa' rngam srid gsum 'gengs:_dbang chen rdo rje'i rkyang rgod pher po 'chib:_rdzul 'phrul rkang bzhis rab 'byams zhing khams nyul:_chos skyong dgra bla sde brgyad bran du bskol:_khyad par sku yi gcen gcig zhal dkar 'bum:_rab brjid sku mchog 'jigs byed seng ltar 'gyings:_ya zi skar mdas nyams pa'i mgo bo 'breg:_rang 'dra'i dpung chen rgyu skar 'bum bzhin bkra:_sku srung sga bde'i chos skyong ber nag can:_pho rgyud mgon po'i dmag tshogs mun ltar spro:_thun zor sgyogs mdas dgra sde lha dang dbye:_nag phyogs dam nyams brlag pa'i dmod ngan 'ur:_dbang chen khro rgyal bskal pa'i me lce'i mdog:_smar smin ag tshom 'bar ba'i tsha tsha 'phro:_dmod pa'i zor mdas rgyal bsen rdul du rlog:_srin gri 'khyug mas nyams pa'i lus srog 'bral:_lha dmag sna khrid 'dan ma thog rgod rtsal:_bdud dmag me yi kha rlangs char ltar spro:_gnam lcags mda' gzhus dgra sde'i don snying 'gems:_gling bzhi nyul zhing mtha' yi so kha srung:_yab gcig seng blon ri rgyal dud sprin mdog:_che brjid dpa' bo'i dmag dpung rlung ltar 'tshub:_kun kyang 'gu zi'i thog char dgra la 'bebs:_rta dkar steng na glog gi gar stabs rtse:_g.yas nas che rgyud nyi 'bum dar yag rtsal:_gnod sbyin 'bum gyi dmag dpung ser ltar 'bebs:_kun kyang gser mdog dug mda'i mtshon cha dang:_rdo rje'i thog gi bu yug dgra la rgyab:_g.yon nas 'bring rgyud dpa' ba'i seng ge che:_btsan rje 'bum gyi dmag tshogs me bzhin 'bar:_thams cad khrag mdog lcags mda'i 'phrul 'khor can:_cho 'phrul rta dmag 'bum gyis dgra yul 'ge+engs:_mdun nas 'bum sras dgra lha rtse rgyal che:_lha dmag 'bum gyi pho nya sprin ltar 'khrigs:_mda' mdung ral gri'i mtshon cha rdul ltar 'tshubs:_ging dang sprul pas dgra sde'i dpal 'byor 'joms:_rgyab nas chung rgyud rin chen dar lu ni:_gshin rje'i dmag tshogs khrag gi mtsho ltar 'phyur:_'chor med dus kyi zhags pa dgra la 'debs:_bdud dang mon pa'i pho nya phyogs bcur 'gyed:_so pa gung pa'i skya khra mig rnon can:_dgra bla wer ma'i dpung chen nyi bzhin 'bar:_dus drug sdang mig glog zhags phyogs bcur 'phen:_bdud sde'i gab skung tshang nas thogs med 'byin:_dgra bo'i srog len a dkar tshangs pa che:_srog bdag rgyal po'i dmag dpung rlung ltar 'khyug:_dgra srin mthar byed 'od dang 'bag seng 'gyed:_smyo 'bog nang dme'i 'khor lo'i 'khon pa sbyor:_nyams pa'i dbugs sdud snang gsal g.yu yi stag:_snang srid ma mo'i dmag dpung 'bum gyis bskor:_kha rlangs nad kyi rkyal pas dgra yul khengs:_rgyug 'gyel rims kyis yul khams phung la sbyor:_mgyogs pa'i rlung gshog gdong btsan a dpal mchog:_khyab 'jug sdong zlas stong gsum skad cig bskor:_thog ser king kang 'bebs pa'i sna 'dren cing:_brnag pa'i dgra bor 'phrad pas hur thum gsod:_gzhon nu gtum po klu mgo sngon po yang:_klu 'bum gnyan khri sa bdag stong gi dmag:_sdom sdig sprul pa'i na bun bar med 'phyo:_mdze shu rma 'bras nad kyi rkyal pa 'bebs:_dar 'phen dug sdong dmu yi dmag sprin 'khrigs:_dgra