DKR-KABUM-17-TSA-034: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 33: Line 33:
|colophontib=ཞེས་པའང་བསླབ་གསུམ་ཡོན་ཏན་རྨད་བྱུང་འབྲོང་སྤྲུལ་ཀརྨ་ཕྲིན་ལས་ཉི་མ་ནས་ནན་ཏན་ཆེན་པོས་གསུང་བསྐུལ་གྱི་ཐུགས་བཞེད་བསྐང་ཕྱིར། རྒྱལ་ཁམས་པ་མངྒ་ལས་རྫུན་རིས་ཀྱི་ཡི་གེར་སྤེལ་བ་ཀུན་ལ་གུ་ཧྱ༔ མངྒ་ལཾ། དགེའོ། །
|colophontib=ཞེས་པའང་བསླབ་གསུམ་ཡོན་ཏན་རྨད་བྱུང་འབྲོང་སྤྲུལ་ཀརྨ་ཕྲིན་ལས་ཉི་མ་ནས་ནན་ཏན་ཆེན་པོས་གསུང་བསྐུལ་གྱི་ཐུགས་བཞེད་བསྐང་ཕྱིར། རྒྱལ་ཁམས་པ་མངྒ་ལས་རྫུན་རིས་ཀྱི་ཡི་གེར་སྤེལ་བ་ཀུན་ལ་གུ་ཧྱ༔ མངྒ་ལཾ། དགེའོ། །
|colophonwylie=zhes pa'ang bslab gsum yon tan rmad byung 'brong sprul karma phrin las nyi ma nas nan tan chen pos gsung bskul gyi thugs bzhed bskang phyir/_rgyal khams pa mang+ga las rdzun ris kyi yi ger spel ba kun la gu h+ya:_mang+ga laM/_dge'o/_/
|colophonwylie=zhes pa'ang bslab gsum yon tan rmad byung 'brong sprul karma phrin las nyi ma nas nan tan chen pos gsung bskul gyi thugs bzhed bskang phyir/_rgyal khams pa mang+ga las rdzun ris kyi yi ger spel ba kun la gu h+ya:_mang+ga laM/_dge'o/_/
|lotsawalink=https://www.lotsawahouse.org/tibetan-masters/dilgo-khyentse/sakya-pandita-guru-yoga
|pdflink=File:DKR-KABUM-17-TSA-034.pdf
|pdflink=File:DKR-KABUM-17-TSA-034.pdf
}}
}}

Latest revision as of 15:32, 1 February 2023

ཆོས་རྗེ་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཡེ་ཤེས་བདུད་རྩིའི་ཉིན་བྱེད།
Wylie title chos rje sa skya paN+Di ta'i bla ma'i rnal 'byor ye shes bdud rtsi'i nyin byed DKR-KABUM-17-TSA-034.pdf
Location dil mgo mkhyen brtse bka' 'bum
Volume 17, Text 34, Pages 288-293 (Folios 1a to 6a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People ས་སྐྱ་པཎྜི་ཏ་ (sa skya paN+Di ta)
Citation Khyentse, Dilgo. Chos rje sa skya paN+Di ta'i bla ma'i rnal 'byor ye shes bdud rtsi'i nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 288-293. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Lotsawa House Link https://www.lotsawahouse.org/tibetan-masters/dilgo-khyentse/sakya-pandita-guru-yoga
Colophon

ཞེས་པའང་བསླབ་གསུམ་ཡོན་ཏན་རྨད་བྱུང་འབྲོང་སྤྲུལ་ཀརྨ་ཕྲིན་ལས་ཉི་མ་ནས་ནན་ཏན་ཆེན་པོས་གསུང་བསྐུལ་གྱི་ཐུགས་བཞེད་བསྐང་ཕྱིར། རྒྱལ་ཁམས་པ་མངྒ་ལས་རྫུན་རིས་ཀྱི་ཡི་གེར་སྤེལ་བ་ཀུན་ལ་གུ་ཧྱ༔ མངྒ་ལཾ། དགེའོ། །

zhes pa'ang bslab gsum yon tan rmad byung 'brong sprul karma phrin las nyi ma nas nan tan chen pos gsung bskul gyi thugs bzhed bskang phyir/_rgyal khams pa mang+ga las rdzun ris kyi yi ger spel ba kun la gu h+ya:_mang+ga laM/_dge'o/_/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
