DKR-KABUM-14-PHA-010

From Khyentse Lineage - A Tsadra Foundation Project
Revision as of 14:34, 6 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཞེན་བཟློག་ཉེར་ལྔའི་འགྲེལ་བ། རྡོ་རྗེའི་ཚིག་གི་མདུད་དཀྲོལ་ལ་སོགས།
Wylie title zhen bzlog nyer lnga'i 'grel ba/ rdo rje'i tshig gi mdud dkrol la sogs DKR-KABUM-14-PHA-010.pdf
Location dil mgo mkhyen brtse bka' 'bum
Volume 14, Text 10, Pages 332-333 (Folios 1a1 to 2a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. Zhen bzlog nyer lnga'i 'grel ba rdo rje'i tshig gi mdud dkrol la sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 14: 332-333. Delhi: Shechen Publications, 1994.
Genre Commentaries - 'grel pa

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། རྡོ་རྗེའི་ཚིག་གི་མདུད་དཀྲོལ་ལ། །རྒྱུད་དོན་མངོན་ཤེས་ཀྱིས་རྟོགས་དགོས། །མི་ཤེས་བླུན་པོའི་སྤྱི་བརྟོལ་འདི། །བླ་མ་མཁའ་འགྲོས་བཟོད་པར་བཞེས། །ཨོཾ་བཛྲ་སཏྭ་ཨཿ ཨེ་མ་ཧོཿ ཡོན་ཏན་ཀུན་རྫོགས་མཚོན་བྱེད་ཕྱིར༔ ཡི་གེ་ཉི་ཤུ་རྩ་ལྔ་བསྟན༔ ཚོགས་དྲུག་གི་ཤེས་པ་ཡུལ་ལ་ཞེན་པའི་གཟུང་འཛིན་གྱི་འཁྲུལ་རྟོག་གི །དབང་པོའི་ཞེན་པ་སྒོ་མིག་སོགས། བཟློག་པའི་ཕྱིར༔ ཀརྨ་རཀྴ་གྷི་ཧཾ་ཏི༔ ཟག་བཅས་ཀྱི་ཕུང་པོའི་ཞེན་པ་བཟློག་པའི་ཕྱིར༔ བྷེ་ག་ར་ཎ་སོ་གད་གླིང༔ ཡུལ་ལྔ་ཀུན་ཆགས་སྡང་གི་ཞེན་པ་བཟློག་པའི་ཕྱིར༔ བྷུ་ག་རི་ལ་བྷ་དྷུ་ཏྲི༔ ཚོགས་དྲུག་གི་སེམས་ཀྱི་རྟེན་བྱས་ཏེ་ལས་ཉོན་སྡུག་བསྔལ་ཀུན་གྱི་དངོས་པོ་ཕྱི་རོལ་ཡུལ་གྱི་སྟེང་གཡེང་པའི་ཞེན་རྟོག་སྦུར་བའི་ཕྱིརཿ རམྤ་ཀ་ལ་ས་མི་ཁྱེ༔ འདི་ཡན་ཆད་ཀྱིས་གཞི་སྐྱེ་འགག་གནས་གསུམ་རྟོག་པའི་བྱུང་ཚོར་སྐུ་གསུམ་གྱི་གནས་སུ་རྒྱུན་གཅད་པའི་ཕྱིར༔ མ་ཏམྤ་ཕེར་ར་མི་ཏིཿ སྒོ་ཡུལ་རླུང་རིག་གི་འདུ་ཚོགས་ལ་བརྟེན་ནས་འོད་གསལ་གྱི་སྣང་བ་ངོས་བཟུང་ཕྱིར༔ ཁ་ཊ་རེ་ཀྵ་ས་ཡུལ་དབང་ཤེས་གསུམ་ལ་བརྟེན་པའི་ཆགས་སྡང་གི་འཛིན་པའི་མིག་རླུང༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་ཀྱི་ར་བར་བཙོན་རར་གཞུག་པའི་ཕྱིར༔ ཨེ་ཀ་ར་ན་བྷེ་ཙཀྵ༔ མངོན་སུམ་གྱི་སྣང་བའི་ལམ་ལ་བརྟེན་ནས་ཐ་མལ་གྱི་སྣང་བའི་འཁྲུལ་པའི་རང་རྒྱུད་ཁུངས་བཅད་ཁྲེགས་ཆོད་ཕྱིར༔ ཡ་རི་མུ་ཏྲ་ས་གྷུ་ལི༔ རིགས་དྲུག་རིམ་གྱིས་ ཡི་གེ་དྲུག་གི་ཀློང་དུ་ བསྒྲལ་བའི་ཕྱིར༔ ཡ་སིཾ་ར་རླུང་པ་ལ་ཡ༔ འཁོར་བ་དོང་ནས་འདོན་པའི་དེ་རྣམ་གྲོལ་གྱི་ས་ལ་བཀོད་ ཕྱིར༔ མ་མ་ཀོ་ལིཾ་ས་མནྟ༔ ཆོས་ཅན་འཁྲུལ་པའི་སྣང་བས་ནང་གི་རླུང་སེམས་ཕྱིར་གཡོ་བའི་མགོ་མནན་ཏེ་ཐུར་དུ་གཞུག་པའི་ཕྱིར༔ གྷ་རི་ཡཾ་པ་རི་མཾ་ཏི༔ རིག་པའི་རོལ་པ་ཁ་ཕྱིར་བསྟན་དུ་ཞེན་ན་འཁྲུལ་རྒྱུ་ཡིན་པས་རང་སྣང་དུ་ཤེས་པས་ རོལ་པའི་བྱུང་ཁུངས་རིག་པ་ངར་བསྐྱེད་དེ་སྤུར་བའི་ཕྱིར༔ཆོས་ཉིད་མངོན་སུམ་ བུ་ག་སིཾ་ཧ་ཕངྒ་ལ༔ སྲིད་པར་ཞེན་པའི་ཕྲེང་ཐག་གཅད་འཁྲུལ་པ་ཀ་ནས་དག་པའི་ཕྱིར༔ ར་མི་སི་པི་ཁེ་ཏ་པ༔ དབྱིངས་རིག་པ་སྦུབས་སུ་འོད་གསལ་ལུག་རྒྱུད་བཟུང་སྟེ་ཨར་ལ་གཏད་གཟུད་ལ་བོར་པའི་ཕྱིར༔ཉམས་གོང་འཕེལ་ བྷི་ཁུ་མ་ལ་པ་ཏཾ་ཀེ༔ རིག་པ་སྐུར་སྨིན་ནས་ཞི་ཁྲོའི་ལྷའི་ངོ་བོར་འཆར་བའི་ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར༔ ས་མ་ཉི་ཝ་དྷེ་ར་པ༔ ཡིད་བྱེད་ཀྱི་ལྟ་སྒོམ་ལོག་པ་དག་པས་བློ་འདས་ཀྱི་དགོངས་རྩལ་རྫོགས་བྱའི་ཕྱིར༔རིག་པ་ཚད་ཕེབས་ བཛྲ་ས་ཏྭ་དྲྀ་ཌྷོ་མེ༔ གྲོལ་ཚད་ས་ལམ་དུས་གཅིག་གཅད་དེ་ལམ་བདེ་མྱུར་དུ་བགྲོད་པའི་པའི་ཕྱིར༔ གྷེ་པ་སུ་གྷ་རྣ་མ་ཡེ༔ ཡིད་དཔྱོད་འཁྲུལ་པའི་བརྫུན་ཕུག་བརྡིབས་ནས་ཡེ་ཤེས་མངོན་སུམ་གྱི་ལྟ་བ་ཁུངས་གཅད་རྗེན་པ་མཐོང་བའི་ཕྱིར༔ དྷརྨཱ་པ་ཏི་ས་གྷུ་ལི༔ སྐུ་གསུམ་ལམ་གྱི་ཡོན་ཏན་དུ་བསླང་བའི་ཕྱིར༔ རསྨི་ས་མ་ཁརྒད་ཚེ༔ རྗེས་དཔག་མ་ཡིན་པར་སྣང་ཉམས་ཀྱི་འོད་གསལ་སྣང་བ་དངོས་སུ་བསླང་བའི་ཕྱིར༔ རུ་པ་ས་མི་མི་ཏ་ལཾ༔ སྨྲ་བརྗོད་ཀྱི་ཡུལ་དུ་མི་གནས་པའི་ཡེ་ཤེས་མངའ་བས་ཚིག་གི་སྒྲ་ཡི་ཞེན་པ་མཐའ་གཅད་རྩལ་རྫོགས་པའི་ཕྱིར༔ཆོས་ཉིད་ཟད་ས་ ང་ཏི་པ་ལ་ཀི་ལི་ས༔ རང་བཞིན་བབ་ཀྱི་བསམ་གཏན་ཆེན་པོའི་མ་བཅོས་ལྷུན་གྲུབ་ས་གནོན་ཕྱིར༔ གྷཙྪ་པ་ཡཾ་པ་ཨེ་ཏཾ༔ རྟོགས་པས་བདག་གྲོལ་ཏེ་གྲོལ་བ་དྲུག་གི་ཕྲིན་ལས་རང་བྱུང་གི་དམིགས་མེད་ཐུགས་རྗེ་ཆེན་པོའི་རང་རྩལ་གྱིས་མཐའ་རུ་དབྱུང་བའི་ཕྱིར༔ ཀརྨཱ་ཨེ་ཀ་ཨ་ནུ་ས༔ སངས་རྒྱས་འབྲས་བུ་གཞན་ནས་བཙལ་བའི་རེ་དོགས་ཀྱི་མངོན་ཞེན་བཟློག་པའི་ཕྱིར༔ སནྟྲི་མ་མ་ཀརྨཱ་ཏ༔ རྒྱལ་སྲས་རྣམས་ཀྱི་གནས་ནི་སངས་རྒྱས་སྐུ་གསུམ་གྱི་ས་སྟེ་དེ་ཐོབ་པའི་དོན་གྱིས་བཙལ་ཕྱིར༔འབྲས་བུ་ ང་ལ་ཁེ་པ་ཀི་ལི་ས༔ དགེའོ།། ཞེས་པ་འདིའང་མངྒ་ལས་སོ།། །།