bo'i dbang po 'thibs lkugs dmu rdzing skyil:_dug rlangs 'bar bas yul kun byings byed cing:_dgra srog 'phrog pa'i mdung gi zhags pa 'phen:_seng stag dom bu dpa' bo'i gad rgyangs can:_the'u rang bye ba'i dpung gis srid gsum 'gengs:_nag po'i rtsa lag zas nor dpal kun 'phrog:_'phung byed 'gong po'i rten mkhar dgra la 'chos:_mdor na seng chen dgra 'dul rgyal po yi:_phu nu dpa' thul 'khor dang dmag gi dpung:_snang srid dgra bla wer ma'i dkyil 'khor che:_ma lus sde dang bcas pa thams cad pa:_gnam sa bar snang sprul pa'i dmag gis khengs:_la la dgung sngon nam mkha'i mthongs nas rgyu:_thang dkar dang ru'i rgod 'phru pu ru ru:_dpa' bo'i grags snyan g.yu 'brug rol du 'khrid:_phyogs las rnam par rgyal ba'i ru mtshon 'phyar:_la la lhun chags ri bo'i rtse la rgyu:_dar dkar 'phru btsug ba dan lhabs se lhab:_dpa' brjid stag seng ngar ma rol du 'khrid:_gzhan sde zil gyis gnon pa'i gad rgyangs sgrog:_la la rba klung 'khrugs pa'i chu la 'grim:_gnam lcags ngar ma'i khrab byang si li li:_zin nas mi ldog chu srin rol du 'khrid:_'chor med zhags pa'i 'phrul chen 'khyugs se 'khyug:_la la bde yangs sa gzhir rlung ltar 'tshub:_rno ngar mtshon cha'i 'khor lo kyi li li:_dpa' mdzangs khyung chen khra spyang rol du 'khrid:_bang kha rlung dang rtse ba'i sgyu rtsal ston:_thams cad thugs dam dus las ma g.yel bar:_rdo rje'i zhe sdang rngams pa'i rtsal shugs skyed:_g.yul la mgu zhing dmag gi las la dgyes:_ki la 'du zhing bswo dang cha sgra sgrog:_nam mkha'i mthongs rgyu lho sprin gos su gyon:_nyi zla'i mig bsgrad kha rlangs na bun 'tshub:_rgyu skar khrab gyon thog ser mtshon du 'bebs:_g.yu 'brug rtar zhon ba dan glog zhags thogs:_lha chen gza' brgyad rgyu skar nyi shu brgyad:_'jigs byed dgu dang rgyal chen bzhi la sogs:_steng phyogs lha yi dmag gi dpung tshogs kyi:_sna 'dren phu bo dung khyung dkar po sogs:_dmag dpung bye ba 'bum phrag dgra la chos:_sa steng 'jigs bral seng chen rdo rje'i mtshan:_lan med gshin rje'i zhags pa chen po ni:_sgeg pa'i go mtshon rtsi shing nags ltar gzing:_dpa' ba'i khro gnyer rgya mtsho'i rlabs bzhin 'khrug:_'jigs su rung ba'i dug rlangs 'tshub cing 'bar:_lcags kyi mda' gzhu phyag gi rtse nas bskor:_chibs su dbang chen rkyang rgod pher po 'chib:_phyogs mtshams 'jig rten khams su bskyod tsa na:_sde brgyad gnyan gyi dmag chen rlung ltar 'tshub:_pha yab ger mdzo phyogs skyong dmag dpon bcas:_sdig can sdang ba'i dgra 'di de ring ya:_sa 'og 'jig rten khams su nyul ba'i tshe:_ru sbal ber bklubs sbrul sdig rgyan cha rngam:_rlung dmar rtar zhon mdze yi kha rlangs can:_dug khrag rgya mtsho 'khyil ba'i rba la rgyugs:_sa bdag klu gnyan bye ba'i dpung gi sde:_klu chen brgyad dang klu sbrul 'od 'byung gi:_dmag dpon dang bcas chu bo'i gzhung 'khril te:_dam nyams log 'dren steng du da lta rgyug:_dmag sna mgyogs pa'i so kha de ru thob:_'phung byed dmag gi dpung chen da lta