DKR-KABUM-22-ZA-012

From Khyentse Lineage - A Tsadra Foundation Project
Revision as of 17:48, 13 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་གསོལ་བྱང་༔
Wylie title bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i gsol byang DKR-KABUM-22-ZA-012.pdf
Location dil mgo mkhyen brtse bka' 'bum
Volume 22, Text 12, Pages 136-148 (Folios 1a to 13b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་, དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (mchog gyur gling pa, Khyentse, Dilgo)
Citation Khyentse, Dilgo. Bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i gsol byang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 136-148. Delhi: Shechen Publications, 1994.
Genre Activity Manual - las byang  ·  Protector Rituals - gsol mchod
Cycle ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་ (yum bka' da ki'i srog tig)
Parent Cycle བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ (bka' brgyad bde gshegs kun 'dus)
Deity zhing skyong ma mo
Colophon

ཅེས་པའང་མེ་ཁྱི་ལོར་རིག་པའི་ཀློང་དུ་གསལ་བའི་ཞིང་སྐྱོང་མ་མོའི་གསོལ་ཕྲིན་ཞིག་བྱུང་བ་ཅུང་ཟད་གཏན་ལ་ཕབ་ཀྱང་འཚུབ་གཉན་ཆེ་བས་རེ་ཞིག་གསང་རྒྱས་བཏབ་ཏེ་བཞག་པ་ས་གཏེར་ཞིག་ཏུ་འབྱུང་སྙམ་པ་ཤར་ཞིང༌། མེ་ཕག་ཟླ་བའི་སྐོར་ལ་བཀའ་བརྒྱད་ཡུམ་བཀའི་ཤོག་སེར་བརྡ་སྒྱུར་སྐབས་དེའི་བཀའ་སྲུང་དུ་ཚིག་དོན་ཕལ་ཆེར་མཐུན་པ་དང༌། མ་གཅིག་ཞིང་སྐྱོང་དབང་མོས་ཀྱང་འཁྲུལ་སྣང་དུ་གཟུགས་བསྟན་ཞིང་གསང་སྒོ་འབྱེད་པར་བསྐུལ་བས་སྦས་ཡུལ་དཔེ་མེད་ཀྱི་ལྟེ་བར་སྨིན་གྲོལ་ནོར་བུ་གླིང་གི་གཙུག་ལག་ཁང་དུ་གཏེར་འབྱིན་རིག་པ་འཛིན་པའི་དབང་ཕྱུག་མཆོག་གྱུར་བདེ་ཆེན་གླིང་པའི་སྐུ་གདུང་རིན་པོ་ཆེ་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་སྤྱན་སྔར་ཁྲག་འཐུང་གར་གྱི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པས་གསང་ཆེན་སྙིང་པོའི་བསྟན་པའི་དཔུང་གཉེན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།།

ces pa'ang me khyi lor rig pa'i klong du gsal ba'i zhing skyong ma mo'i gsol phrin zhig byung ba cung zad gtan la phab kyang 'tshub gnyan che bas re zhig gsang rgyas btab te bzhag pa sa gter zhig tu 'byung snyam pa shar zhing*/_me phag zla ba'i skor la bka' brgyad yum bka'i shog ser brda sgyur skabs de'i bka' srung du tshig don phal cher mthun pa dang*/_ma gcig zhing skyong dbang mos kyang 'khrul snang du gzugs bstan zhing gsang sgo 'byed par bskul bas sbas yul dpe med kyi lte bar smin grol nor bu gling gi gtsug lag khang du gter 'byin rig pa 'dzin pa'i dbang phyug mchog gyur bde chen gling pa'i sku gdung rin po che ye shes sems dpa' dngos su bzhugs pa'i spyan sngar khrag 'thung gar gyi dbang phyug pad+ma 'od gsal mdo sngags gling pas gtan la phab pas gsang chen snying po'i bstan pa'i dpung gnyen du gyur cig_/sarba dA mang+ga laM/_dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༁ྃ༔ བཀའ་བརྒྱད་བདེ་གཤེགས་ཀུན་འདུས་ཀྱི་ཡུམ་བཀའ་ཌཱ་ཀིའི་སྲོག་ཏིག་གི་བཀའ་སྲུང་ཞིང་སྐྱོང་མ་མོའི་གསོལ་བྱང་བཞུགས༔ ༁ྃ༔ ༔༔༔བརྡ་ཡིག༔༔༔༔ དཔལ་ཆེན་དཀྱིལ་འཁོར་གཙོ་ལ་འདུད༔ ངེས་གསང་བླ་མེད་གདམས་པའི་ཆོས༔ ཉམས་སུ་ལེན་པའི་སྐྱེས་བུ་ནི༔ བཀའ་ཡི་སྲུང་མ་མཆོད་འདོད་ན༔ དུར་ཁྲོད་ལ་སོགས་དབེན་པ་རུ༔ ལྕགས་སམ་བྷནྡྷའི་སྣོད་ནང་དུ༔ གཏོར་མ་འབྲུ་གསུམ་ཤ་ཁྲག་བརྒྱན༔ སྨན་རཀ་ཉེར་སྤྱོད་མཐུན་རྫས་བཤམས༔ ཧེ་རུ་ཀ་ཡི་ང་རྒྱལ་གྱིས༔ བྱིན་གྱིས་བརླབས་ལ་རྟེན་བསྐྱེད་ནི༔ མདུན་དུ་དུར་ཁྲོད་དྲག་པོའི་ཞིང་ཁམས་ས་གཞི་ཀེང་རུས་ཀྱི་རི་བོ༔ མཚོན་ཆའི་ནགས་ཚལ༔ ཁྲག་གི་ཆུ་རྒྱུན༔ དུག་གི་རྒྱ་མཚོ༔ མེ་དུད་རླུང་སྤྲིན་འཁྲིགས་པ༔ རོ་གསར་རྙིང་གཅལ་དུ་བཀྲམ་པ་ལ་གཅན་གཟན་བྱ་ཁྱི་རྒྱུ་བའི་དབུས་སུ༔ ཐོད་མཁར་བསྭེ་ཡི་ཁ་བད་ཅན༔ ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས་སུ་སྲིན་པོའི་བོང་བུ་གྭ་དམར་ཞིང་ལྤགས་ཀྱི་སྟན་ཐོད་སྐམ་གྱི་སྒ་ཡི་སྟེང་དུ་བྷྱོཿལས་མ་གཅིག་དཀོར་གྱི་བདག་མོ་ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་སྐུ་མདོག་མཐིང་ནག་མུན་པ་ལྟར་གནག་པ༔ སྐེམ་རིད་མི་སྡུག་པའི་གཟུགས་ཀྱིས་སྒེག་ཅིང༔ ཕྱག་གཡས་གནམ་ལྕགས་ཀྱི་རལ་གྲི་ཕྱར་ཞིང་གཡོན་པས་ཕུར་བུ་འདྲིལ་བ༔ ཐོད་སྐམ་གྱི་དབུ་རྒྱན་དང་མགོ་ཕྲེང༔ རེ་ལྡེའི་སྨད་གཡོགས༔ རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ༔ ཞབས་གཉིས་བཙན་སྐྱིལ་གྱིས་རོལ་པ༔ སྤྱི་བོར་རལ་པའི་སྐྲ་གསེབ་ཏུ་ཟླ་བ༔ ལྟེ་བར་ཉི་མ༔ སྙན་ལ་སྦྲུལ་དང་སེང་གེ༔ སྔ་ཤ་ལ་ནད་རྐྱལ༔ ཕྱི་ཤ་ལ་མཚོན་གྲུ༔ རྐེད་པར་ཁྲམ་ཤིང༔ ཤྭ་རྡེའུ་དཀར་ནག་སོགས་མ་མོའི་ཆས་ཡོངས་སུ་རྫོགས་པ༔ མདུན་དུ་སྐུ་ཡི་མ་མོ་དཀར་གསལ་ཞི་འཛུམ་གཞོན་ནུའི་གཟུགས་ཅན༔ དར་དང་ནོར་བུའི་རྒྱན་འཆང་མདའ་དར་དང་མེ་ལོང་བསྣམས་པ༔ གཡས་སུ་ཡོན་ཏན་གྱི་ཌཱ་ཀི་གསེར་མདོག་གནོད་སྦྱིན་གྱི་ཆས་ཅན་ལྕགས་ཀྱུ་དང་བྷནྡྷ་ཐོགས་པ༔ རྒྱབ་ཏུ་གསུང་གི་མཁའ་འགྲོ་མ་དམར་གསལ་ཆགས་པའི་ཉམས་ཅན་གཅེར་བུ་རུས་རྒྱན་གྱིས་སྤྲས་པ་ལྕགས་ཀྱུ་དང་ཨུཏྤལ་དམར་པོའི་ཞགས་པ་འཕེན་པ༔ གཡོན་དུ་ཕྲིན་ལས་ཀྱི་མ་མོ་སྨུག་ནག་དྲེད་མོ་ལ་ཞོན་པ༔ ལག་གཡས་ཞིང་ལྤགས་གཡབ་ཅིང་གཡོན་པས་དགྲ་སྙིང་ཟ་བ༔ འབར་བའི་ཆས་དང་བཅས་ཏེ་མེ་རླུང་འོད་ཟེར་གྱི་ཀློང་ན་རོལ་པའོ༔ དེའི་ཕྱི་རོལ་གྱི་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེའི་ཕོ་ཉ་དཀར་མོ་དུག་སྦྲུལ་ལ་ཞོན་པ༔ རྡོ་རྗེ་རོ་ལངས་ནག་མོ་སྲིན་པོ་ལ་ཞོན་པ༔ རྡོ་རྗེ་དྲག་རྩལ་སེར་ནག་དུར་བྱ་ལ་ཞོན་པ༔ རྡོ་རྗེ་ཀ་ལི་སྨུག་ནག་དོམ་ལ་ཞོན་པ༔ རྡོ་རྗེ་ལག་རིང་ལྗང་སྔོན་ཅེ་སྤྱང་ལ་ཞོན་པ༔ རྡོ་རྗེ་ཤ་ཟན་དམར་ནག་རོ་ལངས་ལ་ཞོན་པ༔ རྡོ་རྗེ་ལས་བྱེད་ནག་མོ་ཤ་བ་ལ་ཞོན་པ༔ རྡོ་རྗེ་རབ་འཇིགས་ལྗང་གུ་འཕར་བ་ལ་ཞོན་པ༔ ཐམས་ཅད་ཀྱང་ཆིབས་དང་མཚུངས་པའི་ཕྲ་མེན་གྱི་གདོང་ཅན་གཡས་དགྲ་སྙིང་དང་གཡོན་མེ་ལོང་བསྣམས་པ་དུར་ཁྲོད་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ༔ གཞན་ཡང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་དུར་ཁྲོད་ཀྱི་ཤ་ཟ་ལས་མཁན་ཀེང་རུས་བྱེ་བ་འབུམ་དང་བཅས་པས་བསྐོར་བ་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ལྷོ་ནུབ་མུན་པ་ཅན་གྱི་དུར་ཁྲོད༔ མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ༔ མཁར་ཆུ་དེ་ཝཱི་ཀོ་ཊ་ནས་མངོན་སུམ་བཞིན་དུ་སྤྱན་དྲངས་པར་གྱུར༔ བྷྱོ༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ མཁའ་འགྲོའི་དབང་ཕྱུག་ངན་ནེ་མ༔ ནོར་བདག་དཀོར་གྱི་སྲུང་མ་ཁྱོད༔ ཡེ་ཤེས་དབྱིངས་ནས་སྐུ་བཞེངས་ཤིག༔ ལས་ཀྱི་ཤན་པ་མི་སྲུན་གཟུགས༔ སྲིན་མོའི་ཚུལ་ཅན་གནས་ཡུལ་སྐྱོང༔ ཆོ་འཕྲུལ་རྣམ་རོལ་མཐའ་ཡས་པས༔ སངས་རྒྱས་བསྟན་པ་བསྲུང་བའི་མ༔ དམ་ཚིག་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གི་གཤེགས་སུ་གསོལ༔ དུར་ཁྲོད་ཆེན་པོ་གཏུམ་དྲག་ནས༔ རྡོ་རྗེའི་ཕོ་ཉ་གཤེགས་སུ་གསོལ༔ དུར་ཁྲོད་ཚང་ཚིང་འཁྲུགས་པ་ནས༔ རྡོ་རྗེ་རོ་ལངས་གཤེགས་སུ་གསོལ༔ དུར་ཁྲོད་འུར་འུར་འབར་བ་ནས༔ རྡོ་རྗེ་དྲག་རྩལ་གཤེགས་སུ་གསོལ༔ དུར་ཁྲོད་འཇིགས་སུ་རུང་བ་ནས༔ ཀ་ལི་ནག་པོ་གཤེགས་སུ་གསོལ༔ དུར་ཁྲོད་ནགས་ཚལ་འཇིགས་རུང་ནས༔ རྡོ་རྗེ་ལག་རིང་གཤེགས་སུ་གསོལ༔ མུན་པ་མི་བཟད་དུར་ཁྲོད་ནས༔ རྡོ་རྗེ་ཤ་ཟན་གཤེགས་སུ་གསོལ༔ དུར་ཁྲོད་ཧ་ཧ་དགོད་པ་ནས༔ ལས་བྱེད་ནག་མོ་གཤེགས་སུ་གསོལ༔ དུར་ཁྲོད་སིངྒ་ལ་ཡུལ་ནས༔ རྡོ་རྗེ་རབ་འཇིགས་གཤེགས་སུ་གསོལ༔ རྣལ་འབྱོར་གདུང་བས་ངེས་བསྐུལ་ན༔ མ་ཐོགས་སྐད་ཅིག་ཡུད་ལ་བྱོན༔ འཁོར་དང་ལས་བྱེད་ཕོ་ཉ་བཅས༔ དམ་ཚིག་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་རཱ་ལི་པྲ་མ་ཡ༔ སི་ལི་མ་ནི་ཛ་ཛཿ ལན་བདུན་བཟླས་ན་དངོས་སུ་འོང༔ ཧཱུྃ༔ རྡོ་རྗེའི་གནས་དང་ཡུལ་སྐྱོང་བའི༔ དཔལ་ལྡན་མ་གཅིག་ངན་ནེ་མ༔ དམ་ཚིག་སྟན་ལ་བཞུགས་ནས་ཀྱང༔ འདོད་པའི་དངོས་གྲུབ་མ་ལུས་སྩོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་ཕག་མོ་རྣལ་འབྱོར་མ༔ རིག་འཛིན་པདྨ་ཐོད་ཕྲེང་དང༔ ཌཱ་ཀིའི་དབང་ཕྱུག་མཚོ་རྒྱལ་མའི༔ སྤྱན་སྔར་རྡོ་རྗེའི་ཐ་ཚིག་བཞིན༔ ལས་ཀྱི་དངོས་གྲུབ་ཐམས་ཅད་ཀུན༔ ཐོགས་པ་མེད་པ་ད་ལྟ་སྩོལ༔ ས་མ་ཡ་ཧོ༔ གདོད་ནས་སྐྱེ་མེད་དབྱིངས་ཀྱི་ཡུམ༔ དཔལ་ལྡན་མཁའ་འགྲོ་དཀྱིལ་འཁོར་སྐྱོང༔ རིག་འཛིན་ཡོངས་ཀྱི་བཀའ་ཡི་འབངས༔ མཉམ་པ་ཆེན་པོའི་ཚུལ་གྱིས་འདུད༔ ན་མོ་ཧཱུྃ༔ མ་ཅིག་ཁྱེད་ལ་མཐུན་པའི་རྫས༔ དམར་ཆེན་ཁྲག་གི་མཆོད་ཡོན་སྦྲེངས༔ ནག་པོ་དུག་གི་ཞབས་བསིལ་བསྐྱིལ༔ དབང་པོ་རྣམ་ལྔའི་མེ་ཏོག་དང༔ ཚིལ་ཆེན་བསྲེགས་པའི་བདུག་སྤོས་ཆེ༔ ཞུན་གྱི་མར་མེ་འོད་ཕྲེང་ཅན༔ མཁྲིས་སྣ་དྲི་ཡི་བྱུག་པ་དང༔ ཤ་རུས་དོན་སྙིང་ཞལ་གྱི་ཟས༔ དྲག་པོ་གསང་བའི་རྔེའུ་ཆུང་སོགས༔ བསམ་མི་ཁྱབ་པའི་མཆོད་པ་ཆེ༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང༔ དངོས་གྲུབ་ཡིད་བཞིན་བསྩལ་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་པདྱཾ་སོགས། ཤབྡ་མ་ཧཱ་རུ་ཏྲ་པཱུ་ཛ་ཧོ༔ བྷྱོ༔ མི་སྲུན་ཤན་པ་ཞིང་སྐྱོང་མ༔ རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་རྗེ༔ ཡེ་ཤེས་དབྱིངས་སུ་ཝཱ་ར་ཧི༔ སྒྱུ་འཕྲུལ་རོལ་པས་དགྱེས་ལ་བསྟོད༔ མཐིང་ནག་མི་སྡུག་སྲིན་མོའི་གཟུགས༔ རལ་གྲི་ཕུར་པས་ཉམས་པ་སྒྲོལ༔ བོང་བུ་ཞོན་ནས་སྟོང་གསུམ་བསྐོར༔ མ་མོ་འབུམ་སྡེའི་གཙོ་ལ་བསྟོད༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་དང༔ ཡོན་ཏན་ཆོ་འཕྲུལ་བསམ་མི་ཁྱབ༔ དུར་ཁྲོད་བརྒྱད་ཀྱི་ངན་ནེ་མ༔ སྤྲུལ་པ་དཔག་ཡས་འགྱེད་ལ་བསྟོད༔ སྣང་སྲིད་བདེ་ཆེན་ཡུམ་གྱི་མཁའ༔ ཀུན་ཀྱང་ལྷན་སྐྱེས་ཕྱག་རྒྱ་ཆེ༔ སྐྱེ་མེད་བདེ་བ་ཆེན་པོའི་དབྱིངས༔ འདུ་འབྲལ་མེད་པར་བསྟོད་པར་བགྱི༔ མདུན་གྱི་མ་མོའི་ཐུགས་ཀ་རུ༔ ཉི་མ་ལ་གནས་བྷྱོཿཡིག་མཐར༔ སྔགས་ཀྱིས་བསྐོར་ལ་བདག་ཐུགས་ཀྱིས༔ རེག་པས་ལས་ཀུན་བསྒྲུབ་པར་བགྱི༔ ཨོཾ་མ་མ་རཱ་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛཿཛཿ ཅི་ནུས་བཟླས་ལ་ཐུགས་དམ་བསྐུལ༔ ཐུན་མཚམས་གཏོར་མ་འབུལ་བྱས་ཏེ༔ བྷྱོ༔ ཡེ་ཤེས་དབྱིངས་སུ་ཨེ་ཀ་ཛཱཿ འདོད་པའི་ཁམས་ན་དཔལ་ལྷ་མོ༔ དུར་ཁྲོད་བརྒྱད་དུ་ངན་ནེ་མ༔ མ་གཅིག་མྱུར་མགྱོགས་རྫུ་འཕྲུལ་ཅན༔ དེ་རིང་མིང་པོས་ལས་ལ་བསྐུལ༔ མ་གཡེལ་ཕྲིན་ལས་མྱུར་དུ་མཛོད༔ དུས་ཀྱི་ཐ་མར་སེམས་ཅན་ལ༔ སྲུང་སྐྱོབ་ཕྲིན་ལས་མི་མཛད་ན༔ སྔོན་གྱི་དམ་ལས་འགལ་ཏ་རེ༔ ཐ་ཚིག་དགོངས་ཏེ་ད་བཞེངས་ཤིག༔ དཀོར་ཆ་སྲུངས་ལ་ཇག་རྐུན་སྒྲོལ༔ གནས་རྟེན་འདི་རུ་བླ་རྡོ་ཆོས༔ རྟེན་གསུམ་ལོངས་སྤྱོད་མེལ་ཚེ་གྱིས༔ ནོར་ཕྱིར་མ་འབྲངས་ཀོ་ལོང་སྡོམས༔ གཟུངས་མར་མ་འཁུ་སྡོང་གྲོགས་མཛོད༔ ཡོན་བདག་བུ་སློབ་སྲུངས་ཤིང་སྐྱོབས༔ སངས་རྒྱས་བསྟན་པ་དར་བ་དང༔ མཁས་བཙུན་དགེ་འདུན་སློབ་མ་སྐྱོངས༔ འདོད་པའི་དོན་ཀུན་ཐོགས་མེད་པར༔ ལས་རྣམས་བྱོས་ཤིག་ས་མ་ཡ༔ ཞེས་བཅོལ་ཕུད་རྣམས་གཙང་སར་འབུལ༔ ཆེད་དུ་དགྲ་ལ་བསྐུལ་འདོད་ན༔ ཐུན་གཏོར་ཤ་ཁྲག་བརྒྱན་པ་ལ༔ དགྲ་བགེགས་འགུགས་བསྟིམ་བསྟབས་ནས་ཀྱང༔ བྷྱོ༔ བྱང་ཤར་མུན་པ་ཅན་གྱི་གནས༔ ཀེང་རུས་ཐོད་པའི་གཞལ་ཡས་ནས༔ དཀོར་གྱི་བདག་མོ་རྫུ་འཕྲུལ་ཅན༔ དོ་ནུབ་བསྐུལ་གྱི་ལས་ལ་བཞེངས༔ ཁྱོད་ནི་ཁམས་གསུམ་དབང་ཕྱུག་སྲས༔ ལྟོ་ན་སྲིད་པ་གསུམ་པོ་འཆང༔ ལག་ན་འབར་བའི་མཚོན་ཆ་ཅན༔ ར་མདའ་སྦྲན་ནོ་མ་གཡེལ་ཅིག༔ སྤྱན་གསུམ་ཁྲག་གི་མཆི་མ་འབབ༔ ངུས་པའི་འོ་དོད་དགྲ་ལ་བོས༔ མི་ལྤགས་གཡང་གཞི་ནད་ཀྱི་ཚང༔ རྡོབས་ཤིག་ཡུལ་ཁམས་ཕུང་ལ་སྦྱོར༔ གནམ་ལྕགས་འབར་བའི་སེན་མོ་ཡིས༔ གློ་ནས་དོན་སྙིང་ད་ལོངས་ཤིག༔ སྤྲུལ་པའི་ཤྭ་ན་མཆེད་སྡེ་ལྔས༔ དགྲ་ཡི་རྟ་ཕྱུགས་མཐའ་ནས་སྡུས༔ ཁ་རླངས་སྐལ་པའི་འཐོར་རླུང་གིས༔ སྣོད་བཅུད་དཔལ་ཀུན་རྩད་ནས་སྐོམས༔ གློག་ལྟར་འཁྱུགས་པའི་ལྗགས་གཡོ་བས༔ རྐན་སྒྲ་དང་བཅས་དགྲ་ཤ་ཟོ༔ ལས་ངན་བསྟན་བཤིག་དམ་ཉམས་འདིས༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཅོམ༔ རྣལ་འབྱོར་བདག་གི་སྒོས་དགྲ་དང༔ ནོར་གྱི་དཀོར་ལ་ཧབ་ཐོབ་བྱས༔ ཚེ་དཔལ་སྙན་གྲགས་ཆུ་ལ་བསྐུར༔ ཕན་པའི་ལན་དུ་གནོད་པ་བསྐྱལ༔ ད་ནི་མ་ཁྱོད་གཡེལ་སྲིད་ན༔ ཚེ་གཅིག་བསྟེན་པ་དོན་རེ་ཆུང༔ གདུང་བའི་ལས་འདི་ཡལ་མ་དོར༔ དོ་ནུབ་ནམ་གྱི་གུང་ཐུན་ལ༔ བླ་རྐུན་ཤན་པ་གཟན་ལ་ཁྱེ༔ ཕོ་ཉ་སྡེ་བརྒྱད་ལས་ལ་ཆོས༔ སྣང་སྲིད་སྤྲུལ་པའི་དམག་གིས་ཁོངས༔ རྟགས་དང་ཆོ་འཕྲུལ་དངོས་སུ་སྟོན༔ བདག་ལ་སྡང་བའི་དགྲ་བྱུང་ན༔ ཕ་ཁུ་ཡིན་ཀྱང་སོད་ལ་ཤོག༔ དམ་ལས་ཉམས་པའི་ལས་བྱས་ན༔ སློབ་མ་ཡིན་ཀྱང་ཁུག་ལ་ཤོག༔ བསྐུལ་པའི་ལས་ལ་ངོ་མ་ལྡོག༔ བཅོལ་པའི་དོན་ལ་བང་མ་བུལ༔ ད་ལྟ་ཉིད་དུ་ལས་ལ་ཆོས༔ སོད་ཅིག་སྒྲོལ་ཅིག་མཱ་ར་ཡ༔ ཐུན་གཏོར་དགྲ་ལ་འཕངས་ནས་ཀྱང༔ དུལ་མོ་བརྡབ་ཅིང་དམོད་མོ་འུར༔ རྟགས་དང་ཆོ་འཕྲུལ་མི་བཟད་པ༔ སྟོན་པས་རང་དོན་བསྐུལ་མི་རུང༔ ས་མ་ཡ༔ ཉམས་ཆག་བསྐང་དང་དགྱེས་པ་སྐྱེད༔ ཐབས་ཀྱི་གསང་བ་མདོས་ཡིན་པས༔ མཐུན་པའི་རྫས་རྣམས་བསགས་ནས་ཀྱང༔ བྱིན་གྱིས་བརླབས་ལ་སྨྲེང་གིས་བསྔོ༔ ཧཱུྃ༔ ང་ནི་མངོན་རྫོགས་ཧེ་རུ་ཀ༔ དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་གཙོ༔ དེ་རིང་རྫས་གཅིག་མི་བསགས་རྒྱུ༔ སྣང་སྲིད་ལྷ་འདྲེ་རྫས་ལ་དགྱེས༔ དེ་ལ་སྨྲེང་གཅིག་མི་གྱེར་རྒྱུ༔ ཡས་རྣམས་ཆད་པ་སྨྲེང་གིས་མཐུད༔ དེ་ནས་ཐབས་ཀྱིས་མི་བསྔོ་རྒྱུ༔ མཆོད་སྦྱིན་མགྲོན་རྣམས་ཚིམ་པའི་ཕྱིར༔ སྔགས་འཆང་རྒྱལ་པོས་གྱེར་གཅིག་བྱ༔ གྱེར་ལ་མཐུན་པའི་རྔ་ཞིག་བརྡུང༔ རྔ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས༔ དབྱིབས་ནི་ཐིག་ལེ་ཉག་གཅིག་མཚོན༔ ངོ་གཉིས་ཐབས་དང་ཤེས་རབ་སྟེ༔ མི་ཕྱེད་རྔ་ཤིང་གཅིག་ཏུ་ཟླུམ༔ རྔ་སྒྲ་གསུང་གི་ཛཔ་ཀྱང་སྒྲོག༔ རྔ་ལྕག་ཡེ་ཤེས་ཐུགས་རྗེའི་རྩལ༔ སྔགས་པས་རྔ་བརྡུང་དེ་ལྟར་བརྡུང༔ ཞི་བའི་རྔ་སྒྲ་སྙན་ལ་དལ༔ རྒྱས་པའི་རྔ་སྒྲ་བརྗིད་ལ་འུར༔ དབང་གི་རྔ་སྒྲ་འཇམ་ལ་སྙན༔ དྲག་པོའི་རྔ་སྒྲ་གཏུམ་ལ་རྔམས༔ ལས་བཞི་ལྷུན་གྱིས་གྲུབ་པའི་རྔ༔ བརྡུང་བས་ལྷ་སྲིན་མ་མོ་འདུ༔ བསྐུལ་བས་མགྲོན་རྣམས་ཡས་ལ་བཞེངས༔ ཡེ་ཤེས་དབྱིངས་ཀྱི་མ་མོ་རྣམས༔ རང་བྱུང་དགོངས་པའི་རྩལ་གྱིས་གཤེགས༔ འཇིག་རྟེན་ཌཱ་ཀིའི་རྗེ་མོ་རྣམས༔ ཕུད་དང་ཡས་ལ་གདུང་བས་གཤེགས༔ དམ་ཚིག་ཤ་ཟའི་མ་མོ་རྣམས༔ དགྱེས་པའི་མགྲོན་དུ་འབོད་ཀྱིས་གཤེགས༔ དམ་ལས་མ་འདའ་ས་མ་ཡ༔ ཐ་ཚིག་བསྒྲགས་ཤིང་བདུད་རྩི་འཐོར༔ བསྔོ་ཞིང་འབུལ་བའི་རིམ་པ་ནི༔ བྷྱོ༔ ཌཱ་ཀིའི་དབང་ཕྱུག་ངན་ནེ་མ༔ དབྱིངས་ཀྱི་མ་མོ་ཨེ་ཀ་ཛཱཿ མཐིང་ནག་སྤྲིན་གྱི་གོ་ཟུ་ཅན༔ ཀུན་ཏུ་བཟང་མོའི་སྤྲུལ་པ་སྟེ༔ འཁོར་འདས་སྐྱེད་དང་སྡུད་པའི་བདག༔ མ་ཁྱོད་སྲིད་ཞིའི་དབང་ཕྱུག་ཕྱིར༔ ཐུགས་དང་མཐུན་པའི་རྫས་ཞིག་འབུལ༔ རི་རབ་གླིང་བཞི་ལྟ་ན་སྡུག༔ སྲིད་པ་གསུམ་གྱི་བཀོད་པ་ཅན༔ མ་མོའི་སྐུ་ཡི་རྟེན་ཡིན་པས༔ སྐུ་ཡི་ཐུགས་དམ་བསྐང་ཕྱིར་འབུལ༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ དར་གྱི་ཅོད་པན་མཛེས་པར་འཕུར༔ སྙན་པའི་གླུ་སྒྲ་སི་ལི་ལི༔ མ་མོའི་གསུང་གི་རྟེན་ཡིན་པས༔ གསུང་གི་ཐུགས་དམ་བསྐང་ཕྱིར་འབུལ༔ ནམ་མཁའ་འཇའ་ཚོན་དྲྭ་བ་རིས༔ ཆོས་ཉིད་སྟོང་པའི་དབྱིངས་ལས་ཤར༔ སྣང་སྟོང་གཉིས་མེད་ཆོ་འཕྲུལ་ལས༔ མ་འགག་བཀོད་པ་ཅིར་ཡང་སྟོན༔ མ་མོའི་ཐུགས་ཀྱི་རྟེན་ཡིན་པས༔ ཐུགས་ཀྱི་དམ་ཚིག་བསྐང་ཕྱིར་འབུལ༔ ལྷ་ཀླུ་མི་ཡི་དཔལ་དང་འབྱོར༔ བྱང་ཆུབ་སེམས་དཔའི་སྨོན་ལམ་དང༔ ཏིང་འཛིན་རོལ་མོའི་འབྱོར་པ་ཅན༔ ཟག་མེད་རྒྱན་གྱི་བཀོད་པ་ཆེ༔ མ་མོའི་ཡོན་ཏན་རྟེན་ཡིན་པས༔ ཡོན་ཏན་ཐུགས་དམ་བསྐང་ཕྱིར་འབུལ༔ གང་ལ་ཇི་ལྟར་འདོད་པའི་དོན༔ འཆར་བའི་འདོད་ཡོན་བསམ་མི་ཁྱབ༔ ལས་ཀུན་ལྷུན་གྲུབ་དམ་ཚིག་རྫས༔ ཞིང་ཁམས་ཆེན་པོའི་བཀོད་པ་ནི༔ མ་མོའི་ཕྲིན་ལས་རྟེན་ཡིན་པས༔ ཕྲིན་ལས་ཐུགས་དམ་བསྐང་ཕྱིར་འབུལ༔ རི་རབ་རི་ཡི་རྩེ་མོ་ན༔ ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཅན༔ ལྷན་སྐྱེས་རྟོགས་པའི་རྒྱན་དུ་འབུལ༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཤར་གྱི་ལུས་འཕགས་གླིང་ཆེན་ནས༔ དཀར་མོ་ཞི་མཛད་རྡོ་རྗེའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ གསེར་སྐྱེམས་གཡུ་སྐྱེམས་གཏོར་མ་བཞེས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་ཡི་འཛམ་བུའི་གླིང་ཆེན་ནས༔ སེར་མོ་རྒྱས་མཛད་རིན་ཆེན་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ རིན་ཆེན་དར་ཟབ་མཆོད་རྫས་བཞེས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་ཀྱི་བ་ལང་སྤྱོད་པ་ན༔ དམར་མོ་དབང་མཛད་པདྨའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ མྱོས་བྱེད་ཛ་གད་གསུར་མཆོད་བཞེས༔ དབང་གི་ལས་ཀུན་འགྲུབ་པར་མཛོད༔ བྱང་གི་སྒྲ་མི་སྙན་གླིང་ནས༔ ལྗང་མོ་དྲག་མཛད་ལས་ཀྱི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ ཤ་ཁྲག་རུས་གཏོར་མཆོད་པ་བཞེས༔ དྲག་པོའི་ལས་ཀུན་འགྲུབ་པར་མཛོད༔ མ་མོ་འཁྲུགས་པ་དབྱིངས་སུ་ཞི༔ མ་མོ་འཁོན་པ་ཀློང་དུ་ཟླུམ༔ མ་མོའི་ཆོ་འཕྲུལ་མཁའ་རུ་ཟློག༔ མ་མོ་དགྱེས་པས་སྐྱོང་བར་མཛོད༔ ནད་དང་ཆོ་འཕྲུལ་རིམས་ཡམས་ཟློག༔ ཚེ་བསོད་རླུང་རྟ་དབང་ཐང་སྐྱེད༔ སྣང་སྲིད་མ་ལུས་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་ཚར་ཆོད་ལ༔ མཁའ་འགྲོ་སྡེ་བརྒྱད་སུན་མ་ཟློག༔ མ་དང་སྲིང་གི་རྩེ་གདུང་སྐྱེད༔ གྲོགས་དང་མཛའ་མོའི་སྙིང་ཡང་ཉེ༔ འབངས་དང་བྲན་མོའི་ལས་གྱིས་ལ༔ བཅོལ་བའི་འབྲས་བུ་མཆིས་པར་མཛོད༔ བྷྱོ༔ ཌཱ་ཀིའི་དབང་ཕྱུག་ངན་ནེ་མ༔ འཇིག་རྟེན་མ་མོ་རང་བྱུང་རྒྱལ༔ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ༔ སྲིད་པ་གསུམ་ན་ཆེ་བའི་མཆོག༔ མ་ཁྱོད་ཤཱཀྱའི་བསྟན་སྲུང་ཕྱིར༔ ཐུགས་དང་མཐུན་པའི་རྫས་ཞིག་འབུལ༔ རི་རབ་གླིང་བཞི་ལྟ་ན་སྡུག༔ སྲིད་པ་གསུམ་གྱི་བཀོད་པ་ཅན༔ མ་མོའི་སྐུ་ཡི་རྟེན་ཡིན་པས༔ སྐུ་ཡི་ཐུགས་དམ་བསྐང་ཕྱིར་འབུལ༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ དར་གྱི་ཅོད་པན་མཛེས་པར་འཕུར༔ སྙན་པའི་གླུ་སྒྲ་སི་ལི་ལི༔ མ་མོའི་གསུང་གི་རྟེན་ཡིན་པས༔ གསུང་གི་ཐུགས་དམ་བསྐང་ཕྱིར་འབུལ༔ ནམ་མཁའ་འཇའ་ཚོན་དྲྭ་བ་རིས༔ ཆོས་ཉིད་སྟོང་པའི་དབྱིངས་ལས་ཤར༔ སྣང་སྟོང་གཉིས་མེད་ཆོ་འཕྲུལ་ལས༔ མ་འགག་བཀོད་པ་ཅིར་ཡང་སྟོན༔ མ་མོའི་ཐུགས་ཀྱི་རྟེན་ཡིན་པས༔ ཐུགས་ཀྱི་དམ་ཚིག་བསྐང་ཕྱིར་འབུལ༔ ལྷ་ཀླུ་མི་ཡི་དཔལ་དང་འབྱོར༔ བྱང་ཆུབ་སེམས་དཔའི་སྨོན་ལམ་དང༔ ཏིང་འཛིན་རོལ་མོའི་འབྱོར་པ་ཅན༔ ཟག་མེད་རྒྱན་གྱི་བཀོད་པ་ཆེ༔ མ་མོའི་ཡོན་ཏན་རྟེན་ཡིན་པས༔ ཡོན་ཏན་ཐུགས་དམ་བསྐང་ཕྱིར་འབུལ༔ གང་ལ་ཇི་ལྟར་འདོད་པའི་དོན༔ འཆར་བའི་འདོད་ཡོན་བསམ་མི་ཁྱབ༔ ལས་ཀུན་ལྷུན་གྲུབ་དམ་ཚིག་རྫས༔ ཞིང་ཁམས་ཆེན་པོའི་བཀོད་པ་ནི༔ མ་མོའི་ཕྲིན་ལས་རྟེན་ཡིན་པས༔ ཕྲིན་ལས་ཐུགས་དམ་བསྐང་ཕྱིར་འབུལ༔ རི་རབ་རི་ཡི་རྩེ་མོ་ན༔ ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཅན༔ ལྷན་སྐྱེས་རྟོགས་པའི་རྒྱན་དུ་འབུལ༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཤར་གྱི་ལུས་འཕགས་གླིང་ཆེན་ནས༔ དཀར་མོ་ཞི་མཛད་རྡོ་རྗེའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ གསེར་སྐྱེམས་གཡུ་སྐྱེམས་གཏོར་མ་བཞེས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་ཡི་འཛམ་བུའི་གླིང་ཆེན་ནས༔ སེར་མོ་རྒྱས་མཛད་རིན་ཆེན་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ རིན་ཆེན་དར་ཟབ་མཆོད་རྫས་བཞེས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་ཀྱི་བ་ལང་སྤྱོད་པ་ན༔ དམར་མོ་དབང་མཛད་པདྨའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ མྱོས་བྱེད་ཛ་གད་གསུར་མཆོད་བཞེས༔ དབང་གི་ལས་ཀུན་འགྲུབ་པར་མཛོད༔ བྱང་གི་སྒྲ་མི་སྙན་གླིང་ནས༔ ལྗང་མོ་དྲག་མཛད་ལས་ཀྱི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ ཤ་ཁྲག་རུས་གཏོར་མཆོད་པ་བཞེས༔ དྲག་པོའི་ལས་ཀུན་འགྲུབ་པར་མཛོད༔ མ་མོ་འཁྲུགས་པ་དབྱིངས་སུ་ཞི༔ མ་མོ་འཁོན་པ་ཀློང་དུ་ཟླུམ༔ མ་མོའི་ཆོ་འཕྲུལ་མཁའ་རུ་ཟློག༔ མ་མོ་དགྱེས་པས་སྐྱོང་བར་མཛོད༔ ནད་དང་ཆོ་འཕྲུལ་རིམས་ཡམས་ཟློག༔ ཚེ་བསོད་རླུང་རྟ་དབང་ཐང་སྐྱེད༔ སྣང་སྲིད་མ་ལུས་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་ཚར་ཆོད་ལ༔ མཁའ་འགྲོ་སྡེ་བརྒྱད་སུན་མ་ཟློག༔ མ་དང་སྲིང་གི་རྩེ་གདུང་སྐྱེད༔ གྲོགས་དང་འཛའ་མོའི་སྙིང་ཡང་ཉེ༔ འབངས་དང་བྲན་མོའི་ལས་གྱིས་ལ༔ བཅོལ་བའི་འབྲས་བུ་མཆིས་པར་མཛོད༔ བྷྱོ༔ ཌཱ་ཀིའི་དབང་ཕྱུག་ངན་ནེ་མ༔ ལས་ཀྱི་མ་མོ་བརྟན་མ་ཆེ༔ ནག་མོ་མི་སྡུག་བདུད་ཀྱི་རིགས༔ མཁའ་ལ་སྤྱོད་པའི་བུ་མོ་བཞི༔ དམར་མོ་རྔམས་པ་གནོད་སྦྱིན་རིགས༔ ས་ལ་སྤྱོད་པའི་བུ་མོ་བཞི༔ དཀར་ཤམ་བཞིན་བཟང་སྨན་མོའི་རིགས༔ ས་འོག་སྤྱོད་པའི་བུ་མོ་བཞི༔ འབུམ་ཕྲག་ཡངས་པའི་འཁོར་གྱི་ཚོགས༔ ནག་སྨུག་ཚོགས་ཀྱིས་ཁམས་གསུམ་ཁྱབ༔ ལས་བྱེད་མཁའ་འགྲོའི་དབང་ཕྱུག་ཕྱིར༔ ཐུགས་དང་མཐུན་པའི་རྫས་ཞིག་འབུལ༔ རི་རབ་གླིང་བཞི་བལྟ་ན་སྡུག༔ སྲིད་པ་གསུམ་གྱི་བཀོད་པ་ཅན༔ མ་མོའི་སྐུ་ཡི་རྟེན་ཡིན་པས༔ སྐུ་ཡི་ཐུགས་དམ་བསྐང་ཕྱིར་འབུལ༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ དར་གྱི་ཅོད་པན་མཛེས་པར་འཕུར༔ སྙན་པའི་གླུ་སྒྲ་སི་ལི་ལི༔ མ་མོའི་གསུང་གི་རྟེན་ཡིན་པས༔ གསུང་གི་ཐུགས་དམ་བསྐང་ཕྱིར་འབུལ༔ ནམ་མཁའ་འཇའ་ཚོན་དྲྭ་བ་རིས༔ ཆོས་ཉིད་སྟོང་པའི་དབྱིངས་ལས་ཤར༔ སྣང་སྟོང་གཉིས་མེད་ཆོ་འཕྲུལ་ལས༔ མ་འགག་བཀོད་པ་ཅིར་ཡང་སྟོན༔ མ་མོའི་ཐུགས་ཀྱི་རྟེན་ཡིན་པས༔ ཐུགས་ཀྱི་དམ་ཚིག་བསྐང་ཕྱིར་འབུལ༔ ལྷ་ཀླུ་མི་ཡི་དཔལ་དང་འབྱོར༔ བྱང་ཆུབ་སེམས་པའི་སྨོན་ལམ་དང༔ ཏིང་འཛིན་རོལ་མོའི་འབྱོར་པ་ཅན༔ ཟག་མེད་རྒྱན་གྱི་བཀོད་པ་ཆེ༔ མ་མོའི་ཡོན་ཏན་རྟེན་ཡིན་པས༔ ཡོན་ཏན་ཐུགས་དམ་བསྐང་ཕྱིར་འབུལ༔ གང་ལ་ཇི་ལྟར་འདོད་པའི་དོན༔ འཆར་བའི་འདོད་ཡོན་བསམ་མི་ཁྱབ༔ ལས་ཀུན་ལྷུན་གྲུབ་དམ་ཚིག་རྫས༔ ཞིང་ཁམས་ཆེན་པོའི་བཀོད་པ་ནི༔ མ་མོའི་ཕྲིན་ལས་རྟེན་ཡིན་པས༔ ཕྲིན་ལས་ཐུགས་དམ་བསྐང་ཕྱིར་འབུལ༔ རི་རབ་རི་ཡི་རྩེ་མོ་ན༔ ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཅན༔ ལྷན་སྐྱེས་རྟོགས་པའི་རྒྱན་དུ་འབུལ༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཤར་གྱི་ལུས་འཕགས་གླིང་ཆེན་ནས༔ དཀར་མོ་ཞི་མཛད་རྡོ་རྗེའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ གསེར་སྐྱེམས་གཡུ་སྐྱེམས་གཏོར་མ་བཞེས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་ཡི་འཛམ་བུའི་གླིང་ཆེན་ནས༔ སེར་མོ་རྒྱས་མཛད་རིན་ཆེན་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ རིན་ཆེན་དར་ཟབ་མཆོད་རྫས་བཞེས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་ཀྱི་བ་ལང་སྤྱོད་པ་ན༔ དམར་མོ་དབང་མཛད་པདྨའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ མྱོས་བྱེད་ཛ་གད་གསུར་མཆོད་བཞེས༔ དབང་གི་ལས་ཀུན་འགྲུབ་པར་མཛོད༔ བྱང་གི་སྒྲ་མི་སྙན་གླིང་ནས༔ ལྗང་མོ་དྲག་མཛད་ལས་ཀྱི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ ཤ་ཁྲག་རུས་གཏོར་མཆོད་པ་བཞེ༔ དྲག་པོའི་ལས་ཀུན་འགྲུབ་པར་མཛོད༔ མ་མོ་འཁྲུགས་པ་དབྱིངས་སུ་ཞི༔ མ་མོ་འཁོན་པ་ཀློང་དུ་ཟླུམ༔ མ་མོའི་ཆོ་འཕྲུལ་མཁའ་རུ་ཟློག༔ མ་མོ་དགྱེས་པས་སྐྱོང་བར་མཛོད༔ ནད་དང་ཆོ་འཕྲུལ་རིམས་ཡམས་ཟློག༔ ཚེ་བསོད་རླུང་རྟ་དབང་ཐང་སྐྱེད༔ སྣང་སྲིད་མ་ལུས་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་ཚར་ཆོད་ལ༔ མཁའ་འགྲོ་སྡེ་བརྒྱད་སུན་མ་ཟློག༔ མ་དང་སྲིང་གི་རྩེ་གདུང་སྐྱེད༔ གྲོགས་དང་འཛའ་མོའི་སྙིང་ཡང་ཉེ༔ འབངས་དང་བྲན་མོའི་ལས་གྱིས་ལ༔ བཅོལ་བའི་འབྲས་བུ་མཆིས་པར་མཛོད༔ བྷྱོ༔ ཌཱ་ཀིའི་དབང་ཕྱུག་ངན་ནེ་མའི༔ འཁོར་དང་བཀའ་ཉན་གསུང་སྡོད་ཚོགས༔ དག་དང་མ་དག་ཅིར་ཡང་སྟོན༔ ཤ་ཟ་ཤུགས་འགྲོ་ཕྲ་མེན་མ༔ སྣང་སྲིད་ཁྱབ་པའི་ཆོ་འཕྲུལ་ཅན༔ མ་ངེས་ཅི་ལྟར་སྣང་ཀུན་ལ༔ ཐུགས་དང་མཐུན་པའི་རྫས་ཞིག་འབུལ༔ རི་རབ་གླིང་བཞི་ལྟ་ན་སྡུག༔ སྲིད་པ་གསུམ་གྱི་བཀོད་པ་ཅན༔ མ་མོའི་སྐུ་ཡི་རྟེན་ཡིན་པས༔ སྐུ་ཡི་ཐུགས་དམ་བསྐང་ཕྱིར་འབུལ༔ དཔག་བསམ་ཤིང་གི་སྡོང་པོ་ལ༔ དར་གྱི་ཅོད་པན་མཛེས་པར་འཕུར༔ སྙན་པའི་གླུ་སྒྲ་སི་ལི་ལི༔ མ་མོའི་གསུང་གི་རྟེན་ཡིན་པས༔ གསུང་གི་ཐུགས་དམ་བསྐང་ཕྱིར་འབུལ༔ ནམ་མཁའ་འཇའ་ཚོན་དྲྭ་བ་རིས༔ ཆོས་ཉིད་སྟོང་པའི་དབྱིངས་ལས་ཤར༔ སྣང་སྟོང་གཉིས་མེད་ཆོ་འཕྲུལ་ལས༔ མ་འགག་བཀོད་པ་ཅིར་ཡང་སྟོན༔ མ་མོའི་ཐུགས་ཀྱི་རྟེན་ཡིན་པས༔ ཐུགས་ཀྱི་དམ་ཚིག་བསྐང་ཕྱིར་འབུལ༔ ལྷ་ཀླུ་མི་ཡི་དཔལ་དང་འབྱོར༔ བྱང་ཆུབ་སེམས་དཔའི་སྨོན་ལམ་དང༔ ཏིང་འཛིན་རོལ་མོའི་འབྱོར་པ་ཅན༔ ཟག་མེད་རྒྱན་གྱི་བཀོད་པ་ཆེ༔ མ་མོའི་ཡོན་ཏན་རྟེན་ཡིན་པས༔ ཡོན་ཏན་ཐུགས་དམ་བསྐང་ཕྱིར་འབུལ༔ གང་ལ་ཇི་ལྟར་འདོད་པའི་དོན༔ འཆར་བའི་འདོད་ཡོན་བསམ་མི་ཁྱབ༔ ལས་ཀུན་ལྷུན་གྲུབ་དམ་ཚིག་རྫས༔ ཞིང་ཁམས་ཆེན་པོའི་བཀོད་པ་ནི༔ མ་མོའི་ཕྲིན་ལས་རྟེན་ཡིན་པས༔ ཕྲིན་ལས་ཐུགས་དམ་བསྐང་ཕྱིར་འབུལ༔ རི་རབ་རི་ཡི་རྩེ་མོ་ན༔ ཡེ་ཤེས་དབྱིངས་ཀྱི་གཞལ་ཡས་ཁང༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཅན༔ ལྷན་སྐྱེས་རྟོགས་པའི་རྒྱན་དུ་འབུལ༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཤར་གྱི་ལུས་འཕགས་གླིང་ཆེན་ནས༔ དཀར་མོ་ཞི་མཛད་རྡོ་རྗེའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ གསེར་སྐྱེམས་གཡུ་སྐྱེམས་གཏོར་མ་བཞེས༔ ཞི་བའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷོ་ཡི་འཛམ་བུའི་གླིང་ཆེན་ནས༔ སེར་མོ་རྒྱས་མཛད་རིན་ཆེན་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ རིན་ཆེན་དར་ཟབ་མཆོད་རྫས་བཞེས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་མཛོད༔ ནུབ་ཀྱི་བ་ལང་སྤྱོད་པ་ན༔ དམར་མོ་དབང་མཛད་པདྨའི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ མྱོས་བྱེད་ཛ་གད་གསུར་མཆོད་བཞེས༔ དབང་གི་ལས་ཀུན་འགྲུབ་པར་མཛོད༔ བྱང་གི་སྒྲ་མི་སྙན་གླིང་ནས༔ ལྗང་མོ་དྲག་མཛད་ལས་ཀྱི་རིགས༔ དབང་ཕྱུག་མ་བདུན་མཁའ་འགྲོའི་གཙོ༔ ཤ་ཁྲག་རུས་གཏོར་མཆོད་པ་བཞེས༔ དྲག་པོའི་ལས་ཀུན་འགྲུབ་པར་མཛོད༔ མ་མོ་འཁྲུགས་པ་དབྱིངས་སུ་ཞི༔ མ་མོ་འཁོན་པ་ཀློང་དུ་ཟླུམ༔ མ་མོའི་ཆོ་འཕྲུལ་མཁའ་རུ་ཟློག༔ མ་མོ་དགྱེས་པས་སྐྱོང་བར་མཛོད༔ ནད་དང་ཆོ་འཕྲུལ་རིམས་ཡམས་ཟློག༔ ཚེ་བསོད་རླུང་རྟ་དབང་ཐང་སྐྱེད༔ སྣང་སྲིད་མ་ལུས་དབང་དུ་སྡུས༔ དགྲ་བགེགས་ལོག་འདྲེན་ཚར་ཆོད་ལ༔ མཁའ་འགྲོ་སྡེ་བརྒྱད་སུན་མ་ཟློག༔ མ་དང་སྲིང་གི་རྩེ་གདུང་སྐྱེད༔ གྲོགས་དང་འཛའ་མོའི་སྙིང་ཡང་ཉེ༔ འབངས་དང་བྲན་མོའི་ལས་གྱིས་ལ༔ བཅོལ་བའི་འབྲས་བུ་མཆིས་པར་མཛོད༔ ཕུད་དང་གསེར་སྐྱེམས་མཚམས་སུ་སྦྲེངས༔ མཐུན་རྫས་གཏོར་མ་ཡང་ཡང་འབུལ༔ མ་མོ་དགྱེས་པས་དངོས་གྲུབ་སྩོལ༔ ཉམས་ཆག་བསྐང་ཞིང་ལས་ཀུན་འགྲུབ༔ ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་ཀྱི་མ་མོ་རྣམས༔ བསྟེན་ཅིང་མཆོད་པའི་ལྷ་ཡིན་པས༔ དགྱེས་པའི་མདོས་རྫས་བཞེས་ནས་ཀྱང༔ རྟག་ཏུ་མ་གཡེལ་སྟོང་གྲོགས་མཛོད༔ འཇིག་རྟེན་ལས་ཀྱི་མ་མོ་རྣམས༔ དམ་ཚིག་ཅན་གྱི་གྲོགས་ཡིན་པས༔ བརྔན་པའི་ངོ་སོ་མ་དམའ་བར༔ ལས་ཀུན་སྒྲུབ་ལ་ཐོགས་མེད་མཛོད༔ ཤ་ཟ་ལས་ཀྱི་མ་མོ་རྣམས༔ ཧེ་རུ་ཀ་ཡི་འབངས་ལགས་ཏེ༔ མཆོད་དོ་བསྐང་བས་ཚིམ་གྱིས་ལ༔ བདག་ལ་འགོ་ཞིང་སྲུང་སྐྱོབ་མཛོད༔ མཆོད་འོས་ཤུགས་འགྲོ་ཕྲ་མེན་ཚོགས༔ སྣང་སྲིད་མ་མོའི་དཀྱིལ་འཁོར་ཕྱིར༔ ཐུགས་དམ་དགྱེས་པར་བསྐངས་ཟིན་གྱིས༔ གཤེགས་ཤིག་རང་རང་གནས་སུ་མུཾ༔ སྟོན་ཆེན་མགྲོན་གྱིས་ཚིམ་པ་བཞིན༔ དགྱེས་བཞིན་གཤེགས་ཤིག་ས་མ་ཡ༔ བྲག་ཕུག་མཚོ་གླིང་ལ་སོགས་པར༔ མདོས་བསྐྱལ་ཤིས་བརྗོད་རོལ་མོ་འཁྲོལ༔ ས་མ་ཡ༔ བརྒྱུད་འཛིན་སྲོག་དབང་སྦྱིན་འདོད་ན༔ སྣོད་ལྡན་ཁྲུས་བྱས་བགེགས་བསལ་ཏེ༔ བླ་མ་དཔལ་ལྡན་ཧེ་རུ་ཀ༔ བདག་ལ་དགོངས་ཤིག་བརྩེ་བར་མཛོད༔ སངས་རྒྱས་བསྟན་པ་སྲུང་བའི་ཕྱིར༔ དམ་ཅན་སྲུང་མའི་དབང་བསྐུར་སྩོལ༔ ཞེས་ཞུས་གནང་སྟེ་རྒྱུན་བཤགས་བྱ༔ སློབ་མ་ལྷར་བསྐྱེད་བྱིན་ཆེན་དབབ༔ མདུན་གྱི་གཏོར་མ་མ་མོ་བསྐྱེད༔ བྷྱོ༔ མཁའ་འགྲོའི་དབང་ཕྱུག་ངན་ནེ་མ༔ ཁྱོད་ནི་དམ་ཚིག་གཉན་ལ་དགོངས༔ དེང་འདིར་རྡོ་རྗེའི་བུ་ལ་གཏད༔ ལས་ཀུན་ཐོགས་མེད་སྒྲུབ་པར་མཛོད༔ ས་མ་ཡ་སརྦ་ཀརྨ་ཀུ་རུ་ཧོ༔ སྔགས་ཀྱིས་བཟླས་པའི་ལུང་སྦྱིན་བྱ༔ ཕྱག་མཚན་རལ་གྲི་གཏད་ནས་ཀྱང༔ ཧཱུྃ༔ མ་མོའི་ཡེ་ཤེས་མཚོན་པའི་ཕྱིར༔ རྣོ་ངར་ལྡན་པའི་རལ་གྲི་འདི༔ གཏད་པས་སྟོང་སྲོག་དབང་བསྒྱུར་ཏེ༔ གཉིས་མེད་རོལ་པའི་དབང་ཐོབ་ཤོག༔ མ་མ་བྷྱོཿཧྲཱིཾ་ཛཿ ཙིཏྟ་ལག་ཏུ་བཞག་ནས་ཀྱང༔ ཧཱུྃ༔ ཡེ་ཤེས་ཙིཏྟ་རིན་པོ་ཆེ༔ གསང་བའི་ཡོན་ཏན་ངོ་བོ་མཚོན༔ གཏད་པས་ཟག་མེད་དེ་ཁོ་ནའི༔ གསང་བ་མཐའ་དག་སྤྱོད་པར་ཤོག༔ ཙིཏྟ་གུ་ཎ་མ་ཎི་སིདྡྷི་ཧཱུྃ༔ ཕྲིན་ལས་སྣ་ཚོགས་མཚོན་ཆ་གཏད༔ ཧཱུྃ༔ ཞི་དང་དྲག་ཤུལ་རོལ་པ་ཡི༔ ལས་ཀྱི་དངོས་གྲུབ་མ་ལུས་པས༔ ཚར་གཅོད་རྗེས་སུ་འཛིན་པའི་ཕྱིར༔ འབར་བའི་ཕྱག་རྒྱ་འདི་ཟུངས་ཤིག༔ སརྦ་ཀརྨ་སིདྡྷི་ཧོ༔ ཐུན་མོང་མིན་པའི་སློབ་མ་ལ༔ ཐ་ཚིག་བསྒྲགས་ཏེ་གཏོར་མ་བཤལ༔ བདུད་རྩི་སྦྱིན་ལ་སྲོག་སྙིང་བསྲེ༔ མཉམ་པར་བཞག་ཅིང་རང་ངོ་བསྐྱངས༔ ཧོཿ འཇིག་རྟེན་མ་མོ་རྩ་ཡིན་ཏེ༔ རྡོ་རྗེ་ལུས་ཀྱི་སྲོག་ཏུ་བཞུགས༔ ལས་ཀྱི་མ་མོ་རླུང་ཉིད་ཕྱིར༔ ཀུན་ལ་ཁྱབ་རྒྱུ་མཐུ་མོ་ཆེ༔ ཡེ་ཤེས་མ་མོ་ཏི་ལ་ཀ༔ དྭངས་མ་འཕོ་མེད་ངེས་པའི་སྲོག༔ ཀུན་ཀྱང་རང་ལས་གཞན་མ་བཙལ༔ རང་སྣང་ཙམ་དུ་ཅིར་ཡང་སྟོན༔ རང་སེམས་དེ་ཉིད་མངོན་གྱུར་ན༔ ཐམས་ཅད་དེ་ལས་མི་འདའ་བས༔ རང་བཞིན་ཡེ་ཤེས་རྗེན་པར་ལྟོས༔ མ་མོའི་སྲོག་ལ་དབང་ཐོབ་འགྱུར༔ ཨ་ཨ་ཨཿ ངོ་སྤྲོད་དགོངས་པ་གཅིག་ཏུ་བསྲེ༔ དབྱིངས་སུ་ལ་བཟླ་མཉམ་པར་སྤྱོད༔ ཁྱབ་གདལ་བསྟན་ན་གཉིས་ཀ་ཕུང༔ དེ་ཕྱིར་གསང་བ་དམ་དུ་བྱ༔ ཐུན་མོང་གཏོར་མའི་དབང་གིས་ཀྱང༔ མཆོད་ན་འགོ་ཞིང་ཕྲིན་ལས་སྒྲུབ༔ དུས་མཐའི་འགྲོ་བ་སྐྱོབ་བྱེད་པའི༔ པདྨའི་རྗེས་འཇུག་དོན་ཉིད་དུ༔ མ་མོའི་རྒྱུད་ནས་ཕྱུང་སྟེ་བཀོད༔ བསྟན་པའི་བཙས་སུ་འགྱུར་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༔ྀཨཐི༔ གུ་ཧྱ༔ ༔༔༔བརྡ་ཡིག༔༔༔༔༔༔ ཅེས་པའང་མེ་ཁྱི་ལོར་རིག་པའི་ཀློང་དུ་གསལ་བའི་ཞིང་སྐྱོང་མ་མོའི་གསོལ་ཕྲིན་ཞིག་བྱུང་བ་ཅུང་ཟད་གཏན་ལ་ཕབ་ཀྱང་འཚུབ་གཉན་ཆེ་བས་རེ་ཞིག་གསང་རྒྱས་བཏབ་ཏེ་བཞག་པ་ས་གཏེར་ཞིག་ཏུ་འབྱུང་སྙམ་པ་ཤར་ཞིང༌། མེ་ཕག་ཟླ་བའི་སྐོར་ལ་བཀའ་བརྒྱད་ཡུམ་བཀའི་ཤོག་སེར་བརྡ་སྒྱུར་སྐབས་དེའི་བཀའ་སྲུང་དུ་ཚིག་དོན་ཕལ་ཆེར་མཐུན་པ་དང༌། མ་གཅིག་ཞིང་སྐྱོང་དབང་མོས་ཀྱང་འཁྲུལ་སྣང་དུ་གཟུགས་བསྟན་ཞིང་གསང་སྒོ་འབྱེད་པར་བསྐུལ་བས་སྦས་ཡུལ་དཔེ་མེད་ཀྱི་ལྟེ་བར་སྨིན་གྲོལ་ནོར་བུ་གླིང་གི་གཙུག་ལག་ཁང་དུ་གཏེར་འབྱིན་རིག་པ་འཛིན་པའི་དབང་ཕྱུག་མཆོག་གྱུར་བདེ་ཆེན་གླིང་པའི་སྐུ་གདུང་རིན་པོ་ཆེ་ཡེ་ཤེས་སེམས་དཔའ་དངོས་སུ་བཞུགས་པའི་སྤྱན་སྔར་ཁྲག་འཐུང་གར་གྱི་དབང་ཕྱུག་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏན་ལ་ཕབ་པས་གསང་ཆེན་སྙིང་པོའི་བསྟན་པའི་དཔུང་གཉེན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། །།
[edit]