[edit]

@#/_rdo rje'i tshig gi mdud dkrol la/_/rgyud don mngon shes kyis rtogs dgos/_/mi shes blun po'i spyi brtol 'di/_/bla ma mkha' 'gros bzod par bzhes/_/oM badz+ra satwa aH_e ma hoH_yon tan kun rdzogs mtshon byed phyir:_yi ge nyi shu rtsa lnga bstan:_tshogs drug gi shes pa yul la zhen pa'i gzung 'dzin gyi 'khrul rtog gi_/dbang po'i zhen pa sgo mig sogs/_bzlog pa'i phyir:_karma rak+sha g+hi haM ti:_zag bcas kyi phung po'i zhen pa bzlog pa'i phyir:_b+he ga ra Na so gad gling:_yul lnga kun chags sdang gi zhen pa bzlog pa'i phyir:_b+hu ga ri la b+ha d+hu tri:_tshogs drug gi sems kyi rten byas te las nyon sdug bsngal kun gyi dngos po phyi rol yul gyi steng g.yeng pa'i zhen rtog sbur ba'i phyiraH_ram+pa ka la sa mi khye:_'di yan chad kyis gzhi skye 'gag gnas gsum rtog pa'i byung tshor sku gsum gyi gnas su rgyun gcad pa'i phyir:_ma tam+pa pher ra mi tiH_sgo yul rlung rig gi 'du tshogs la brten nas 'od gsal gyi snang ba ngos bzung phyir:_kha Ta re k+Sha sa yul dbang shes gsum la brten pa'i chags sdang gi 'dzin pa'i mig rlung:_rig pa rdo rje lu gu rgyud dbyings kyi ra bar btson rar gzhug pa'i phyir:_e ka ra na b+he tsak+Sha:_mngon sum gyi snang ba'i lam la brten nas tha mal gyi snang ba'i 'khrul pa'i rang rgyud khungs bcad khregs chod phyir:_ya ri mu tra sa g+hu li:_rigs drug rim gyis _yi ge drug gi klong du _bsgral ba'i phyir:_ya siM ra rlung pa la ya:_'khor ba dong nas 'don pa'i de rnam grol gyi sa la bkod _phyir:_ma ma ko liM sa man+ta:_chos can 'khrul pa'i snang bas nang gi rlung sems phyir g.yo ba'i mgo mnan te thur du gzhug pa'i phyir:_g+ha ri yaM pa ri maM ti:_rig pa'i rol pa kha phyir bstan du zhen na 'khrul rgyu yin pas rang