DKR-KABUM-18-TSHA-023

From Khyentse Lineage - A Tsadra Foundation Project
Revision as of 11:32, 19 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་གསང་པདྨ་ཡང་ཏིག་ལས༔ གུ་རུ་དྲག་པོའི་ཕྲིན་ལས་སྔོན་འགྲོའི་རིམ་པ༔
Wylie title zab gsang pad+ma yang tig las: gu ru drag po'i phrin las sngon 'gro'i rim pa DKR-KABUM-18-TSHA-023.pdf
Location dil mgo mkhyen brtse bka' 'bum
Volume 18, Text 23, Pages 160-162 (Folios 1a to 3b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation Khyentse, Dilgo. Zab gsang pad+ma yang tig las gu ru drag po'i phrin las sngon 'gro'i rim pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 160-162. Delhi: Shechen Publications, 1994.
Genre Activity Manual - las byang  ·  Preliminary Practices - sngon 'gro
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity pad+ma drag po
Recension Link Other Versions on this site: JKCL-KABUM-09-TA-035
Colophon

ཞེས་ཁྱེའུ་ལས་རབ་རྩལ་གྱི་གཏེར་བྱོན་སྐུ་ཚབ་རིན་པོ་ཆེའི་ཐུགས་ཀར་གསལ་བའི་བརྡ་ཡིག་ལས་གངས་ཅན་བསྟན་འགྲོའི་སྐྱབས་གཅིག་འཇམ་མགོན་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེ་རང་བྱུང་པདྨ་གླིང་པས་གཏན་ལ་ཕབ་པའི་ཟབ་གསང་པདྨའི་ཡང་ཏིག་གི་སྨིན་གྲོལ་ཟབ་མོའི་ཐོག་མའི་སྣོད་ལྡན་གྱི་སྐལ་བཟང་མངོན་དུ་གྱུར་ནས་འབེབས་གཞིའི་ཕྱག་བྲིས་བཅས་བསྩལ་ཞིང༌། བྱིན་རླབས་དགོངས་གཏད་ཐུན་མོང་མ་ཡིན་པ་ཐོབ་པའི་ངེས་ཤེས་ཀྱི་མཐུས། སྟོད་ཀྱི་སྤྱི་ཆིངས་ཀྱང་འབྲི་བར་འོས་པའི་བཀའ་གནང་བ་ཐོབ་པ་ལྟར་བླ་མ་དང་ལྷག་པའི་ལྷས་གནང་བའི་བྱིན་རླབས་ཀྱི་བདུད་རྩི་རེག་པས་དབྱིངས་རིག་གསང་བའི་ཆོས་གཏེར་གྱི་ཚུལ་དུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་ཟིལ་ཁྲོམ་གངས་ཀྱི་ར་བ་དང་འདབས་འབྱོར་བའི་གནས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ཡིད་ལྷུང་ལྷ་མཚོའི་སྨན་ལྗོངས་ནགས་ཀྱི་དགའ་ཚལ་ནས་གཏན་ལ་ཕབ་པ་འདིས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །མངྒ་ལཾ། དགེའོ།།

zhes khye'u las rab rtsal gyi gter byon sku tshab rin po che'i thugs kar gsal ba'i brda yig las gangs can bstan 'gro'i skyabs gcig 'jam mgon rdo rje 'chang pad+ma ye shes rdo rje rang byung pad+ma gling pas gtan la phab pa'i zab gsang pad+ma'i yang tig gi smin grol zab mo'i thog ma'i snod ldan gyi skal bzang mngon du gyur nas 'bebs gzhi'i phyag bris bcas bstsal zhing*/_byin rlabs dgongs gtad thun mong ma yin pa thob pa'i nges shes kyi mthus/_stod kyi spyi chings kyang 'bri bar 'os pa'i bka' gnang ba thob pa ltar bla ma dang lhag pa'i lhas gnang ba'i byin rlabs kyi bdud rtsi reg pas dbyings rig gsang ba'i chos gter gyi tshul du pad+ma gar dbang 'od gsal mdo sngags gling pas mdo khams sde dge'i chos rgyal chen po'i pho brang gi shar phyogs zil khrom gangs kyi ra ba dang 'dabs 'byor ba'i gnas mkha' spyod thugs kyi 'khor lo yid lhung lha mtsho'i sman ljongs nags kyi dga' tshal nas gtan la phab pa 'dis kyang 'od gsal rdo rje snying po'i bstan pa la bya ba mchog tu byed par gyur cig_/mang+ga laM/_dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༁ྃ༔ ཟབ་གསང་པདྨ་ཡང་ཏིག་ལས༔ གུ་རུ་དྲག་པོའི་ཕྲིན་ལས་སྔོན་འགྲོའི་རིམ་པ་བཞུགས༔

