DKR-KABUM-11-DA-021

From Khyentse Lineage - A Tsadra Foundation Project
Revision as of 18:43, 1 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སྲིད་པ་ཡེ་བརྫུའི་གསོལ་མཆོད་བཀྲ་ཤིས་དགེ་བའི་དབྱངས་སྙན།
Wylie title srid pa ye brdzu'i gsol mchod bkra shis dge ba'i dbyangs snyan DKR-KABUM-11-DA-021.pdf
Location dil mgo mkhyen brtse bka' 'bum
Volume 11, Text 21, Pages 107-110 (Folios 1a to 4b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Srid pa ye brdzu'i gsol mchod bkra shis dge ba'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 107-110. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Colophon

།ཞེས་པའང་བཀའ་རྙིང་བསྟན་པ་འཛིན་པའི་སྐྱེས་ཆེན་གྲུ་གུ་ཆོས་རྒྱལ་མཆོག་གི་སྤྲུལ་པའི་སྐུས་བཀའ་ནན་ཆེད་བསྩལ་བཞིན་དུས་མཐར་སྐྱེས་པའི་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས། གྲུ་འཛིན་གཉིས་པའི་ཕོ་བྲང་ཁམས་གསུམ་ཟིལ་གནོན་འདབས་འབྲེལ་བར་བྲིས་པ་དུས་ཀྱི་རྒུད་པ་སེལ་ཞིང་བསྟན་འགྲོའི་དཔལ་ཡོན་གོང་འཕེལ་རྒྱས་ཤིང་བརྟན་པའི་རྒྱུར་གྱུར་ཅིག། །མངྒ་ལཾ།།

/zhes pa'ang bka' rnying bstan pa 'dzin pa'i skyes chen gru gu chos rgyal mchog gi sprul pa'i skus bka' nan ched bstsal bzhin dus mthar skyes pa'i rnying btsun 'gyur med theg mchog bstan pa'i rgyal mtshan gyis/_gru 'dzin gnyis pa'i pho brang khams gsum zil gnon 'dabs 'brel bar bris pa dus kyi rgud pa sel zhing bstan 'gro'i dpal yon gong 'phel rgyas shing brtan pa'i rgyur gyur cig/__/mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །སྲིད་པ་ཡེ་བརྫུའི་གསོལ་མཆོད་བཀྲ་ཤིས་དགེ་བའི་དབྱངས་སྙན་བཞུགས།

༄༅། །ཨོཾ་སྭ་སྟི། སྲིད་པའི་ལྷ་རབས་མཆོད་འདོད་ན། །གཙང་མའི་གནས་སུ་དུས་དགེ་བར། །གཏོར་མ་དཀར་དམར་གསེར་སྐྱེམས་ཕུད། །འབྲུ་སྣ་དར་ཟབ་གཅན་གཟན་ལྤགས། །རིན་ཆེན་སྣ་ཚོགས་དར་སྣ་ལྔའི། །བ་དན་ཤིང་རྩིའི་བསང་མཆོད་དང༌། །སྙན་པའི་རྔ་རོལ་བཅས་ཏེ་གྱེར། །རང་ཉིད་གཉུག་མའི་ལྷར་གསལ་བའི། །ཐུགས་ཀའི་འོད་ལས་རཾ་ཡཾ་ཁཾ། །འཕྲོས་པས་དངོས་འཛིན་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