ཆོས་རྗེ་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཡེ་ཤེས་བདུད་རྩིའི་ཉིན་བྱེད་བཞུགས་སོ།།

ཕྱི་སྒྲུབ་ནི། ཨ། སྣང་སྲིད་རྣམ་དག་འོག་མིན་བདེ་ཆེན་ཞིང༌། །བཀོད་པ་རབ་མཛེས་རང་མདུན་མཆོད་སྤྲིན་དབུས། །འཇམ་པའི་དབྱངས་དངོས་ས་སྐྱ་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་མཚན་དཔེའི་གཞོན་ཚུལ་མཛེས། །ངུར་སྨྲིག་ཆོས་གོས་གསུམ་གྱིས་མཛེས་པར་བཀླུབས། །ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་ལས། །པད་སྡོང་ཟུང་སྟེང་རལ་གྲི་གླེགས་བམ་བསྣམས། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་པད་ཟླའི་སྟེང༌། །དགྱེས་འཛུམ་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །ཐུགས་ཀའི་དཔལ་བེར་ཡེ་ཤེས་སེམས་དཔའི་ཚུལ། །འཇམ་དཔལ་གཞོན་ནུ་དམར་སེར་རལ་པོད་ཅན། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་འབུམ་གྱིས་འཁྱུད། །ལོངས་སྐུའི་ཆས་ཅན་ཐུགས་ཀར་ཟླ་སྟེང་དྷཱིཿ དམར་སེར་ཉི་མ་བྱེ་བའི་གཟི་བྱིན་འབར། །འཁོར་དུ་སྲས་བཅས་རྒྱལ་བའི་དཀྱིལ་འཁོར་བཞུགས། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་འཆང་བ། །དཔལ་ལྡན་བླ་མར་དད་བརྒྱའི་ཕྱག་གིས་འདུད། །སྣང་སྲིད་ཀུན་བཟང་མཆོད་སྤྲིན་དགྱེས་དགུར་འབུལ། །མི་ཤེས་སྒྲིབ་པའི་ནོངས་པ་མཐོལ་ལོ་བཤགས། །འཁོར་འདས་དགེ་ཚོགས་རྒྱ་མཚོར་རྗེས་ཡི་རང༌། །དྲི་མེད་ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ། །འགྲོ་ཁམས་ཇི་སྲིད་རྡོ་རྗེའི་སྐུར་བཞུགས་ནས། །མཁའ་ཁྱབ་ཡིད་ཅན་སྲིད་ཞི་ལས་གྲོལ་ཞིང༌། །རྫོགས་སྨིན་སྦྱངས་མཐར་སོན་པར་མཛད་དུ་གསོལ། །ཁྱོད་ནི་སྲས་བཅས་རྒྱལ་བ་ཀུན་གྱི་ཡབ། །གཉིས་མེད་ཡེ་ཤེས་སྐུ་ཅན་འཇམ་པའི་དབྱངས། །རྣམ་ཐར་བསམ་ཡས་ཕྱོགས་དུས་འདྲེན་པས་བསྔགས། །ཡོན་ཏན་རྗེས་སུ་དྲན་པས་གསོལ་བ་འདེབས། །བདག་གི་སྙིང་དབུས་པདྨའི་གེ་སར་རྩེར། །དགྱེས་པའི་མཚན་བཟང་མངོན་སུམ་བཀོད་ནས་ཀྱང༌། །མགོན་པོ་ཁྱོད་ཀྱི་རྣམ་ཐར་ཇི་བཞིན་དུ། །སྤྱོད་ནུས་བྱིན་རླབས་རྟེན་འདིར་བསྩལ་དུ་གསོལ། །ཞེས་དང༌། ཞལ་གསུང་གསོལ་འདེབས། ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་ཤིང༌། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་གསོལ་བ་ཕུར་ཚུགས་སུ་གདབ། ཆོས་རྗེའི་ཐུགས་ཀར་ཟླ་སྟེང་དྷཱིཿདམར་སེར། །ཡི་གེ་དྲུག་པ་རྡོ་རྗེའི་སྔགས་ཀྱིས་བསྐོར། །འོད་ཟེར་སྤྲོ་བསྡུས་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །སངས་རྒྱས་བྱང་སེམས་རྒྱུད་བསྐུལ་མཁྱེན་ནུས་བརྩེའི། །བྱིན་རླབས་འོད་ཟེར་བསྡུས་ནས་ཐུགས་ཀར་ཐིམ། །སྐུ་ལས་བསམ་མི་ཁྱབ་པའི་འོད་ཟེར་གྱིས། །རང་གི་ལུས་གང་ནད་གདོན་སྡིག་སྒྲིབ་དག །མི་ཤེས་དྲི་སྦྱངས་བདག་མེད་གནས་ལུགས་དོན། །རྟོགས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཅི་ནུས་བཟླ། ཐུན་མཐར། བླ་མའི་སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །དམར་སེར་བདེ་བ་ཆེན་པོའི་རྣམ་པ་བྱུང༌། །སྤྱི་གཙུག་ནས་ཞུགས་ལུས་ཀུན་གང་བ་དང༌། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་ཞུགས། །ལུས་ངག་ཡིད་ཀྱི་སྒྲིབ་པ་མ་ལུས་དག །བླ་མ་འཇམ་པའི་རྡོ་རྗེའི་གསང་གསུམ་དང༌། །གཉིས་སུ་མེད་པའི་སྐལ་བཟང་མངོན་དུ་གྱུར། །བླ་མ་འཁོར་བཅས་འོད་ཞུ་རང་ལ་ཐིམ། །གདོད་ནས་སྐྱེ་འགག་གནས་བྲལ་སེམས་ཀྱི་གཤིས། །གཉིས་མེད་ཡེ་ཤེས་ཕུང་པོར་འདྲེས་པ་ཡིས། །དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །སྣང་སྟོང་སྒྱུ་མའི་སྐུ་ཡིས་ཞིང་ཀུན་ཁྱབ། །རྣམ་པ་ཐམས་ཅད་ཐེག་གསུམ་ཆོས་སྒྲ་སྒྲོགས། །མཁྱེན་བརྩེ་ནུས་པ་དཔག་ཡས་འཇམ་མགོན་རྗེའི། །གསང་བ་གསུམ་གྱི་དཔལ་ལ་སྤྱོད་གྱུར་ཅིག །ཅེས་པའང་མཁྱེན་རྟོགས་ཡོན་ཏན་རྨད་བྱུང་འབྲོང་པ་སྤྲུལ་སྐུ་ཕྲིན་ལས་ཉི་མ་དང༌། དོ་སྐྱ་སྤྲུལ་སྐུ་ཆོས་ཀྱི་ཉི་མས་རྗེས་སུ་བསྐུལ་བའི་རྐྱེན་གྱིས་ཆོས་རྗེ་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ཆ་ཙམ་ཐོབ་པའི་འཁོས་ཆུང་གྱི་ན་བ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་བློ་གྲོས་དྲི་མེད་གཟི་བརྗིད་རབ་དགའི་དཔལ་གྱིས་འཕགས་ཡུལ་རྡོ་རྗེ་གླིང་གི་རི་རྩེ་ཌ་ལིས་དགོན་གྱི་གཙུག་ལག་ཁང་དུ་བྲིས་ཤིང་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག །ཕྲིན་ལས་ཉི་མའི་སྐྱ་རེངས་དང་པོས་བསྐུལ། །ཆོས་ཀྱི་ཉི་མ་འཆར་བའི་རྟེན་འབྲེལ་གྱི། །ཡེ་ཤེས་ཉི་མའི་བླ་སྒྲུབ་འདི་ཉིད་ཀྱིས། །རྒྱལ་བསྟན་ཉི་མ་སྒྲིབ་མེད་གསལ་གྱུར་ཅིག །མངྒ་ལཾ། དགེའོ། ༈ ནང་སྒྲུབ་ནི། ཨ༔ རིག་སྟོང་རྡོ་རྗེའི་ཡེ་ཤེས་ཆེན་པོའི་འཕྲུལ༔ སྣོད་བཅུད་འོག་མིན་དག་པའི་ཞིང་གི་དབུས༔ རིན་ཆེན་གཞལ་མེད་ཁང་མཛེས་མཚན་ཉིད་རྫོགས༔ ལྟེ་བར་སེང་ཁྲི་པདྨ་ཟླ་བའི་སྟེང༔ ཨ་ཡིག་གསེར་གྱི་མདངས་འཕྲོ་ངུར་སྨྲིག་མདོག༔ ཡོངས་གྱུར་ཆོས་རྗེ་ས་སྐྱ་པཎྜི་ཏ༔ རྣམ་པ་འཇམ་པའི་རྡོ་རྗེ་གཞོན་ཚུལ་མཛེས༔ ཕྱག་གཡས་ཡེ་ཤེས་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་མཐེབ་མཛུབ་ཨུཏྤལ་གླེགས་བམ་འཛིན༔ གཡས་ཀྱི་འོག་མས་ཡེ་ཤེས་རྡོ་རྗེ་གདེངས༔ གཡོན་པས་མཆོག་སྦྱིན་དཔལ་གྱི་བེའུ་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་ལོངས་སྐུའི་ཆས༔ སྣང་སྟོང་མཁའ་ཁྱབ་རྡོ་རྗེའི་སྐུ་རུ་གསལ༔ འཇའ་ཟེར་ཡེ་ཤེས་འོད་ཀྱི་གཟི་བྱིན་ངང༔ དགྱེས་འཛུམ་མཚན་དཔེའི་ཉམས་འགྱུར་ཡིད་དུ་འོང༔ མདུན་དུ་ཐུགས་ཀྱི་རྡོ་རྗེ་འཕགས་པ་ལྷ༔ གཡས་སུ་སྐུ་མཆོག་སློབ་དཔོན་ཡོན་ཏན་འོད༔ རྒྱབ་ཏུ་གསུང་གི་རྡོ་རྗེ་དབྱིག་གི་གཉེན༔ གཡོན་དུ་ཕྲིན་ལས་ཤིང་རྟ་ཐོགས་མེད་ཞབས༔ ཤར་ལྷོར་དབུ་མའི་སྲོལ་འབྱེད་ཟླ་བ་གྲགས༔ ལྷོ་ནུབ་ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་གྲགས༔ ནུབ་བྱང་དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཆེ༔ བྱང་ཤར་སྟོན་པའི་རྒྱལ་ཚབ་ཤཱཀྱ་འོད༔ རིགས་ཀྱི་བདག་པོ་དཔལ་མགོན་འཕགས་པ་ཀླུ༔ ཀུན་ཀྱང་པཎ་ཆེན་ངུར་སྨྲིག་འཛིན་པའི་ཚུལ༔ ཆོས་འཆད་སྐྱིལ་ཀྲུང་མཁྱེན་བརྩེའི་གཟི་བྱིན་འབར༔ གཉིས་མེད་ཡེ་ཤེས་སྒྱུ་འཕྲུལ་བསམ་འདས་སྒོམ༔ ཨ༔ ཆོས་དབྱིངས་ཀློང་ན་གཤེགས་བཞུགས་ལས་འདས་ཀྱང༔ མོས་པའི་སྣང་ངོར་སངས་རྒྱས་ཕྲིན་ལས་མཐུ༔ གང་འདུལ་དེར་སྟོན་ཐུགས་རྗེས་བྱིན་རླབས་ཕྱིར༔ དད་ལྡན་བསོད་ནམས་ཞིང་དུ་གཤེགས་སུ་གསོལ༔ ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ སྣོད་བཅུད་རྣམ་དག་འདོད་ཡོན་མཆོད་པའི་རྫས༔ བླ་མེད་ཡེ་ཤེས་རོལ་པ་ཆོས་དབྱིངས་བརྡལ༔ རྣམ་དག་ཀུན་ཏུ་བཟང་པོའི་རོལ་པ་ཡིས༔ དཔལ་ལྡན་བླ་མ་དགྱེས་པ་མཆོག་ཏུ་བསྐྱེད༔ མ་ཧཱ་པཱུ་ཛ་ཧོཿ མཁྱེན་པའི་ཡེ་ཤེས་ཤེས་བྱ་ཐམས་ཅད་གཟིགས༔ བརྩེ་བས་རྒྱལ་ཀུན་ཕྲིན་ལས་ཚུལ་བཞིན་སྐྱོང༔ ནུས་པས་སྲིད་ཞིའི་འཇིགས་སྐྱོབ་བླ་མ་རྗེ༔ ཡིད་ཆེས་དད་པས་ཕྱག་འཚལ་བསྟོད་པར་བགྱི༔ གཙོ་བོའི་ཐུགས་ཀར་པད་ཟླར་ས་བོན་དྷཱི༔ རྡོ་རྗེའི་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས་པའི་མཐུས༔ སྒྲིབ་དག་ཡེ་ཤེས་སྣང་བ་རྒྱས་པར་གྱུར༔ ཨོཾ་ཁ་དོག་ལྔ་ལྡན། ཨ་མཐིང༌། ར་དམར། པ་དཀར། ཙ་ལྗང༌། ན་སེར་པོ། དྷཱིཿདམར་སེར་སྒོམ་པ་མན་ངག་ཡིན། མཆན། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ༈ གསང་སྒྲུབ་ནི། ཨོཾ༔ རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས༔ ཁྲོ་རྒྱལ་རྡོ་རྗེའི་ཕོ་བྲང་ཆེ༔ དྲག་པོའི་བཀོད་པ་ལྷུན་གྱིས་གྲུབ༔ འཇིགས་སུ་རུང་བའི་དུར་ཁྲོད་དབུས༔ བདག་ཉིད་ཡ་མ་རཱ་ཛ་ནི༔ རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད༔ གཏུམ་ཆེན་འབར་བ་མ་ཧེའི་གདོང༔ ཤིན་ཏུ་རྔམ་པའི་ང་རོ་སྒྲོགས༔ མཆེ་གཙིགས་ཞལ་གདངས་ལྗགས་བརྐྱངས་ཤིང༔ ཤངས་གཉེར་རྐན་སྒྲ་མི་ཟད་འབྱིན༔ དུས་ཀྱི་མུན་པ་ལྟར་གནག་སྐུ༔ ཁྲོ་བོའི་ཆས་རྫོགས་འདོར་སྟབས་བཞེངས༔ ཕྱག་གཡས་རྡོ་རྗེའི་བེ་ཅོན་གདེངས༔ འཇིག་རྟེན་གསུམ་པོ་ཟིལ་གྱིས་གནོན༔ གཡོན་པས་དུས་ཀྱི་ཞགས་པ་འཕེན༔ ཁམས་གསུམ་སྐྱེ་འགྲོ་འཆིང་ཤིང་སྡུད༔ གཏུམ་མོ་ཟ་བྱེད་ཡུམ་དང་སྦྱོར༔ རྔམས་པའི་ཚུལ་གྱིས་མེ་དབུས་འགྱིང༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ འཇིགས་མཛད་དཀར་སེར་དམར་ལྗང་བཞི༔ ཕྱོགས་བཞིར་གཙོ་བོའི་ཚུལ་དུ་བཞུགས༔ བཀའ་སྡོད་ཡེ་ཤེས་འཇིག་རྟེན་འདས༔ གཤིན་རྗེའི་ཕོ་ཉ་རྡུལ་ལྟར་འཚུབས༔ མཐུ་སྟོབས་དྲག་རྩལ་མི་བཟད་པས༔ འཇིག་རྟེན་གསུམ་པོ་ཟས་སུ་ཟ༔ དོན་ལ་འཇམ་དཔལ་ཡེ་ཤེས་སྐུའི༔ ཆོས་ཉིད་གཅིག་ཏུ་རྣམ་པར་དག༔ ཐུགས་ཀར་ཉི་སྟེང་ཡཿམཐིང་ནག༔ རྔམས་ཆེན་མེ་འབར་སྔགས་ཀྱིས་བསྐོར༔ སྤྲོ་བསྡུས་བདུད་དང་མུ་སྟེགས་བསྒྲལ༔ རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ སྒོ་གསུམ་མི་ཕྱེད་ཡེ་ཤེས་དབྱིངས༔ རྡོ་རྗེ་སྡོམ་པའི་ཕྱག་རྒྱར་སད༔ ཨོཾ་ཡ་མ་རཱ་ཛ༔ ས་དོ་མེ་ཡ༔ ཡ་མེ་དོ་རུ་ཎ་ཡོ་ད་ཡ༔ ཡ་ད་ཡོ་ནི༔ ར་ཡ་ཀྵེ་ཡ༔ ཡཀྵེ་ཡཙྪ༔ ནི་ར་མ་ཡ་ཧཱུྃ་ཧཱུྃ་ཕཊ྄༔ ཉི་མ་བཞི་པའི་སྔགས་བཟླས་པས༔ ཁྲོ་བོའི་རྒྱལ་པོ་དངོས་སུ་འགྲུབ༔ ས་མ་ཡ༔ སྨིན་བྱེད་ཀུན་ལ་ཁྱབ་པ་ནི༔ སྔོན་རྗེས་གསང་བ་སྤྱི་དང་མཚུངས༔ ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན༔ སྲིད་པའི་འཁོར་ལོ་རྣམ་སྦྱོང་བ༔ དེ་རིང་བཤད་པའི་རིན་ཆེན་གཏེར༔ གཙོ་བོའི་བདག་ལ་བཀའ་དྲིན་སྩོལ༔ ཨོཾ་བུམ་པ་བཟང་པོ་ཆེ་བའི་མཆོག༔ སྣོད་བཅུད་དཀྱིལ་འཁོར་གཅིག་ཏུ་དག༔ ཡེ་ཤེས་བདུད་རྩི་གཏོར་བླུགས་ཀྱིས༔ སྐལ་ལྡན་སྐྱེས་བུ་སྨིན་གྱུར་ཅིག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ རྡོ་རྗེའི་སྐུ་སྟེ་སྐུ་ཡི་མཆོག༔ བྱེད་པོ་སེམས་ཅན་དོན་ཀུན་བྱེད༔ ཡེ་ཤེས་སྐུ་སྟེ་རང་བྱུང་བས༔ འགྲོ་བ་སྨིན་བྱེད་དབང་བསྐུར་རོ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ རྡོ་རྗེའི་གསུང་ནི་གདོད་ནས་དག༔ སྐྱེ་མེད་ཡེ་ཤེས་ཆོ་འཕྲུལ་ཏེ༔ ཐམས་ཅད་སྣང་ཞིང་སྟོན་པར་བྱེད༔ ངག་གི་དབང་ཕྱུག་འགྲུབ་གྱུར་ཅིག༔ ཝཱཀ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཡེ་ཤེས་སྣང་བ་མཁའ་ལྟར་ཁྱབ༔ མི་ཤིགས་རྡོ་རྗེའི་སྲོག་ཆེན་པོ༔ ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས༔ ཕྱག་རྒྱ་ཆེན་པོས་དབང་བསྐུར་རོ༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ དམ་ཚིག་ཁས་བླངས་མཎྜལ་འབུལ༔ ལམ་ཀུན་བསྒོམ་པའི་སྣོད་རུང་འགྱུར༔ རྡོ་རྗེ་ཐེག་པ་གསང་བ་ཆེའི༔ སྙིང་པོ་དབང་གི་ཆོ་གར་རྫོགས༔ ས་མ་ཡ༔ ཞེས་པའང་བསླབ་གསུམ་ཡོན་ཏན་རྨད་བྱུང་འབྲོང་སྤྲུལ་ཀརྨ་ཕྲིན་ལས་ཉི་མ་ནས་ནན་ཏན་ཆེན་པོས་གསུང་བསྐུལ་གྱི་ཐུགས་བཞེད་བསྐང་ཕྱིར། རྒྱལ་ཁམས་པ་མངྒ་ལས་རྫུན་རིས་ཀྱི་ཡི་གེར་སྤེལ་བ་ཀུན་ལ་གུ་ཧྱ༔ མངྒ་ལཾ། དགེའོ། །
[edit]

skya_chos rje sa skya paN+Di ta'i bla ma'i rnal 'byor ye shes bdud rtsi'i nyin byed bzhugs so// phyi sgrub ni/_a/_snang srid rnam dag 'og min bde chen zhing*/_/bkod pa rab mdzes rang mdun mchod sprin dbus/_/'jam pa'i dbyangs dngos sa skya paN+Di ta/_/kun dga' rgyal mtshan mtshan dpe'i gzhon tshul mdzes/_/ngur smrig chos gos gsum gyis mdzes par bklubs/_/phyag gnyis thugs kar chos 'chad phyag rgya las/_/pad sdong zung steng ral gri glegs bam bsnams/_/zhabs gnyis rdo rje skyil krung pad zla'i steng*/_/dgyes 'dzum brtse ba'i spyan gyis bdag la gzigs/_/thugs ka'i dpal ber ye shes sems dpa'i tshul/_/'jam dpal gzhon nu dmar ser ral pod can/_/rdo rje'i skyil krung 'od zer 'bum gyis 'khyud/_/longs sku'i chas can thugs kar zla steng d+hIH_dmar ser nyi ma bye ba'i gzi byin 'bar/_/'khor du sras bcas rgyal ba'i dkyil 'khor bzhugs/_/sangs rgyas kun gyi ye shes sku 'chang ba/_/dpal ldan bla mar dad brgya'i phyag gis 'dud/_/snang srid kun bzang mchod sprin dgyes dgur 'bul/_/mi shes sgrib pa'i nongs pa mthol lo bshags/_/'khor 'das dge tshogs rgya mtshor rjes yi rang*/_/dri med zab rgyas chos 'khor bskor bar bskul/_/'gro khams ji srid rdo rje'i skur bzhugs nas/_/mkha' khyab yid can srid zhi las grol zhing*/_/rdzogs smin sbyangs mthar son par mdzad du gsol/_/khyod ni sras bcas rgyal ba kun gyi yab/_/gnyis med ye shes sku can 'jam pa'i dbyangs/_/rnam thar bsam yas phyogs dus 'dren pas bsngags/_/yon tan rjes su dran pas gsol ba 'debs/_/bdag gi snying dbus