༁ྃ༔ རང་བྱུང་ཁྲག་འཐུང་རྒྱལ་ལ་འདུད༔ དུས་ཀྱི་ཐ་མའི་གདུལ་བྱ་རྣམས༔ དུག་གསུམ་རང་གཟུགས་འབྱུང་པོ་ཡི༔ བར་གཅོད་གདོན་བགེགས་ལྷག་པར་ལྡང༔ དེ་ཉིད་སྐྱོབ་པའི་ཐབས་ཀྱི་མཆོག༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ དྲག་པོ་སྒྲུབ་པའི་ལས་རིམ་བསྟན༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདེ་གཤེགས་ཀུན་འདུས་ཐོད་ཕྲེང་རྩལ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ པདྨ་དྲག་པོའི་དཀྱིལ་འཁོར་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོ༔ དོན་དམ་གདོད་ནས་རྣམ་དག་ཀྱང༔ མ་རྟོགས་དུག་གསུམ་འཁྲུལ་པས་གཙེས༔ ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྱིར༔ དྲག་པོ་སྒྲུབ་པར་སེམས་བསྐྱེད་དོ༔ གསུམ་པ་བསགས་སྦྱང་བདུན་རྣམ་དག༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ བཞི་པ་ནག་ཕྱོགས་བརྔན་ཅིང་བསྐྲད༔ ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ གླག་ལྟ་བར་གཅོད་བདུད་ཀྱི་རིགས༔ གཏོར་མ་ལོངས་ལ་གཞན་དུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ དྲག་པོའི་སྔགས་དང་ཐུན་གྱིས་གཟིར༔ ལྔ་པ་ཕྱི་ནང་མཚམས་བཅད་པ༔ ཧཱུྃ༔ རྡོ་རྗེ་གསང་བའི་གནས་མཆོག་འདིར༔ གདོད་ནས་སྣང་སྲིད་ལྷ་རུ་རྫོགས༔ དག་པ་ཆེན་པོའི་རོལ་པ་ལས༔ མི་ཕྱེད་སྲུང་བའི་འཁོར་ལོར་ཤར༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ དྲུག་པ་ཡེ་ཤེས་བྱིན་ཆེན་དབབ༔ ཧཱུྃ་ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཀློང་ཡངས་ནས༔ རང་བྱུང་སངས་རྒྱས་འོད་མི་འགྱུར༔ སྲིད་ཞི་མཉམ་པའི་སྒྱུ་འཕྲུལ་གྱིས༔ ཡེ་ཤེས་བྱིན་ཆེན་དབབ་ཏུ་གསོལ༔ འོད་གསལ་རིག་པ་རང་སྣང་སྤྲིན༔ ཞི་ཁྲོའི་རྣམ་འགྱུར་བསམ་མི་ཁྱབ༔ གང་འདུལ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ མཆོག་ཐུན་དངོས་གྲུབ་བྱིན་ཆེན་ཕོབ༔ ཟུང་འཇུག་ཐུགས་རྗེའི་རིག་པའི་རྩལ༔ རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ༔ པདྨ་དྲག་རྩལ་ཧེ་རུ་ཀས༔ བདུད་བཞི་འདུལ་བའི་བྱིན་ཆེན་ཕོབ༔ སྐུ་གསུམ་བླ་མའི་ལྷ་ཚོགས་རྣམས༔ དབྱིངས་ལས་རང་ཤར་གློག་ལྟར་སྤྱོན༔ རྡོ་རྗེ་གསུམ་གྱི་བྱིན་རླབས་ཀྱིས༔ རྣལ་འབྱོར་དགོངས་པའི་ཉམས་རྟོགས་སྤོར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ བདུད་བཞིའི་གནོད་པ་དབྱིངས་སུ་བཟློག༔ སྒྲུབ་མཆོག་རྣམས་ལ་དབང་བཞི་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ས་པཱ་རི་ཝ་ར་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾཿཧྲཱིཾཿ ཕཻཾ་ཕཻཾཿ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ ཛྙཱ་ན་ཏིཥྛ་ཧཱུྃ༔ བདུན་པ་མཆོད་པ་བྱིན་རླབས་ནི༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཡེ་ཤེས་ཕྱག་རྒྱའི་སྤྲིན༔ ཀུན་བཟང་མཆོད་པའི་གཏེར་ཆེན་པོ༔ གདོད་ནས་རང་བཞིན་ལྷུན་གྲུབ་པ༔ བླ་མེད་མཆོག་གི་རྫས་སུ་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མུ་དྲ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔ ཞེས་བརྗོད་ཕྲིན་ལས་དངོས་ལ་འཇུག༔ སྔོན་དུ་བྱ་བའི་རིམ་པའོ༔ ས་མ་ཡ༔ ཞེས་ཁྱེའུ་ལས་རབ་རྩལ་གྱི་གཏེར་བྱོན་སྐུ་ཚབ་རིན་པོ་ཆེའི་ཐུགས་ཀར་གསལ་བའི་བརྡ་ཡིག་ལས་གངས་ཅན་བསྟན་འགྲོའི་སྐྱབས་གཅིག་འཇམ་མགོན་རྡོ་རྗེ་འཆང་པདྨ་ཡེ་ཤེས་རྡོ་རྗེ་རང་བྱུང་པདྨ་གླིང་པས་གཏན་ལ་ཕབ་པའི་ཟབ་གསང་པདྨའི་ཡང་ཏིག་གི་སྨིན་གྲོལ་ཟབ་མོའི་ཐོག་མའི་སྣོད་ལྡན་གྱི་སྐལ་བཟང་མངོན་དུ་གྱུར་ནས་འབེབས་གཞིའི་ཕྱག་བྲིས་བཅས་བསྩལ་ཞིང༌། བྱིན་རླབས་དགོངས་གཏད་ཐུན་མོང་མ་ཡིན་པ་ཐོབ་པའི་ངེས་ཤེས་ཀྱི་མཐུས། སྟོད་ཀྱི་སྤྱི་ཆིངས་ཀྱང་འབྲི་བར་འོས་པའི་བཀའ་གནང་བ་ཐོབ་པ་ལྟར་བླ་མ་དང་ལྷག་པའི་ལྷས་གནང་བའི་བྱིན་རླབས་ཀྱི་བདུད་རྩི་རེག་པས་དབྱིངས་རིག་གསང་བའི་ཆོས་གཏེར་གྱི་ཚུལ་དུ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་མདོ་ཁམས་སྡེ་དགེའི་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་ཟིལ་ཁྲོམ་གངས་ཀྱི་ར་བ་དང་འདབས་འབྱོར་བའི་གནས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་ཡིད་ལྷུང་ལྷ་མཚོའི་སྨན་ལྗོངས་ནགས་ཀྱི་དགའ་ཚལ་ནས་གཏན་ལ་ཕབ་པ་འདིས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག །མངྒ་ལཾ། དགེའོ།། །།
[edit]