snang du shes pas _rol pa'i byung khungs rig pa ngar bskyed de spur ba'i phyir:chos nyid mngon sum _bu ga siM ha phang+ga la:_srid par zhen pa'i phreng thag gcad 'khrul pa ka nas dag pa'i phyir:_ra mi si pi khe ta pa:_dbyings rig pa sbubs su 'od gsal lug rgyud bzung ste ar la gtad gzud la bor pa'i phyir:nyams gong 'phel _b+hi khu ma la pa taM ke:_rig pa skur smin nas zhi khro'i lha'i ngo bor 'char ba'i lha yi phyag rgya blta ba'i phyir:_sa ma nyi wa d+he ra pa:_yid byed kyi lta sgom log pa dag pas blo 'das kyi dgongs rtsal rdzogs bya'i phyir:rig pa tshad phebs _badz+ra sa twa dr-i D+ho me:_grol tshad sa lam dus gcig gcad de lam bde myur du bgrod pa'i pa'i phyir:_g+he pa su g+ha rna ma ye:_yid dpyod 'khrul pa'i brdzun phug brdibs nas ye shes mngon sum gyi lta ba khungs gcad rjen pa mthong ba'i phyir:_d+harmA pa ti sa g+hu li:_sku gsum lam gyi yon tan du bslang ba'i phyir:_rasmi sa ma khargad tshe:_rjes dpag ma yin par snang nyams kyi 'od gsal snang ba dngos su bslang ba'i phyir:_ru pa sa mi mi ta laM:_smra brjod kyi yul du mi gnas pa'i ye shes mnga' bas tshig gi sgra yi zhen pa mtha' gcad rtsal rdzogs pa'i phyir:chos nyid zad sa _nga ti pa la ki li sa:_rang bzhin bab kyi bsam gtan chen po'i ma bcos lhun grub sa gnon phyir:_g+hats+tsha pa yaM pa e taM:_rtogs pas bdag grol te grol ba drug gi phrin las rang byung gi dmigs med thugs rje chen po'i rang rtsal gyis mtha' ru dbyung ba'i phyir:_karmA e ka a nu sa:_sangs rgyas 'bras bu gzhan nas btsal ba'i re dogs kyi mngon zhen bzlog pa'i phyir:_san+t+ri ma ma karmA ta:_rgyal sras rnams kyi gnas ni sangs rgyas sku gsum gyi sa ste de thob pa'i don gyis btsal phyir:'bras bu _nga la khe pa ki li sa:_dge'o//_zhes pa 'di'ang mang+ga las so//__//

Footnotes

Other Information