\u0f01\u0f83:_bka' brgyad bde gshegs kun 'dus kyi yum bka' DA ki'i srog tig gi bka' srung zhing skyong ma mo'i gsol byang bzhugs: \u0f01\u0f83:___:::brda yig::::_dpal chen dkyil 'khor gtso la 'dud:_nges gsang bla med gdams pa'i chos:_nyams su len pa'i skyes bu ni:_bka' yi srung ma mchod 'dod na:_dur khrod la sogs dben pa ru:_lcags sam b+han+d+ha'i snod nang du:_gtor ma 'bru gsum sha khrag brgyan:_sman raka nyer spyod mthun rdzas bshams:_he ru ka yi nga rgyal gyis:_byin gyis brlabs la rten bskyed ni:_mdun du dur khrod drag po'i zhing khams sa gzhi keng rus kyi ri bo:_mtshon cha'i nags tshal:_khrag gi chu rgyun:_dug gi rgya mtsho:_me dud rlung sprin 'khrigs pa:_ro gsar rnying gcal du bkram pa la gcan gzan bya khyi rgyu ba'i dbus su:_thod mkhar bswe yi kha bad can:_khrag gi rgya mtsho 'khyil ba'i dbus su srin po'i bong bu gwa dmar zhing lpags kyi stan thod skam gyi sga yi steng du b+h+yoHlas ma gcig dkor gyi bdag mo zhing skyong mkha' 'gro'i dbang phyug sku mdog mthing nag mun pa ltar gnag pa:_skem rid mi sdug pa'i gzugs kyis sgeg cing:_phyag g.yas gnam lcags kyi ral gri phyar zhing g.yon pas phur bu 'dril ba:_thod skam gyi dbu rgyan dang mgo phreng:_re lde'i smad g.yogs:_rus pa'i phyag rgya lngas brgyan pa:_zhabs gnyis btsan skyil gyis rol pa:_spyi bor ral pa'i skra gseb tu zla ba:_lte bar nyi ma:_snyan la sbrul dang seng ge:_snga sha la nad rkyal:_phyi sha la mtshon gru:_rked par khram shing:_shwa rde'u dkar nag sogs ma mo'i chas yongs su rdzogs pa:_mdun du sku yi ma mo dkar gsal zhi 'dzum gzhon nu'i gzugs can:_dar dang nor bu'i rgyan 'chang mda' dar dang me long bsnams pa:_g.yas su yon tan gyi DA ki gser mdog gnod sbyin gyi chas can lcags kyu dang b+han+d+ha thogs pa:_rgyab tu gsung gi mkha' 'gro ma dmar gsal chags pa'i nyams can gcer bu rus rgyan gyis spras pa lcags kyu dang ut+pal dmar po'i zhags pa 'phen pa:_g.yon du phrin las kyi ma mo smug nag dred mo la zhon pa:_lag g.yas zhing lpags g.yab cing g.yon pas dgra snying za ba:_'bar ba'i chas dang bcas te me rlung 'od zer gyi klong na rol pa'o:_de'i phyi rol gyi phyogs mtshams brgyad du rdo rje'i pho nya dkar mo dug sbrul la zhon pa:_rdo rje ro langs nag mo srin po la zhon pa:_rdo rje drag rtsal ser nag dur bya la zhon pa:_rdo rje ka li smug nag dom la zhon pa:_rdo rje lag ring ljang sngon ce spyang la zhon pa:_rdo rje sha zan dmar nag ro langs la zhon pa:_rdo rje las byed nag mo sha ba la zhon pa:_rdo rje rab 'jigs ljang gu 'phar ba la zhon pa:_thams cad kyang chibs dang mtshungs pa'i phra men gyi gdong can g.yas dgra snying dang g.yon me long bsnams pa dur khrod 'jigs pa'i cha byad yongs su rdzogs pa:_gzhan yang gnas gsum gyi dpa' bo mkha' 'gro dur khrod kyi sha za las mkhan keng rus bye ba 'bum dang bcas pas bskor ba thugs ka'i 'od zer gyis bskul bas lho nub mun pa can gyi dur khrod:_mkha' spyod dpal gyi tsA ri tra:_mkhar chu de wI ko Ta nas mngon sum bzhin du spyan drangs par gyur:_b+h+yo:_dur khrod zhing skyong DA ki'i gtso:_mkha' 'gro'i dbang phyug ngan ne ma:_nor bdag dkor gyi srung ma khyod:_ye shes dbyings nas sku bzhengs shig:_las kyi shan pa mi srun gzugs:_srin mo'i tshul can gnas yul skyong:_cho 'phrul rnam rol mtha' yas pas:_sangs rgyas bstan pa bsrung ba'i ma:_dam tshig gnas 'dir spyan 'dren na:_thugs rje'i dbang gi gshegs su gsol:_dur khrod chen po gtum drag nas:_rdo rje'i pho nya gshegs su gsol:_dur khrod tshang tshing 'khrugs pa nas:_rdo rje ro langs gshegs su gsol:_dur khrod 'ur 'ur 'bar ba nas:_rdo rje drag rtsal gshegs su gsol:_dur khrod 'jigs su rung ba nas:_ka li nag po gshegs su gsol:_dur khrod nags tshal 'jigs rung nas:_rdo rje lag ring gshegs su gsol:_mun pa mi bzad dur khrod nas:_rdo rje sha zan gshegs su gsol:_dur khrod ha ha dgod pa nas:_las byed nag mo gshegs su gsol:_dur khrod sing+ga la yul nas:_rdo rje rab 'jigs gshegs su gsol:_rnal 'byor gdung bas nges bskul na:_ma thogs skad cig yud la byon:_'khor dang las byed pho nya bcas:_dam tshig gnas 'dir gshegs su gsol:_hU~M rA li pra ma ya:_si li ma ni dza dzaH_lan bdun bzlas na dngos su 'ong:_hU~M:_rdo rje'i gnas dang yul skyong ba'i:_dpal ldan ma gcig ngan ne ma:_dam tshig stan la bzhugs nas kyang:_'dod pa'i dngos grub ma lus stsol:_sa ma ya tiSh+Tha lhan:_hU~M b+h+yo:_sngon tshe dpal chen he ru ka:_rdo rje phag mo rnal 'byor ma:_rig 'dzin pad+ma thod phreng dang:_DA ki'i dbang phyug mtsho rgyal ma'i:_spyan sngar rdo rje'i tha tshig bzhin:_las kyi dngos grub thams cad kun:_thogs pa med pa da lta stsol:_sa ma ya ho:_gdod nas skye med dbyings kyi yum:_dpal ldan mkha' 'gro dkyil 'khor skyong:_rig 'dzin yongs kyi bka' yi 'bangs:_mnyam pa chen po'i tshul gyis 'dud:_na mo hU~M:_ma cig khyed la mthun pa'i rdzas:_dmar chen khrag gi mchod yon sbrengs:_nag po dug gi zhabs bsil bskyil:_dbang po rnam lnga'i me tog dang:_tshil chen bsregs pa'i bdug spos che:_zhun gyi mar me 'od phreng can:_mkhris sna dri yi byug pa dang:_sha rus don snying zhal gyi zas:_drag po gsang ba'i rnge'u chung sogs:_bsam mi khyab pa'i mchod pa che:_'bul lo dgyes par bzhes nas kyang:_dngos grub yid bzhin bstsal du gsol:_oM badz+ra ar+g+haM pad+yaM sogs/_shab+da ma hA ru tra pU dza ho:_b+h+yo:_mi srun shan pa zhing skyong ma:_rgyal ba'i bstan srung yongs kyi rje:_ye shes dbyings su wA ra hi:_sgyu 'phrul rol pas dgyes la bstod:_mthing nag mi sdug srin mo'i gzugs:_ral gri phur pas nyams pa sgrol:_bong bu zhon nas stong gsum bskor:_ma mo 'bum sde'i gtso la bstod:_sku gsung thugs kyi sprul pa dang:_yon tan cho 'phrul bsam mi khyab:_dur khrod brgyad kyi ngan ne ma:_sprul pa dpag yas 'gyed la bstod:_snang srid bde chen yum gyi mkha':_kun kyang lhan skyes phyag rgya che:_skye med bde ba chen po'i dbyings:_'du 'bral med par bstod par bgyi:_mdun gyi ma mo'i thugs ka ru:_nyi ma la gnas b+h+yoHyig mthar:_sngags kyis bskor la bdag thugs kyis:_reg pas las kun bsgrub par bgyi:_oM ma ma rA li pra ma ya kA li ye dzaHdzaH_ci nus bzlas la thugs dam bskul:_thun mtshams gtor ma 'bul byas te:_b+h+yo:_ye shes dbyings su e ka dzAH_'dod pa'i khams na dpal