\u0f01\u0f83:_zab gsang pad+ma yang tig las:_gu ru drag po'i phrin las sngon 'gro'i rim pa bzhugs:_ \u0f01\u0f83:_rang byung khrag 'thung rgyal la 'dud:_dus kyi tha ma'i gdul bya rnams:_dug gsum rang gzugs 'byung po yi:_bar gcod gdon bgegs lhag par ldang:_de nyid skyob pa'i thabs kyi mchog:_bdag nyid rdo rje thod phreng rtsal:_drag po sgrub pa'i las rim bstan:_dang po skyabs su 'gro ba ni:_na mo:_bde gshegs kun 'dus thod phreng rtsal:_skyabs gnas rgya mtsho'i ye shes sku:_pad+ma drag po'i dkyil 'khor la:_byang chub bar du skyabs su mchi:_gnyis pa byang chub sems bskyed ni:_ho:_don dam gdod nas rnam dag kyang:_ma rtogs dug gsum 'khrul pas gtses:_ye shes dbyings su sgrol ba'i phyir:_drag po sgrub par sems bskyed do:_gsum pa bsags sbyang bdun rnam dag:_hU~M:_bla ma yi dam mkha' 'gro gshegs:_nyi zla pad+ma'i gdan la bzhugs:_lus ngag yid gsum gus phyag 'tshal:_phyi nang gsang ba'i mchod pa 'bul:_nyams chag sdig sgrib mthol zhing bshags:_gsang sngags sgrub la rjes yi rang:_smin grol gsang sngags chos 'khor bskor:_mya ngan mi 'da' bzhugs gsol 'debs:_snying po sems can don du bsngo:_yang dag rdo rje'i don rtogs shog:_bzhi pa nag phyogs brngan cing bskrad:_hU~M:_yang dag gsang ba'i dkyil 'khor 'dir:_glag lta bar gcod bdud kyi rigs:_gtor ma longs la gzhan du dengs:_'das na brlag par gdon mi za:_drag po'i sngags dang thun gyis gzir:_lnga pa phyi nang mtshams bcad pa:_hU~M:_rdo rje gsang ba'i gnas mchog 'dir:_gdod nas snang srid lha ru rdzogs:_dag pa chen po'i rol pa las:_mi phyed srung ba'i 'khor lor shar:_badz+ra dz+nyA na rak+Sha b+h+rU~M:_drug pa ye shes byin chen dbab:_hU~M hrIH_skye med chos dbyings klong yangs nas:_rang byung sangs rgyas 'od mi 'gyur:_srid zhi mnyam pa'i sgyu 'phrul gyis:_ye shes byin chen dbab tu gsol:_'od gsal rig pa rang snang sprin:_zhi khro'i rnam 'gyur bsam mi khyab:_gang 'dul dkyil 'khor lha tshogs kyis:_mchog thun dngos grub byin chen phob:_zung 'jug thugs rje'i rig pa'i rtsal:_rdo rje srin po khro bo'i rgyal:_pad+ma drag rtsal he ru kas:_bdud bzhi 'dul ba'i byin chen phob:_sku gsum bla ma'i lha tshogs rnams:_dbyings las rang shar glog ltar spyon:_rdo rje gsum gyi byin rlabs kyis:_rnal 'byor dgongs pa'i nyams rtogs spor:_bgegs dang log 'dren bar chad sol:_bdud bzhi'i gnod pa dbyings su bzlog:_sgrub mchog rnams la dbang bzhi bskur:_mchog dang thun mong dngos grub stsol:_oM AHhU~M badz+ra gu ru pad+ma d+he wa d+hA ki ni sa pA ri wa ra dz+nyA na a be sha ya a aH_hrIMHhrIMH_phaiM phaiMH_sa ma ya ho:_sa ma ya s+t+waM:_dz+nyA na tiSh+Tha hU~M:_bdun pa mchod pa byin rlabs ni:_oM AHhU~M:_snang srid ye shes phyag rgya'i sprin:_kun bzang mchod pa'i gter chen po:_gdod nas rang bzhin lhun grub pa:_bla med mchog gi rdzas su shar:_oM badz+ra ar+g+haM nas/_shab+da sarba pU dza sa mu dra AHhU~M:_oM ma hA pany+tsa a mr-i ta rak+ta ba liM ta AHhU~M:_zhes brjod phrin las dngos la 'jug:_sngon du bya ba'i rim pa'o:_sa ma ya:_zhes khye'u las rab rtsal gyi gter byon sku tshab rin po che'i thugs kar gsal ba'i brda yig las gangs can bstan 'gro'i skyabs gcig 'jam mgon rdo rje 'chang pad+ma ye shes rdo rje rang byung pad+ma gling pas gtan la phab pa'i zab gsang pad+ma'i yang tig gi smin grol zab mo'i thog ma'i snod ldan gyi skal bzang mngon du gyur nas 'bebs gzhi'i phyag bris bcas bstsal zhing*/_byin rlabs dgongs gtad thun mong ma yin pa thob pa'i nges shes kyi mthus/_stod kyi spyi chings kyang 'bri bar 'os pa'i bka' gnang ba thob pa ltar bla ma dang lhag pa'i lhas gnang ba'i byin rlabs kyi bdud rtsi reg pas dbyings rig gsang ba'i chos gter gyi tshul du pad+ma gar dbang 'od gsal mdo sngags gling pas mdo khams sde dge'i chos rgyal chen po'i pho brang gi shar phyogs zil khrom gangs kyi ra ba dang 'dabs 'byor ba'i gnas mkha' spyod thugs kyi 'khor lo yid lhung lha mtsho'i sman ljongs nags kyi dga' tshal nas gtan la phab pa 'dis kyang 'od gsal rdo rje snying po'i bstan pa la bya ba mchog tu byed par gyur cig_/mang+ga laM/_dge'o//_//

Footnotes

Other Information