pad+ma'i ge sar rtser/_/dgyes pa'i mtshan bzang mngon sum bkod nas kyang*/_/mgon po khyod kyi rnam thar ji bzhin du/_/spyod nus byin rlabs rten 'dir bstsal du gsol/_/zhes dang*/_zhal gsung gsol 'debs/_shes bya thams cad gzigs pa'i spyan yangs shing*/_/'gro kun dge legs sgrub pa'i thugs rje can/_/bsam yas phrin las mdzad pa'i stobs mnga' ba/_/'jam mgon bla ma'i zhabs la gsol ba 'debs/_/zhes gsol ba phur tshugs su gdab/_chos rje'i thugs kar zla steng d+hIHdmar ser/_/yi ge drug pa rdo rje'i sngags kyis bskor/_/'od zer spro bsdus 'gro kun sgrib gnyis sbyangs/_/sangs rgyas byang sems rgyud bskul mkhyen nus brtse'i/_/byin rlabs 'od zer bsdus nas thugs kar thim/_/sku las bsam mi khyab pa'i 'od zer gyis/_/rang gi lus gang nad gdon sdig sgrib dag_/mi shes dri sbyangs bdag med gnas lugs don/_/rtogs pa'i ye shes rgyud la skyes par gyur/_/oM a ra pa tsa na d+hIH_zhes ci nus bzla/_thun mthar/_bla ma'i sku las ye shes bdud rtsi'i rgyun/_/dmar ser bde ba chen po'i rnam pa byung*/_/spyi gtsug nas zhugs lus kun gang ba dang*/_/sku gsung thugs kyi byin rlabs dngos su zhugs/_/lus ngag yid kyi sgrib pa ma lus dag_/bla ma 'jam pa'i rdo rje'i gsang gsum dang*/_/gnyis su med pa'i skal bzang mngon du gyur/_/bla ma 'khor bcas 'od zhu rang la thim/_/gdod nas skye 'gag gnas bral sems kyi gshis/_/gnyis med ye shes phung por 'dres pa yis/_/dbang dang dngos grub thams cad thob par bsam/_/snang stong sgyu ma'i sku yis zhing kun khyab/_/rnam pa thams cad theg gsum chos sgra sgrogs/_/mkhyen brtse nus pa dpag yas 'jam mgon rje'i/_/gsang ba gsum gyi dpal la spyod gyur cig__/ces pa'ang mkhyen rtogs yon tan rmad byung 'brong pa sprul sku phrin las nyi ma dang*/_do skya sprul sku chos kyi nyi mas rjes su bskul ba'i rkyen gyis chos rje 'jam dpal dbyangs kyi byin rlabs cha tsam thob pa'i 'khos chung gyi na ba 'jigs med mkhyen brtse'i 'od zer blo gros dri med gzi brjid rab dga'i dpal gyis 'phags yul rdo rje gling gi ri rtse Da lis dgon gyi gtsug lag khang du bris shing gsol ba btab pa don dang ldan par gyur cig_/phrin las nyi ma'i skya rengs dang pos bskul/_/chos kyi nyi ma 'char ba'i rten 'brel gyi/_/ye shes nyi ma'i bla sgrub 'di nyid kyis/_/rgyal bstan nyi ma sgrib med gsal gyur cig_/mang+ga laM/_dge'o/__!