DKR-KABUM-18-TSHA-022

From Khyentse Lineage - A Tsadra Foundation Project
Revision as of 11:47, 19 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བརྒྱུད་འདེབས་ཡེ་ཤེས་མཆོག་སྦྱིན།
Wylie title zab gsang pad+ma'i yang tig las/ bla ma drag po'i brgyud 'debs ye shes mchog sbyin DKR-KABUM-18-TSHA-022.pdf
Location dil mgo mkhyen brtse bka' 'bum
Volume 18, Text 22, Pages 159 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation Khyentse, Dilgo. Zab gsang pad+ma'i yang tig las bla ma drag po'i brgyud 'debs ye shes mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 159. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Colophon

།ཅེས་རང་བྱུང་སངས་རྒྱས་དཔལ་པདྨ་སྙིང་པོ་མཆོག་གི་རིག་པ་འཛིན་པའི་ཁྱབ་བདག་ཏུ་བཞེངས་པ་ཀུན་གཟིགས་པདྨ་གླིང་པའི་མཚན་ཅན་གྱི་གསང་བ་གསུམ་གྱི་ཐུན་མོང་མ་ཡིན་པའི་བྱིན་རླབས་བདུད་རྩི་སྙིང་ལ་སིམ་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ཟིལ་ཁྲོམ་གངས་ཀྱི་ར་བའི་མགུལ་དུ་བསྐྱོད་པའི་སྐབས་དད་སྤྲོའི་ཤུགས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ། དགེའོ།།

/ces rang byung sangs rgyas dpal pad+ma snying po mchog gi rig pa 'dzin pa'i khyab bdag tu bzhengs pa kun gzigs pad+ma gling pa'i mtshan can gyi gsang ba gsum gyi thun mong ma yin pa'i byin rlabs bdud rtsi snying la sim pa'i 'bangs 'jigs med mkhyen brtse'i 'od zer gyis zil khrom gangs kyi ra ba'i mgul du bskyod pa'i skabs dad spro'i shugs kyis gsol ba btab pa sid+d+hi rastu/_mang+ga laM/_dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཟབ་གསང་པདྨའི་ཡང་ཏིག་ལས། བླ་མ་དྲག་པོའི་བརྒྱུད་འདེབས་ཡེ་ཤེས་མཆོག་སྦྱིན་བཞུགས། ཆོས་དབྱིངས་སྐྱེ་མེད་རྡོ་རྗེའི་ཕོ་བྲང་ནས། །ཐོག་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར། །རྒྱལ་བ་དགོངས་བརྒྱུད་བླ་མར་གསོལ་བ་འདེབས། །ཀ་དག་ལྟ་བའི་རྫོང་ཆེན་ཟིན་པར་མཛོད། །འོད་གསལ་ལྷུན་གྲུབ་ལྔ་ལྡན་འོག་མིན་ནས། །རིགས་ཀྱི་ཁྱབ་བདག་སྣང་མཛད་གངས་ཆེན་འཚོ། །རིག་འཛིན་བརྡ་བརྒྱུད་བླ་མར་གསོལ་བ་འདེབས། །མ་བཅོས་སྒོམ་པས་སྲིད་ཞིའི་སྲོག་འཕྲོག་མཛོད། །ཟུང་འཇུག་འཁོར་འདས་ཁྱབ་བརྡལ་ཞིང་ཁམས་ནས། །གང་འདུལ་དེར་སྣང་པདྨ་ཐོད་ཕྲེང་རྩལ། །གང་ཟག་སྙན་བརྒྱུད་མཛོད་ཐོབ་གསོལ་བ་འདེབས། །ཤུགས་འབྱུང་སྤྱོད་པས་ཆགས་སྡང་འཕྲང་སྒྲོལ་མཛོད། །དངོས་གཅིག་དུ་མའི་སྒྱུ་འཕྲུལ་བསམ་ཡས་ནས། །རྗེ་འབངས་ལས་ཅན་གྲོགས་ཀྱི་རིག་པ་འཛིན། །མཁྱེན་བརྩེ་ནུས་པའི་མངའ་བདག་གསོལ་བ་འདེབས། །རང་གྲོལ་འབྲས་བུའི་ས་མཆོག་ཐོབ་པར་མཛོད། །དུས་བབ་ཐུགས་བསྐྱེད་ཕྲིན་ལས་དཔག་ཡས་ནས། །རྡོ་རྗེ་གཟི་བརྗིད་རང་བྱུང་པདྨ་གླིང༌། །ལས་ཅན་ཆོས་བདག་བཅས་ལ་གསོལ་བ་འདེབས། །སྨིན་གྲོལ་གསང་ལམ་མཐའ་རུ་ཕྱིན་པར་མཛོད། །ཤིན་ཏུ་ཞི་བ་འགྱུར་མེད་རྡོ་རྗེ་སེམས། །གདུལ་དཀའ་འདུལ་ཕྱིར་དཔལ་ཆེན་འབར་བའི་ཚུལ། །གཏུམ་དྲག་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ། །གཞི་ཡི་སྒོ་གསུམ་རྡོ་རྗེའི་དབང་གིས་སྨིན། །ལམ་གྱི་རྒྱུད་གསུམ་བསྐྱེད་རྫོགས་མཐའ་རུ་ཕྱིན། །འབྲས་བུ་སྐུ་གསུམ་དབྱེར་མེད་སངས་རྒྱས་ནས། །བསྙེན་སྒྲུབ་ལས་གསུམ་མཐའ་རུ་ཕྱིན་པར་ཤོག །ཅེས་རང་བྱུང་སངས་རྒྱས་དཔལ་པདྨ་སྙིང་པོ་མཆོག་གི་རིག་པ་འཛིན་པའི་ཁྱབ་བདག་ཏུ་བཞེངས་པ་ཀུན་གཟིགས་པདྨ་གླིང་པའི་མཚན་ཅན་གྱི་གསང་བ་གསུམ་གྱི་ཐུན་མོང་མ་ཡིན་པའི་བྱིན་རླབས་བདུད་རྩི་སྙིང་ལ་སིམ་པའི་འབངས་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ཟིལ་ཁྲོམ་གངས་ཀྱི་ར་བའི་མགུལ་དུ་བསྐྱོད་པའི་སྐབས་དད་སྤྲོའི་ཤུགས་ཀྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ། དགེའོ།། །།
[edit]