lha mo:_dur khrod brgyad du ngan ne ma:_ma gcig myur mgyogs rdzu 'phrul can:_de ring ming pos las la bskul:_ma g.yel phrin las myur du mdzod:_dus kyi tha mar sems can la:_srung skyob phrin las mi mdzad na:_sngon gyi dam las 'gal ta re:_tha tshig dgongs te da bzhengs shig:_dkor cha srungs la jag rkun sgrol:_gnas rten 'di ru bla rdo chos:_rten gsum longs spyod mel tshe gyis:_nor phyir ma 'brangs ko long sdoms:_gzungs mar ma 'khu sdong grogs mdzod:_yon bdag bu slob srungs shing skyobs:_sangs rgyas bstan pa dar ba dang:_mkhas btsun dge 'dun slob ma skyongs:_'dod pa'i don kun thogs med par:_las rnams byos shig sa ma ya:_zhes bcol phud rnams gtsang sar 'bul:_ched du dgra la bskul 'dod na:_thun gtor sha khrag brgyan pa la:_dgra bgegs 'gugs bstim bstabs nas kyang:_b+h+yo:_byang shar mun pa can gyi gnas:_keng rus thod pa'i gzhal yas nas:_dkor gyi bdag mo rdzu 'phrul can:_do nub bskul gyi las la bzhengs:_khyod ni khams gsum dbang phyug sras:_lto na srid pa gsum po 'chang:_lag na 'bar ba'i mtshon cha can:_ra mda' sbran no ma g.yel cig:_spyan gsum khrag gi mchi ma 'bab:_ngus pa'i 'o dod dgra la bos:_mi lpags g.yang gzhi nad kyi tshang:_rdobs shig yul khams phung la sbyor:_gnam lcags 'bar ba'i sen mo yis:_glo nas don snying da longs shig:_sprul pa'i shwa na mched sde lngas:_dgra yi rta phyugs mtha' nas sdus:_kha rlangs skal pa'i 'thor rlung gis:_snod bcud dpal kun rtsad nas skoms:_glog ltar 'khyugs pa'i ljags g.yo bas:_rkan sgra dang bcas dgra sha zo:_las ngan bstan bshig dam nyams 'dis:_dkon mchog gsum gyi dbu 'phang smad:_sangs rgyas bstan pa thabs kyis bcom:_rnal 'byor bdag gi sgos dgra dang:_nor gyi dkor la hab thob byas:_tshe dpal snyan grags chu la bskur:_phan pa'i lan du gnod pa bskyal:_da ni ma khyod g.yel srid na:_tshe gcig bsten pa don re chung:_gdung ba'i las 'di yal ma dor:_do nub nam gyi gung thun la:_bla rkun shan pa gzan la khye:_pho nya sde brgyad las la chos:_snang srid sprul pa'i dmag gis khongs:_rtags dang cho 'phrul dngos su ston:_bdag la sdang ba'i dgra byung na:_pha khu yin kyang sod la shog:_dam las nyams pa'i las byas na:_slob ma yin kyang khug la shog:_bskul pa'i las la ngo ma ldog:_bcol pa'i don la bang ma bul:_da lta nyid du las la chos:_sod cig sgrol cig mA ra ya:_thun gtor dgra la 'phangs nas kyang:_dul mo brdab cing dmod mo 'ur:_rtags dang cho 'phrul mi bzad pa:_ston pas rang don bskul mi rung:_sa ma ya:_nyams chag bskang dang dgyes pa skyed:_thabs kyi gsang ba mdos yin pas:_mthun pa'i rdzas rnams bsags nas kyang:_byin gyis brlabs la smreng gis bsngo:_hU~M:_nga ni mngon rdzogs he ru ka:_dpal chen khrag 'thung dkyil 'khor gtso:_de ring rdzas gcig mi bsags rgyu:_snang srid lha 'dre rdzas la dgyes:_de la smreng gcig mi gyer rgyu:_yas rnams chad pa smreng gis mthud:_de nas thabs kyis mi bsngo rgyu:_mchod sbyin mgron rnams tshim pa'i phyir:_sngags 'chang rgyal pos gyer gcig bya:_gyer la mthun pa'i rnga zhig brdung:_rnga ni skye med chos kyi dbyings:_dbyibs ni thig le nyag gcig mtshon:_ngo gnyis thabs dang shes rab ste:_mi phyed rnga shing gcig tu zlum:_rnga sgra gsung gi dzapa kyang sgrog:_rnga lcag ye shes thugs rje'i rtsal:_sngags pas rnga brdung de ltar brdung:_zhi ba'i rnga sgra snyan la dal:_rgyas pa'i rnga sgra brjid la 'ur:_dbang gi rnga sgra 'jam la snyan:_drag po'i rnga sgra gtum la rngams:_las bzhi lhun gyis grub pa'i rnga:_brdung bas lha srin ma mo 'du:_bskul bas mgron rnams yas la bzhengs:_ye shes dbyings kyi ma mo rnams:_rang byung dgongs pa'i rtsal gyis gshegs:_'jig rten DA ki'i rje mo rnams:_phud dang yas la gdung bas gshegs:_dam tshig sha za'i ma mo rnams:_dgyes pa'i mgron du 'bod kyis gshegs:_dam las ma 'da' sa ma ya:_tha tshig bsgrags shing bdud rtsi 'thor:_bsngo zhing 'bul ba'i rim pa ni:_b+h+yo:_DA ki'i dbang phyug ngan ne ma:_dbyings kyi ma mo e ka dzAH_mthing nag sprin gyi go zu can:_kun tu bzang mo'i sprul pa ste:_'khor 'das skyed dang sdud pa'i bdag:_ma khyod srid zhi'i dbang phyug phyir:_thugs dang mthun pa'i rdzas zhig 'bul:_ri rab gling bzhi lta na sdug:_srid pa gsum gyi bkod pa can:_ma mo'i sku yi rten yin pas:_sku yi thugs dam bskang phyir 'bul:_dpag bsam shing gi sdong po la:_dar gyi cod pan mdzes par 'phur:_snyan pa'i glu sgra si li li:_ma mo'i gsung gi rten yin pas:_gsung gi thugs dam bskang phyir 'bul:_nam mkha' 'ja' tshon drwa ba ris:_chos nyid stong pa'i dbyings las shar:_snang stong gnyis med cho 'phrul las:_ma 'gag bkod pa cir yang ston:_ma mo'i thugs kyi rten yin pas:_thugs kyi dam tshig bskang phyir 'bul:_lha klu mi yi dpal dang 'byor:_byang chub sems dpa'i smon lam dang:_ting 'dzin rol mo'i 'byor pa can:_zag med rgyan gyi bkod pa che:_ma mo'i yon tan rten yin pas:_yon tan thugs dam bskang phyir 'bul:_gang la ji ltar 'dod pa'i don:_'char ba'i 'dod yon bsam mi khyab:_las kun lhun grub dam tshig rdzas:_zhing khams chen po'i bkod pa ni:_ma mo'i phrin las rten yin pas:_phrin las thugs dam bskang phyir 'bul:_ri rab ri yi rtse mo na:_ye shes dbyings kyi gzhal yas khang:_bde ba chen po'i longs spyod can:_lhan skyes rtogs pa'i rgyan du 'bul:_mchog gi phrin las 'grub par mdzod:_shar gyi lus 'phags gling chen nas:_dkar mo zhi mdzad rdo rje'i rigs:_dbang phyug ma bdun mkha' 'gro'i gtso:_gser skyems g.yu skyems gtor ma bzhes:_zhi ba'i phrin las 'grub par mdzod:_lho yi 'dzam bu'i gling chen nas:_ser mo rgyas mdzad rin chen rigs:_dbang phyug ma bdun mkha' 'gro'i gtso:_rin chen dar zab mchod rdzas bzhes:_rgyas pa'i phrin las 'grub par mdzod:_nub kyi ba lang spyod pa na:_dmar mo dbang mdzad pad+ma'i rigs:_dbang phyug ma bdun mkha' 'gro'i gtso:_myos byed dza gad gsur mchod bzhes:_dbang gi las kun 'grub par mdzod:_byang gi sgra mi snyan gling nas:_ljang mo drag mdzad las kyi rigs:_dbang phyug ma bdun mkha' 'gro'i gtso:_sha khrag rus gtor mchod pa bzhes:_drag po'i las kun 'grub par mdzod:_ma mo 'khrugs pa dbyings su zhi:_ma mo 'khon pa klong du zlum:_ma mo'i cho 'phrul mkha' ru zlog:_ma mo dgyes pas skyong bar mdzod:_nad dang cho 'phrul rims yams