__nang sgrub ni/__a:_rig stong rdo rje'i ye shes chen po'i 'phrul:_snod bcud 'og min dag pa'i zhing gi dbus:_rin chen gzhal med khang mdzes mtshan nyid rdzogs:_lte bar seng khri pad+ma zla ba'i steng:_a yig gser gyi mdangs 'phro ngur smrig mdog:_yongs gyur chos rje sa skya paN+Di ta:_rnam pa 'jam pa'i rdo rje gzhon tshul mdzes:_phyag g.yas ye shes ral gri mkha' la phyar:_g.yon pas mtheb mdzub ut+pal glegs bam 'dzin:_g.yas kyi 'og mas ye shes rdo rje gdengs:_g.yon pas mchog sbyin dpal gyi be'u bsnams:_zhabs zung rdo rje'i skyil krung longs sku'i chas:_snang stong mkha' khyab rdo rje'i sku ru gsal:_'ja' zer ye shes 'od kyi gzi byin ngang:_dgyes 'dzum mtshan dpe'i nyams 'gyur yid du 'ong:_mdun du thugs kyi rdo rje 'phags pa lha:_g.yas su sku mchog slob dpon yon tan 'od:_rgyab tu gsung gi rdo rje dbyig gi gnyen:_g.yon du phrin las shing rta thogs med zhabs:_shar lhor dbu ma'i srol 'byed zla ba grags:_lho nub phyogs las rnam rgyal chos kyi grags:_nub byang dpal ldan phyogs kyi glang po che:_byang shar ston pa'i rgyal tshab shAkya 'od:_rigs kyi bdag po dpal mgon 'phags pa klu:_kun kyang paN chen ngur smrig 'dzin pa'i tshul:_chos 'chad skyil krung mkhyen brtse'i gzi byin 'bar:_gnyis med ye shes sgyu 'phrul bsam 'das sgom:_a:_chos dbyings klong na gshegs bzhugs las 'das kyang:_mos pa'i snang ngor sangs rgyas phrin las mthu:_gang 'dul der ston thugs rjes byin rlabs phyir:_dad ldan bsod nams zhing du gshegs su gsol:_sa ma ya dzaH_dzaHhU~M baM hoH_snod bcud rnam dag 'dod yon mchod pa'i rdzas:_bla med ye shes rol pa chos dbyings brdal:_rnam dag kun tu bzang po'i rol pa yis:_dpal ldan bla ma dgyes pa mchog tu bskyed:_ma hA pU dza hoH_mkhyen pa'i ye shes shes bya thams cad gzigs:_brtse bas rgyal kun phrin las tshul bzhin skyong:_nus pas srid zhi'i 'jigs skyob bla ma rje:_yid ches dad pas phyag 'tshal bstod par bgyi:_gtso bo'i thugs kar pad zlar sa bon d+hI:_rdo rje'i sngags kyi phreng bas g.yas su bskor:_'od zer spro bsdus don gnyis bsgrubs pa'i mthus:_sgrib dag ye shes snang ba rgyas par gyur:_oM kha dog lnga ldan/_a mthing*/_ra dmar/_pa dkar/_tsa ljang*/_na ser po/_d+hIHdmar ser sgom pa man ngag yin/_mchan/_oM a ra pa tsa na d+hIH__!__gsang sgrub ni/_oM:_rnam thar gsum ldan chos kyi dbyings:_khro rgyal rdo rje'i pho brang che:_drag po'i bkod pa lhun gyis grub:_'jigs su rung ba'i dur khrod dbus:_bdag nyid ya ma rA dza ni:_rdo rje 'jigs byed 'jigs par byed:_gtum chen 'bar ba ma he'i gdong:_shin tu rngam pa'i nga ro sgrogs:_mche gtsigs zhal gdangs ljags brkyangs shing:_shangs gnyer rkan sgra mi