chos:_pho rgyud dgra bo'i sha la rngams zas gyis:_mo rgyud srog chod khrag gi dwangs ma rngubs:_dbug len shan pas bkrag mdangs gzi brjid sdus:_stobs mthu tshe dpal sde brgyad dmag gis phrog:_dpa' bos bsad rtags don snying khyer la shog:_cho 'phrul ltas ngan yo langs dkrug shing gyis:_dgra 'dul snyan pa'i ba dan ma bsgreng na:_khyed la mthu stobs yod pa rdzun du zad:_nag phyogs dam log 'dre 'di ma bsgral na:_sngon gyi dam bca' gnyan po don re chung:_sngags 'chang che ba'i ru mtshon ma 'phyar na:_tshe gcig brten mchod don 'bras gang zhig lags:_sdig can dgra dang gnyis su ma dmigs pa'i:_sha khrag dmar gyi gtor ma 'di longs la:_dgra bla wer ma'i dmag tshogs thams cad pas:_gang la dmigs pa'i las ngan dam nyams dgra:_rdo rje rnon po'i lcags kyu snying la thob:_'chor med gshin rje'i zhags pas yan lag chings:_'bigs byed mdung gis don snying phye mar thob:_'bar ba'i ral gris dgra mgo gram bur rdol:_rno ngar mda' mos nang khrol thang la phos:_spyan gyi nyi zlas dgra mkhar yul med sregs:_drag sngags dmod pas nad mtshon dug char phob:_shangs kyi rlung mdas dpal 'byor thal bar gtor:_blta byed mig gi rno so phyi la thon:_myur bde'i smra lce rdo rje'i ral gris chod:_dmag sna nyams pa'i dgra bo'i steng du drongs:_sprul pa'i pho nya myur du las la chos:_smon lam log pa'i nag phyogs bdud srin hor:_bsam ngan dug gi ha lo'i 'khri shing chod:_sbyor rtsub mtshon gyi 'khor lo'i rno ngar sod:_ming med thal ba'i rdul du ma brlag na:_las ngan sdig can dgra bo 'di rnams kyis:_rig 'dzin rdo rje slob dpon thugs rgyud dkrug:_skal ldan rdo rje'i spun la brnyas shing sdang:_las 'bras khyad bsad sangs rgyas bstan pa bshig:_dge 'dun 'du ba'i sgo 'phrog lung rtogs snub:_nyes med do bsdo gsang sngags chos la gshe:_khrel med spyod pas dge bcu'i bka' khrims dbral:_legs spyod can la lhag par sdang ba yi:_bdud rigs snying zhugs mtha' mi'i lta spyod 'chang:_bstan pa nang bshig ser chags mtshon cha 'chang:_log smon shugs bdo ngan dgu mgo 'phang mtho:_spyod ngan sna dgus thub pa'i bstan pa bshig:_zab mo'i smin grol brku thabs sbyor bas len:_dam tshig chu bor rma 'bebs ya ga sgrog:_kha dkar snying nag blo gtad snying rku zhing:_phrin las rten 'brel legs nyes bsnol byed pa'i:_dam sri'i rigs can mi dang mi ma yin:_mtha' yi dmag dpung rgyal bsen 'dre yi tshogs:_gang du 'dug pa ye shes spyan gyis ltos:_dkar nag mi bslu'i rgyu 'bras gnam thig phob:_nyams pa rtsad gcod drag po'i phrin las kyis:_mngon spyod dmod pa'i thog mda' myur du phob:_dgra 'dul las kyi pho nya 'bum phrag gis:_sdig can nyams pa bdun ldan zhing bcu'i tshogs:_mdzangs 'phrul blo gros 'thib rmug mun par chugs:_bsod nams rlung rta'i ba dan sa 'og snubs:_dpa' ba'i snying stobs bskal mes rtswa bzhin sregs:_lha srung nus pa rang gshed rang la ldog:_yun ring lo dang zla bar ma bzhag par:_zhag dang za ma'i dus la sod cig choms:_bdud hor dpung gi