DKR-KABUM-20-WA-001

From Khyentse Lineage - A Tsadra Foundation Project
Revision as of 10:16, 12 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

གཉགས་ལུགས་རྡོ་རྗེ་ཕུར་པའི་རྡོར་སེམས་རྒྱུད་སྡེ་བཞི་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེའི་ཡེ་ཤེས་འབེབས་པའི་ཕོ་ཉ།
Wylie title gnyags lugs rdo rje phur pa'i rdor sems rgyud sde bzhi 'brel gyi brgyud pa'i gsol 'debs rdo rje'i ye shes 'bebs pa'i pho nya DKR-KABUM-20-WA-001.pdf
Location dil mgo mkhyen brtse bka' 'bum
Volume 20, Text 1, Pages 1-2 (Folios 1a to 2b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Gnyags lugs rdo rje phur pa'i rdor sems rgyud sde bzhi 'brel gyi brgyud pa'i gsol 'debs rdo rje'i ye shes 'bebs pa'i pho nya. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 1-2. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje sems dpa'
Colophon

།ཅེས་པའང་ལམ་འདི་ཉིད་ལ་ལས་སྨོན་དག་པའི་མཁྱེན་རྟོགས་ཡོན་ཏན་གྱི་མངའ་བདག་དབྱིངས་རིག་བྱང་ཆུབ་དབང་པོའི་གསུང་གིས་བསྐུལ་བ་བཞིན་མཚོ་སྐྱེས་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པའི་སྔགས་བཙུན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དངོས་གྲུབ་མཆོག་གི་དཔལ་ལ་སྤྱོད་པར་གྱུར་ཅིག །མངྒ་ལཾ། དགེའོ།།

/ces pa'ang lam 'di nyid la las smon dag pa'i mkhyen rtogs yon tan gyi mnga' bdag dbyings rig byang chub dbang po'i gsung gis bskul ba bzhin mtsho skyes rdo rje 'chang gis byin gyis brlabs pa'i sngags btsun pad+ma gar dbang 'od gsal mdo sngags gling pas bris pa dngos grub mchog gi dpal la spyod par gyur cig_/mang+ga laM/_dge'o//

[edit]
༄༅། །གཉགས་ལུགས་རྡོ་རྗེ་ཕུར་པའི་རྡོར་སེམས་རྒྱུད་སྡེ་བཞི་འབྲེལ་གྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེའི་ཡེ་ཤེས་འབེབས་པའི་ཕོ་ཉ་ཞེས་བྱ་བ་བཞུགས།

༄༅། །རང་བྱུང་ཞི་བ་ཆོས་དབྱིངས་ཀུན་ཏུ་བཟང༌། །ཡེ་ཤེས་སྒྱུ་འཕྲུལ་རིགས་ལྔ་རྡོ་རྗེ་སེམས། །མཆོག་གི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །ཁྱབ་བདག་ཧེ་རུ་ཀ་དངོས་ཤྲཱི་སིངྷ། །པཎ་ཆེན་བི་མ་རྡོ་རྗེ་ཧཱུྃ་མཛད་དང༌། །རྩ་གསུམ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། འཇམ་པའི་རྡོ་རྗེ་ཁྲི་སྲོང་ནམ་མཁའི་སྙིང༌། །འཇིག་རྟེན་མིག་གཅིག་བཻ་རོ་གཉགས་ཆེན་དང༌། །གསང་བ་རྒྱ་མཚོའི་མཛོད་འཛིན་མཁར་ཆེན་བཟར། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །བཀའ་བབ་བདུན་ལྡན་པདྨ་མདོ་སྔགས་གླིང༌། །གང་དེས་བྱིན་བརླབས་རྡོ་རྗེ་ཐུགས་མཆོག་རྩལ། །ཆོས་ཀྱི་བདག་པོ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །བདེ་ཆེན་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས། །རིགས་གསུམ་རིགས་ལྔ་རྡོ་རྗེ་རྣམ་པར་འཇོམས། །རིགས་བརྒྱའི་དཀྱིལ་འཁོར་འཁོར་ལོ་བསམ་ཡས་ལ། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །གནས་གསུམ་དཔའ་བོ་ཌཱ་ཀི་འབུམ་ཕྲག་ཡངས། །རྡོ་རྗེ་ཆོས་སྲུང་རབ་འབྱམས་ནོར་ལྷ་སོགས། །དག་པ་རབ་འབྱམས་མཉམ་ཉིད་བདེ་ཆེན་ཀློང༌། །གསོལ་བ་འདེབས་སོ་རྡོ་རྗེའི་ཡེ་ཤེས་སྩོལ། །དད་དང་ངེས་འབྱུང་སྙིང་རྗེ་སྔོན་འགྲོ་བས། །དབང་དང་གདམས་པས་རིགས་ཀྱི་ནུས་པ་གསོ། །རིམ་གཉིས་རྡོ་རྗེའི་གསེང་ལམ་སྙོག་པ་ཡིས། །སྐུ་བཞིའི་གོ་འཕང་ཚེ་འདིར་མངོན་གྱུར་ཤོག །ཟབ་གསལ་གཉིས་མེད་གཞི་ཡི་རྡོ་རྗེ་སེམས། །བདེ་སྟོང་གཉིས་མེད་ལམ་གྱིས་མངོན་བྱས་ནས། །དབྱིངས་རིག་གཉིས་མེད་འབྲས་བུའི་མཐར་སོན་པའི། །གསང་བ་མི་ཟད་རྒྱན་གྱི་མཆོག་བརྙེས་ཤོག །ཅེས་པའང་ལམ་འདི་ཉིད་ལ་ལས་སྨོན་དག་པའི་མཁྱེན་རྟོགས་ཡོན་ཏན་གྱི་མངའ་བདག་དབྱིངས་རིག་བྱང་ཆུབ་དབང་པོའི་གསུང་གིས་བསྐུལ་བ་བཞིན་མཚོ་སྐྱེས་རྡོ་རྗེ་འཆང་གིས་བྱིན་གྱིས་བརླབས་པའི་སྔགས་བཙུན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་དངོས་གྲུབ་མཆོག་གི་དཔལ་ལ་སྤྱོད་པར་གྱུར་ཅིག །མངྒ་ལཾ། དགེའོ།། །།
[edit]