zad 'byin:_dus kyi mun pa ltar gnag sku:_khro bo'i chas rdzogs 'dor stabs bzhengs:_phyag g.yas rdo rje'i be con gdengs:_'jig rten gsum po zil gyis gnon:_g.yon pas dus kyi zhags pa 'phen:_khams gsum skye 'gro 'ching shing sdud:_gtum mo za byed yum dang sbyor:_rngams pa'i tshul gyis me dbus 'gying:_sku gsung thugs dang ye shes kyi:_'jigs mdzad dkar ser dmar ljang bzhi:_phyogs bzhir gtso bo'i tshul du bzhugs:_bka' sdod ye shes 'jig rten 'das:_gshin rje'i pho nya rdul ltar 'tshubs:_mthu stobs drag rtsal mi bzad pas:_'jig rten gsum po zas su za:_don la 'jam dpal ye shes sku'i:_chos nyid gcig tu rnam par dag:_thugs kar nyi steng yaHmthing nag:_rngams chen me 'bar sngags kyis bskor:_spro bsdus bdud dang mu stegs bsgral:_rgyal ba mchod cing byin rlabs bsdus:_sgo gsum mi phyed ye shes dbyings:_rdo rje sdom pa'i phyag rgyar sad:_oM ya ma rA dza:_sa do me ya:_ya me do ru Na yo da ya:_ya da yo ni:_ra ya k+She ya:_yak+She yats+tsha:_ni ra ma ya hU~M hU~M phaTa?:_nyi ma bzhi pa'i sngags bzlas pas:_khro bo'i rgyal po dngos su 'grub:_sa ma ya:_smin byed kun la khyab pa ni:_sngon rjes gsang ba spyi dang mtshungs:_kun mkhyen ye shes phung po can:_srid pa'i 'khor lo rnam sbyong ba:_de ring bshad pa'i rin chen gter:_gtso bo'i bdag la bka' drin stsol:_oM bum pa bzang po che ba'i mchog:_snod bcud dkyil 'khor gcig tu dag:_ye shes bdud rtsi gtor blugs kyis:_skal ldan skyes bu smin gyur cig:_ka la sha a b+hi Shiny+tsa oM:_oM:_rdo rje'i sku ste sku yi mchog:_byed po sems can don kun byed:_ye shes sku ste rang byung bas:_'gro ba smin byed dbang bskur ro:_kA ya badz+ra a b+hi Shiny+tsa oM:_AH_rdo rje'i gsung ni gdod nas dag:_skye med ye shes cho 'phrul te:_thams cad snang zhing ston par byed:_ngag gi dbang phyug 'grub gyur cig:_wAka badz+ra a b+hi Shiny+tsa A:_hU~M:_ye shes snang ba mkha' ltar khyab:_mi shigs rdo rje'i srog chen po:_kun bzang yangs pa chos kyi dbyings:_phyag rgya chen pos dbang bskur ro:_tsit+ta badz+ra a b+hi Shiny+tsa hU~M:_dam tshig khas blangs maN+Dal 'bul:_lam kun bsgom pa'i snod rung 'gyur:_rdo rje theg pa gsang ba che'i:_snying po dbang gi cho gar rdzogs:_sa ma ya:_zhes pa'ang bslab gsum yon tan rmad byung 'brong sprul karma phrin las nyi ma nas nan tan chen pos gsung bskul gyi thugs bzhed bskang phyir/_rgyal khams pa mang+ga las rdzun ris kyi yi ger spel ba kun la gu h+ya:_mang+ga laM/_dge'o/_/

Footnotes

Other Information