bstan pa ma smad na:_snyigs ma'i rang mdangs nag po'i shugs bdo bas:_sangs rgyas bstan pa'i dbu 'phang smad ta re:_bstan srung yin na da ni las la chos:_bskul kyang mi myur brten kyang don med na:_bstan 'dzin grogs su re ba chud re zos:_bu chus gnyer kha pha yis ma bzung na:_'jigs med dpa' bo'i mtshon gyi ci zhig bgyi:_rang don phra mor zhen pa'i kun rtog gis:_khyod la yus pa'i 'o dod ma lags te:_bstan pa'i ru mtshon dgung nas 'gyel ba 'di:_sgrib med 'bar ba'i spyan gyis ma gzigs sam:_mtha' mi'i dpung gis dbus su rgol ba 'di:_bstan srung dregs pa'i thugs kyis ma dgongs sam:_rig 'dzin brgyud pa'i rdo rje'i bka' rtags de:_khyed rnams spyi bor bcings pa mi dran nam:_dam can srung ma'i mthu stobs bskal me'i shugs:_bskul ba'i rlung gis sbran 'di ma bsnyel bar:_mi bzad mngon spyod 'bar ba'i brtul zhugs kyis:_dkar phyogs rnam par rgyal ba'i stobs skyed cig:_bstan mchog 'dzin spel skyong ba'i grogs su byon:_lung rtogs chab srid dgung dang mnyam par mdzod:_dam log mtha' yi dmag dpung rdul du rlog:_rgyab brten dam sri rgyal bsen 'gong po thul:_bdag cag dpon slob 'khor dang bcas pa kun:_ye shes rdo rje srung ba'i gur du tshud:_sngon bsu rgyab skyel nyin srung mtshan skyob cing:_tshe bsod stobs drag dngos grub sprin du skyil:_khams gsum zil gnon rang byung he ru ka:_'jigs byed pad+ma rgyal po'i ye shes klong:_'du 'bral med pa'i ngo mtshar rten 'brel gyis:_bdud bzhi'i g.yul las rtag tu rgyal bar mdzod:_oM ma hA seng+ha ma Ni rA dza ha hA hi hI he hA+e ho hA+o ya mAn+ta ka h+ya gr-I wa he ru ka maN+Da la sa pa ri wA ra d+harma pA la a ya ma du ru tsa sha na dgra bgegs dam sri mA ra ya b+h+yo b+h+yo zlog zlog rbad nan:_zhes bzla bzhin dmigs pas gzir zhing gtor ma dgra phyogs su 'phang ste thal mo brdab:_srung 'khor bsgom zhing mnyam nyid kyi lta bas rgyas gdab pas:_bdud dgra dbyings su bsgral ba'i phrin las kyi mngon rtags mthong bar gdon mi za'o:_sa ma ya:_gu h+ya rgya:_zhes 'di sngags nag drag po'i rnal 'byor pa/_/rtog med 'od gsal dbyings kyi mkhar mnal tshe/_/dgra bla dgyes pa'i sprin phung gsar pa la/_/'khrul snang brda yi glog gar cir yang rtse/_/de tshe ngo mtshar tshig gi 'brug sgra yang*/_/'jigs bral mkhyen brtse'i 'od zer 'bod pa yis/_/nag zla'i dkar phyogs rten 'byung dge ba'i char/_/phun tshogs dar rgyas gling gi gzims spyil du/_/yi ger spel 'dis log smon sde dang bcas/_/sgrol ba'i las la rang dbang thob nas kyang*/_/srid zhi'i srog 'phrog snang srid zil gnon pa'i/_/mtsho skyes dgyes pa'i phrin las sgrub gyur cig_/mang+ga laM shrI b+ha wan+tu/_dge'o//_//_ge sar sgrub skor chos tshan 'di dag gi ma phyi dbu med bris ma yig nor mang tsam yod pa zhig las med pa la gzhi bcol nas/_lhag pa'i 'dun pa bzang pos zhu dag gi sri zhu bgyid pa po ni pad bkod kyi sgam sprul 'gyur med o rgyan bstan 'dzin nyi ma ste dge zhing shis par gyur cig/_//

Footnotes

Other Information