zlog:_tshe bsod rlung rta dbang thang skyed:_snang srid ma lus dbang du sdus:_dgra bgegs log 'dren tshar chod la:_mkha' 'gro sde brgyad sun ma zlog:_ma dang sring gi rtse gdung skyed:_grogs dang mdza' mo'i snying yang nye:_'bangs dang bran mo'i las gyis la:_bcol ba'i 'bras bu mchis par mdzod:_b+h+yo:_DA ki'i dbang phyug ngan ne ma:_'jig rten ma mo rang byung rgyal:_bdud kyi yum la gshin rje'i lcam:_srid pa gsum na che ba'i mchog:_ma khyod shAkya'i bstan srung phyir:_thugs dang mthun pa'i rdzas zhig 'bul:_ri rab gling bzhi lta na sdug:_srid pa gsum gyi bkod pa can:_ma mo'i sku yi rten yin pas:_sku yi thugs dam bskang phyir 'bul:_dpag bsam shing gi sdong po la:_dar gyi cod pan mdzes par 'phur:_snyan pa'i glu sgra si li li:_ma mo'i gsung gi rten yin pas:_gsung gi thugs dam bskang phyir 'bul:_nam mkha' 'ja' tshon drwa ba ris:_chos nyid stong pa'i dbyings las shar:_snang stong gnyis med cho 'phrul las:_ma 'gag bkod pa cir yang ston:_ma mo'i thugs kyi rten yin pas:_thugs kyi dam tshig bskang phyir 'bul:_lha klu mi yi dpal dang 'byor:_byang chub sems dpa'i smon lam dang:_ting 'dzin rol mo'i 'byor pa can:_zag med rgyan gyi bkod pa che:_ma mo'i yon tan rten yin pas:_yon tan thugs dam bskang phyir 'bul:_gang la ji ltar 'dod pa'i don:_'char ba'i 'dod yon bsam mi khyab:_las kun lhun grub dam tshig rdzas:_zhing khams chen po'i bkod pa ni:_ma mo'i phrin las rten yin pas:_phrin las thugs dam bskang phyir 'bul:_ri rab ri yi rtse mo na:_ye shes dbyings kyi gzhal yas khang:_bde ba chen po'i longs spyod can:_lhan skyes rtogs pa'i rgyan du 'bul:_mchog gi phrin las 'grub par mdzod:_shar gyi lus 'phags gling chen nas:_dkar mo zhi mdzad rdo rje'i rigs:_dbang phyug ma bdun mkha' 'gro'i gtso:_gser skyems g.yu skyems gtor ma bzhes:_zhi ba'i phrin las 'grub par mdzod:_lho yi 'dzam bu'i gling chen nas:_ser mo rgyas mdzad rin chen rigs:_dbang phyug ma bdun mkha' 'gro'i gtso:_rin chen dar zab mchod rdzas bzhes:_rgyas pa'i phrin las 'grub par mdzod:_nub kyi ba lang spyod pa na:_dmar mo dbang mdzad pad+ma'i rigs:_dbang phyug ma bdun mkha' 'gro'i gtso:_myos byed dza gad gsur mchod bzhes:_dbang gi las kun 'grub par mdzod:_byang gi sgra mi snyan gling nas:__ljang mo drag mdzad las kyi rigs:_dbang phyug ma bdun mkha' 'gro'i gtso:_sha khrag rus gtor mchod pa bzhes:_drag po'i las kun 'grub par mdzod:_ma mo 'khrugs pa dbyings su zhi:_ma mo 'khon pa klong du zlum:_ma mo'i cho 'phrul mkha' ru zlog:_ma mo dgyes pas skyong bar mdzod:_nad dang cho 'phrul rims yams zlog:_tshe bsod rlung rta dbang thang skyed:_snang srid ma lus dbang du sdus:_dgra bgegs log 'dren tshar chod la:_mkha' 'gro sde brgyad sun ma zlog:_ma dang sring gi rtse gdung skyed:_grogs dang 'dza' mo'i snying yang nye:_'bangs dang bran mo'i las gyis la:_bcol ba'i 'bras bu mchis par mdzod:_b+h+yo:_DA ki'i dbang phyug ngan ne ma:_las kyi ma mo brtan ma che:_nag mo mi sdug bdud kyi rigs:_mkha' la spyod pa'i bu mo bzhi:_dmar mo rngams pa gnod sbyin rigs:_sa la spyod pa'i bu mo bzhi:_dkar sham bzhin bzang sman mo'i rigs:_sa 'og spyod pa'i bu mo bzhi:_'bum phrag yangs pa'i 'khor gyi tshogs:_nag smug tshogs kyis khams gsum khyab:_las byed mkha' 'gro'i dbang phyug phyir:_thugs dang mthun pa'i rdzas zhig 'bul:_ri rab gling bzhi blta na sdug:_srid pa gsum gyi bkod pa can:_ma mo'i sku yi rten yin pas:_sku yi thugs dam bskang phyir 'bul:_dpag bsam shing gi sdong po la:_dar gyi cod pan mdzes par 'phur:_snyan pa'i glu sgra si li li:_ma mo'i gsung gi rten yin pas:_gsung gi thugs dam bskang phyir 'bul:_nam mkha' 'ja' tshon drwa ba ris:_chos nyid stong pa'i dbyings las shar:_snang stong gnyis med cho 'phrul las:_ma 'gag bkod pa cir yang ston:_ma mo'i thugs kyi rten yin pas:_thugs kyi dam tshig bskang phyir 'bul:_lha klu mi yi dpal dang 'byor:_byang chub sems pa'i smon lam dang:_ting 'dzin rol mo'i 'byor pa can:_zag med rgyan gyi bkod pa che:_ma mo'i yon tan rten yin pas:_yon tan thugs dam bskang phyir 'bul:_gang la ji ltar 'dod pa'i don:_'char ba'i 'dod yon bsam mi khyab:_las kun lhun grub dam tshig rdzas:_zhing khams chen po'i bkod pa ni:_ma mo'i phrin las rten yin pas:_phrin las thugs dam bskang phyir 'bul:_ri rab ri yi rtse mo na:_ye shes dbyings kyi gzhal yas khang:_bde ba chen po'i longs spyod can:_lhan skyes rtogs pa'i rgyan du 'bul:_mchog gi phrin las 'grub par mdzod:_shar gyi lus 'phags gling chen nas:_dkar mo zhi mdzad rdo rje'i rigs:_dbang phyug ma bdun mkha' 'gro'i gtso:_gser skyems g.yu skyems gtor ma bzhes:_zhi ba'i phrin las 'grub par mdzod:_lho yi 'dzam bu'i gling chen nas:_ser mo rgyas mdzad rin chen rigs:_dbang phyug ma bdun mkha' 'gro'i gtso:_rin chen dar zab mchod rdzas bzhes:_rgyas pa'i phrin las 'grub par mdzod:_nub kyi ba lang spyod pa na:_dmar mo dbang mdzad pad+ma'i rigs:_dbang phyug ma bdun mkha' 'gro'i gtso:_myos byed dza gad gsur mchod bzhes:_dbang gi las kun 'grub par mdzod:_byang gi sgra mi snyan gling nas:__ljang mo drag mdzad las kyi rigs:_dbang phyug ma bdun mkha' 'gro'i gtso:_sha khrag rus gtor mchod pa bzhe:_drag po'i las kun 'grub par mdzod:_ma mo 'khrugs pa dbyings su zhi:_ma mo 'khon pa klong du zlum:_ma mo'i cho 'phrul mkha' ru zlog:_ma mo dgyes pas skyong bar mdzod:_nad dang cho 'phrul rims yams zlog:_tshe bsod rlung rta dbang thang skyed:_snang srid ma lus dbang du sdus:_dgra bgegs log 'dren tshar chod la:_mkha' 'gro sde brgyad sun ma zlog:_ma dang sring gi rtse gdung skyed:_grogs dang 'dza' mo'i snying yang nye:_'bangs dang bran mo'i las gyis la:_bcol ba'i 'bras bu mchis par mdzod:_b+h+yo:_DA ki'i dbang phyug ngan ne ma'i:_'khor dang bka' nyan gsung sdod tshogs:_dag dang ma dag cir yang ston:_sha za shugs 'gro phra men ma:_snang srid khyab pa'i cho 'phrul can:_ma nges ci ltar snang kun la:_thugs dang mthun pa'i rdzas zhig 'bul:_ri rab gling bzhi lta na sdug:_srid pa gsum gyi bkod pa can:_ma mo'i sku yi rten yin pas:_sku yi thugs dam bskang phyir 'bul:_dpag bsam shing gi sdong po la:_dar gyi cod pan mdzes par 'phur:_snyan pa'i glu sgra