@#/__/gnyags lugs rdo rje phur pa'i rdor sems rgyud sde bzhi 'brel gyi brgyud pa'i gsol 'debs rdo rje'i ye shes 'bebs pa'i pho nya zhes bya ba bzhugs/__rang byung zhi ba chos dbyings kun tu bzang*/_/ye shes sgyu 'phrul rigs lnga rdo rje sems/_/mchog gi sprul sku dga' rab rdo rje la/_/gsol ba 'debs so rdo rje'i ye shes stsol/_/khyab bdag he ru ka dngos shrI sing+ha/_/paN chen bi ma rdo rje hU~M mdzad dang*/_/rtsa gsum kun 'dus rdo rje thod phreng la/_/gsol ba 'debs so rdo rje'i ye shes stsol/_'jam pa'i rdo rje khri srong nam mkha'i snying*/_/'jig rten mig gcig bai ro gnyags chen dang*/_/gsang ba rgya mtsho'i mdzod 'dzin mkhar chen bzar/_/gsol ba 'debs so rdo rje'i ye shes stsol/_/bka' bab bdun ldan pad+ma mdo sngags gling*/_/gang des byin brlabs rdo rje thugs mchog rtsal/_/chos kyi bdag po ye shes rdo rje la/_/gsol ba 'debs so rdo rje'i ye shes stsol/_/bde chen rigs kun khyab bdag rdo rje sems/_/rigs gsum rigs lnga rdo rje rnam par 'joms/_/rigs brgya'i dkyil 'khor 'khor lo bsam yas la/_/gsol ba 'debs so rdo rje'i ye shes stsol/_/gnas gsum dpa' bo DA ki 'bum phrag yangs/_/rdo rje chos srung rab 'byams nor lha sogs/_/dag pa rab 'byams mnyam nyid bde chen klong*/_/gsol ba 'debs so rdo rje'i ye shes stsol/_/dad dang nges 'byung snying rje sngon 'gro bas/_/dbang dang gdams pas rigs kyi nus pa gso/_/rim gnyis rdo rje'i gseng lam snyog pa yis/_/sku bzhi'i go 'phang tshe 'dir mngon gyur shog_/zab gsal gnyis med gzhi yi rdo rje sems/_/bde stong gnyis med lam gyis mngon byas nas/_/dbyings rig gnyis med 'bras bu'i mthar son pa'i/_/gsang ba mi zad rgyan gyi mchog brnyes shog__/ces pa'ang lam 'di nyid la las smon dag pa'i mkhyen rtogs yon tan gyi mnga' bdag dbyings rig byang chub dbang po'i gsung gis bskul ba bzhin mtsho skyes rdo rje 'chang gis byin gyis brlabs pa'i sngags btsun pad+ma gar dbang 'od gsal mdo sngags gling pas bris pa dngos grub mchog gi dpal la spyod par gyur cig_/mang+ga laM/_dge'o//__//

Footnotes

Other Information