zab gsang pad+ma'i yang tig las/_bla ma drag po'i brgyud 'debs ye shes mchog sbyin bzhugs/_chos dbyings skye med rdo rje'i pho brang nas/_/thog ma'i mgon po kun bzang 'od mi 'gyur/_/rgyal ba dgongs brgyud bla mar gsol ba 'debs/_/ka dag lta ba'i rdzong chen zin par mdzod/_/'od gsal lhun grub lnga ldan 'og min nas/_/rigs kyi khyab bdag snang mdzad gangs chen 'tsho/_/rig 'dzin brda brgyud bla mar gsol ba 'debs/_/ma bcos sgom pas srid zhi'i srog 'phrog mdzod/_/zung 'jug 'khor 'das khyab brdal zhing khams nas/_/gang 'dul der snang pad+ma thod phreng rtsal/_/gang zag snyan brgyud mdzod thob gsol ba 'debs/_/shugs 'byung spyod pas chags sdang 'phrang sgrol mdzod/[1$0000100 1$0000300]/dngos gcig du ma'i sgyu 'phrul bsam yas nas/_/rje 'bangs las can grogs kyi rig pa 'dzin/_/mkhyen brtse nus pa'i mnga' bdag gsol ba 'debs/_/rang grol 'bras bu'i sa mchog thob par mdzod/_/dus bab thugs bskyed phrin las dpag yas nas/_/rdo rje gzi brjid rang byung pad+ma gling*/_/las can chos bdag bcas la gsol ba 'debs/[1$0000100 1$0000300]/smin grol gsang lam mtha' ru phyin par mdzod/_/shin tu zhi ba 'gyur med rdo rje sems/_/gdul dka' 'dul phyir dpal chen 'bar ba'i tshul/_/gtum drag lha tshogs rnams la gsol ba 'debs/_/mchog dang thun mong dngos grub ma lus stsol/_/gzhi yi sgo gsum rdo rje'i dbang gis smin/_/lam gyi rgyud gsum bskyed rdzogs mtha' ru phyin/_/'bras bu sku gsum dbyer med sangs rgyas nas/_/bsnyen sgrub las gsum mtha' ru phyin par shog_/ces rang byung sangs rgyas dpal pad+ma snying po mchog gi rig pa 'dzin pa'i khyab bdag tu bzhengs pa kun gzigs pad+ma gling pa'i mtshan can gyi gsang ba gsum gyi thun mong ma yin pa'i byin rlabs bdud rtsi snying la sim pa'i 'bangs 'jigs med mkhyen brtse'i 'od zer gyis zil khrom gangs kyi ra ba'i mgul du bskyod pa'i skabs dad spro'i shugs kyis gsol ba btab pa sid+d+hi rastu/_mang+ga laM/_dge'o//_//

Footnotes

Other Information