si li li:_ma mo'i gsung gi rten yin pas:_gsung gi thugs dam bskang phyir 'bul:_nam mkha' 'ja' tshon drwa ba ris:_chos nyid stong pa'i dbyings las shar:_snang stong gnyis med cho 'phrul las:_ma 'gag bkod pa cir yang ston:_ma mo'i thugs kyi rten yin pas:_thugs kyi dam tshig bskang phyir 'bul:_lha klu mi yi dpal dang 'byor:_byang chub sems dpa'i smon lam dang:_ting 'dzin rol mo'i 'byor pa can:_zag med rgyan gyi bkod pa che:_ma mo'i yon tan rten yin pas:_yon tan thugs dam bskang phyir 'bul:_gang la ji ltar 'dod pa'i don:_'char ba'i 'dod yon bsam mi khyab:_las kun lhun grub dam tshig rdzas:_zhing khams chen po'i bkod pa ni:_ma mo'i phrin las rten yin pas:_phrin las thugs dam bskang phyir 'bul:_ri rab ri yi rtse mo na:_ye shes dbyings kyi gzhal yas khang:_bde ba chen po'i longs spyod can:_lhan skyes rtogs pa'i rgyan du 'bul:_mchog gi phrin las 'grub par mdzod:_shar gyi lus 'phags gling chen nas:_dkar mo zhi mdzad rdo rje'i rigs:_dbang phyug ma bdun mkha' 'gro'i gtso:_gser skyems g.yu skyems gtor ma bzhes:_zhi ba'i phrin las 'grub par mdzod:_lho yi 'dzam bu'i gling chen nas:_ser mo rgyas mdzad rin chen rigs:_dbang phyug ma bdun mkha' 'gro'i gtso:_rin chen dar zab mchod rdzas bzhes:_rgyas pa'i phrin las 'grub par mdzod:_nub kyi ba lang spyod pa na:_dmar mo dbang mdzad pad+ma'i rigs:_dbang phyug ma bdun mkha' 'gro'i gtso:_myos byed dza gad gsur mchod bzhes:_dbang gi las kun 'grub par mdzod:_byang gi sgra mi snyan gling nas:__ljang mo drag mdzad las kyi rigs:_dbang phyug ma bdun mkha' 'gro'i gtso:_sha khrag rus gtor mchod pa bzhes:_drag po'i las kun 'grub par mdzod:_ma mo 'khrugs pa dbyings su zhi:_ma mo 'khon pa klong du zlum:_ma mo'i cho 'phrul mkha' ru zlog:_ma mo dgyes pas skyong bar mdzod:_nad dang cho 'phrul rims yams zlog:_tshe bsod rlung rta dbang thang skyed:_snang srid ma lus dbang du sdus:_dgra bgegs log 'dren tshar chod la:_mkha' 'gro sde brgyad sun ma zlog:_ma dang sring gi rtse gdung skyed:_grogs dang 'dza' mo'i snying yang nye:_'bangs dang bran mo'i las gyis la:_bcol ba'i 'bras bu mchis par mdzod:_phud dang gser skyems mtshams su sbrengs:_mthun rdzas gtor ma yang yang 'bul:_ma mo dgyes pas dngos grub stsol:_nyams chag bskang zhing las kun 'grub:_hU~M b+h+yo:_ye shes dbyings kyi ma mo rnams:_bsten cing mchod pa'i lha yin pas:_dgyes pa'i mdos rdzas bzhes nas kyang:_rtag tu ma g.yel stong grogs mdzod:_'jig rten las kyi ma mo rnams:_dam tshig can gyi grogs yin pas:_brngan pa'i ngo so ma dma' bar:_las kun sgrub la thogs med mdzod:_sha za las kyi ma mo rnams:_he ru ka yi 'bangs lags te:_mchod do bskang bas tshim gyis la:_bdag la 'go zhing srung skyob mdzod:_mchod 'os shugs 'gro phra men tshogs:_snang srid ma mo'i dkyil 'khor phyir:_thugs dam dgyes par bskangs zin gyis:_gshegs shig rang rang gnas su muM:_ston chen mgron gyis tshim pa bzhin:_dgyes bzhin gshegs shig sa ma ya:_brag phug mtsho gling la sogs par:_mdos bskyal shis brjod rol mo 'khrol:_sa ma ya:_brgyud 'dzin srog dbang sbyin 'dod na:_snod ldan khrus byas bgegs bsal te:_bla ma dpal ldan he ru ka:_bdag la dgongs shig brtse bar mdzod:_sangs rgyas bstan pa srung ba'i phyir:_dam can srung ma'i dbang bskur stsol:_zhes zhus gnang ste rgyun bshags bya:_slob ma lhar bskyed byin chen dbab:_mdun gyi gtor ma ma mo bskyed:_b+h+yo:_mkha' 'gro'i dbang phyug ngan ne ma:_khyod ni dam tshig gnyan la dgongs:_deng 'dir rdo rje'i bu la gtad:_las kun thogs med sgrub par mdzod:_sa ma ya sarba karma ku ru ho:_sngags kyis bzlas pa'i lung sbyin bya:_phyag mtshan ral gri gtad nas kyang:_hU~M:_ma mo'i ye shes mtshon pa'i phyir:_rno ngar ldan pa'i ral gri 'di:_gtad pas stong srog dbang bsgyur te:_gnyis med rol pa'i dbang thob shog:_ma ma b+h+yoHhrIM dzaH_tsit+ta lag tu bzhag nas kyang:_hU~M:_ye shes tsit+ta rin po che:_gsang ba'i yon tan ngo bo mtshon:_gtad pas zag med de kho na'i:_gsang ba mtha' dag spyod par shog:_tsit+ta gu Na ma Ni sid+d+hi hU~M:_phrin las sna tshogs mtshon cha gtad:_hU~M:_zhi dang drag shul rol pa yi:_las kyi dngos grub ma lus pas:_tshar gcod rjes su 'dzin pa'i phyir:_'bar ba'i phyag rgya 'di zungs shig:_sarba karma sid+d+hi ho:_thun mong min pa'i slob ma la:_tha tshig bsgrags te gtor ma bshal:_bdud rtsi sbyin la srog snying bsre:_mnyam par bzhag cing rang ngo bskyangs:_hoH_'jig rten ma mo rtsa yin te:_rdo rje lus kyi srog tu bzhugs:_las kyi ma mo rlung nyid phyir:_kun la khyab rgyu mthu mo che:_ye shes ma mo ti la ka:_dwangs ma 'pho med nges pa'i srog:_kun kyang rang las gzhan ma btsal:_rang snang tsam du cir yang ston:_rang sems de nyid mngon gyur na:_thams cad de las mi 'da' bas:_rang bzhin ye shes rjen par ltos:_ma mo'i srog la dbang thob 'gyur:_a a aH_ngo sprod dgongs pa gcig tu bsre:_dbyings su la bzla mnyam par spyod:_khyab gdal bstan na gnyis ka phung:_de phyir gsang ba dam du bya:_thun mong gtor ma'i dbang gis kyang:_mchod na 'go zhing phrin las sgrub:_dus mtha'i 'gro ba skyob byed pa'i:_pad+ma'i rjes 'jug don nyid du:_ma mo'i rgyud nas phyung ste bkod:_bstan pa'i btsas su 'gyur bar shog:_sa ma ya:_rgya rgya rgya:_:\u0f80athi:_gu h+ya:_:::brda yig::::::_ces pa'ang me khyi lor rig pa'i klong du gsal ba'i zhing skyong ma mo'i gsol phrin zhig byung ba cung zad gtan la phab kyang 'tshub gnyan che bas re zhig gsang rgyas btab te bzhag pa sa gter zhig tu 'byung snyam pa shar zhing*/_me phag zla ba'i skor la bka' brgyad yum bka'i shog ser brda sgyur skabs de'i bka' srung du tshig don phal cher mthun pa dang*/_ma gcig zhing skyong dbang mos kyang 'khrul snang du gzugs bstan zhing gsang sgo 'byed par bskul bas sbas yul dpe med kyi lte bar smin grol nor bu gling gi gtsug lag khang du gter 'byin rig pa 'dzin pa'i dbang phyug mchog gyur bde chen gling pa'i sku gdung rin po che ye shes sems dpa' dngos su bzhugs pa'i spyan sngar khrag 'thung gar gyi dbang phyug pad+ma 'od gsal mdo sngags gling pas gtan la phab pas gsang chen snying po'i bstan pa'i dpung gnyen du gyur cig_/sarba dA mang+ga laM/_dge'o//__//

Footnotes

Other Information