་ལས་བྱུང་བ་ཡི། །སྲིད་པའི་དཀོར་ཆ་འདོད་ཡོན་ཚོགས། །བདེ་ཆེན་ཡེ་ཤེས་རོལ་མོ་ལས། །ཅིར་ཡང་འཆར་བ་ཟད་མེད་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་མེ་གྷ་སྥ་ར་ཎ་ཁཾ། །ཆོས་ཉིད་སྐྱེ་བ་མེད་པ་ལས། །འགག་མེད་རྟེན་འབྱུང་སྒྱུ་མའི་འཕྲུལ། །ཡིད་འོང་ལྷ་ཡི་སྐྱེད་མོས་ཚལ། །མི་ཟད་འདོད་ཡོན་སྤྲིན་འཁྲིགས་དབུས། །ཡིད་ལས་སྐྱེས་པའི་གཞལ་མེད་ཁང༌། །བལྟ་ན་སྡུག་ཅིང་ལྷུན་མཐོ་བའི། །དབུས་སུ་པདྨ་ཉི་ཟླའི་སྟེང༌། །དུང་མདོག་རྟ་མཆོག་རིན་ཆེན་བརྒྱན། །དར་སྣའི་ཅོད་པན་ཟ་འོག་གོས། །སྒ་སྟན་སྟེང་དུ་སྲིད་པའི་ལྷ། །ཡེ་བརྫུ་ཆེན་པོ་སྟོན་ཟླའི་མདོག །གཞོན་ཚུལ་ཤ་རྒྱས་གནོད་སྦྱིན་ཚུལ། །རབ་དཀར་གོ་དང་དུང་གི་ཁྲབ། །བྱ་རྒོད་ཐུལ་པ་སྒྲོ་འདབ་ལས། །དགོས་འབྱུང་ནོར་བུའི་ཆར་འབེབས་གསོལ། །ཕྱག་གཡས་རལ་གྲི་མཁའ་ལ་འཕྱར། །གཡོན་པས་བ་དན་དཀར་པོ་བསྒྲེངས། །དར་གྱི་ལ་ཐོད་ནོར་བུའི་ཏོག །རིན་ཆེན་སྙན་མགུལ་དཔུང་སོར་བརྒྱན། །ཞབས་གཉིས་འཇའ་ཆེན་ཡུ་རིང་གསོལ། །སྐུ་ལས་འཇའ་སྤྲིན་འོད་ཟེར་གྱིས། །གནམ་ས་བར་སྣང་ཁྱབ་པར་འཕྲོ། །དགྱེས་ཡུམ་མཚོ་སྨན་གཡུའི་སྨིན་མ། །ལྷ་ཡི་ན་ཆུང་གཞོན་ནུ་མཛེས། །ཟུར་མིག་སྨིན་མའི་གར་དང་བཅས། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན། །མེ་ཏོག་ཐོད་བཅིངས་ནུ་མ་འབུར། །ཕྲ་བའི་སྐེད་སྐབས་ནོར་བུའི་རྒྱན། །སྐ་རག་གཡེར་ཁའི་སྒྲ་དང་བཅས། །ཕྱག་གཡས་སྨན་གྱི་བུམ་པ་དང༌། །གཡོན་པས་མེ་ཏོག་ཕྲེང་བ་འདྲེན། །ཤ་བ་ཡུ་མོའི་སྟེང་ན་འགྱིང༌། །འཁོར་དུ་འཇའ་སྤྲིན་མེ་རླུང་དབུས། །ལྷ་བུ་གཡག་ཞོན་དུང་དཀར་བསྣམས། །གཤིན་རྗེ་གླང་ཞོན་ཁྲམ་ཤིང་ཕྱར། །མ་མོ་འབྲུག་ཞོན་ནད་རྐྱལ་ཐོགས། །བདུན་ནག་སྡིག་རྭ་ཞགས་པ་འཕེན། །རྟ་ནག་ཞོན་ཅིང་བཙན་མདུང་དམར། །རྟ་དམར་ལ་ཆིབས་རྒྱལ་པོ་ནི། །སེང་ཞོན་གསེག་ཤང་སྤར་བུ་ཐོགས། །གནོད་སྦྱིན་ལྗང་སེར་རྒྱལ་མཚན་ཕྱར། །རྟ་སེར་ལ་ཞོན་རང་རང་གི །སྡེ་དཔུང་སྤྲུལ་པ་ཕོ་ཉ་ཡིས། །གནམ་ས་རི་བྲག་འགེངས་པར་སྤྲོ། །སྔོན་གྱི་ཐུགས་དམ་རྗེས་བསྐུལ་བས། །སྤྱན་དྲངས་མདུན་དུ་དགྱེས་བཞུགས་གྱུར། །ཀྱཻ། ཆོས་དབྱིངས་ཀ་ནས་དག་པ་ལས། །བཟང་ངན་མཚན་རྟོག་མ་དམིགས་ཏེ། །ཅིར་ཡང་ཡེ་ཤེས་རོལ་པའི་རྒྱན། །དག་པ་ཆེན་པོའི་ཡེ་བརྫུ་ནི། །མ་འགགས་རྟེན་ཅིང་འབྲེལ་འབྱུང་གི །བཀོད་པའི་རོལ་པ་ཅིར་ཡང་སྟོན། །མཉམ་ཉིད་ཕྲིན་ལས་ལྷུན་གྲུབ་པས། །སྔོན་གྱི་གཡར་དམ་རྗེས་བསྐུལ་ཕྱིར། །སྐད་ཅིག་གནས་འདིར་གཤེགས་སུ་གསོལ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོས། །རོལ་མོ་སྙན་པའི་དབྱངས་ཀྱིས་འབོད། །སྣ་ཚོགས་དར་གྱི་གཡབ་མོས་བསྐུལ། །དད་དང་གདུང་བས་དེང་བསྐུལ་ན། །བར་སྣང་གློག་འཁྱུག་བཞིན་དུ་བྱོན། །དགྱེས་པའི་ཞལ་གྱིས་བདག་ལ་གཟིགས། །བརྩེ་བས་དགོངས་ཤིག་ཟོ་དོར་ཆེ། །སརྦ་ས་མ་ཡ་ཛཿཛཿ ཕུན་ཚོགས་མཆོད་པས་མདུན་བདར་བའི། །གནས་འདིར་བཞུགས་ལ་བག་ཕོབ་ཅིག །འཁོན་དང་ཉམས་ཆག་མ་ལུས་བཤགས། །རིག་འཛིན་ལྷ་དང་བླ་མ་ཡི། །ཐ་ཚིག་གཉན་པོ་དགོངས་པར་མཛོད། ཧྲཱིཿ ཡིད་འོང་གཙང་མའི་གནས་འདི་རུ། དངོས་སུ་བཤམས་པའི་ཉེར་སྤྱོད་བདུན། །རྡོ་རྗེའི་འདོད་ཡོན་ཤིས་པའི་རྫས། །རྟགས་བརྒྱད་རྒྱལ་སྲིད་རིན་ཆེན་བདུན། །བུམ་བཟང་གཏེར་དང་འདོད་འཇོའི་བ། །གནག་ཕྱུགས་རི་དྭགས་གཡུང་དྭགས་ཁྱུ། །ཟ་འོག་དར་རས་སྣ་ཚོགས་དང༌། །བཟའ་བཅའ་བཏུང་མཚོ་ལྡག་གཞིབ་སོགས། །རོ་ནུས་ཁ་དོག་དྲི་ལྡན་ཆབ། །བསམ་ཡས་བཀོད་པ་རྒྱ་མཚོའི་ཚོགས། བཟང་ཤིང་ཙནྡན་དྲིའི་ངད་སྤྲིན། །ཐུགས་ལ་ཅི་བཞེད་དེར་འཆར་བའི། །ནམ་མཁའ་མཛོད་ཀྱིས་དགྱེས་པ་བསྐྱེད། །ཨོཾ་སརྦ་མ་ཧཱ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ དབྱིངས་རིག་གཉིས་མེད་ངོ་བོ་རུ། །འཕོ་འགྱུར་མེད་པ་རྟག་བཞུགས་ཀྱང༌། །ཐུགས་རྗེའི་རིག་རྩལ་མ་འགགས་པའི། །ཆོ་འཕྲུལ་སྲིད་ཞི་བརྡལ་བ་ལས། །རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ། །རིག་འཛིན་པདྨའི་བཀའ་ཡི་འབངས། །བསྟན་སྲུང་དགྲ་ལྷ་ཆེན་པོ་ནི། །ལྷ་ཆེན་ཡེ་བརྫུ་ཞེས་སུ་གྲགས། མིང་བརྒྱ་མཚན་སྟོང་སྤྲུལ་པ་འབུམ། །འདས་དང་མ་འདས་སྣ་ཚོགས་སྟོན། །ཚར་གཅོད་རྗེས་འཛིན་ཕྲིན་ལས་ཅན། །བཀའ་དང་གཏེར་གྱི་བྱ་ར་བ། །རིག་འཛིན་མཁས་གྲུབ་ཡོངས་ཀྱི་འབངས། །དམ་ཅན་རྣལ་འབྱོར་རྒྱབ་བརྟེན་ཏེ། །དཀར་ཕྱོགས་རྒྱལ་བློན་འཁོར་འབངས་ལ། །འགོ་ཞིང་སྡོང་གྲོགས་མཛད་པ་ལ། །རབ་གུས་དྭངས་བའི་ཡིད་ཀྱིས་བསྟོད། ཀྱཻ། དམ་ཚིག་ལྡན་པའི་ལྷ་སྲུང་ཆེ། །མཆོད་པས་བཀུར་ལ་ངོ་སོ་བསྟོད། །ཐུགས་རྗེའི་རྩལ་བསྐྱེད་ཕྲིན་ལས་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །སངས་རྒྱས་བསྟན་པ་རིན་པོ་ཆེ། །བཤད་སྒྲུབ་ལས་ཀྱིས་དར་བར་མཛོད། །དགེ་འདུན་སྡེ་རྒྱས་ཐུགས་མཐུན་ཞིང༌། །བདག་ཅག་མཆོད་བསྟོད་བརྟེན་རྣམས་ལ། །ཉིན་སྲུངས་མཚན་སྐྱོབས་མེལ་ཚེས་སྐྱོངས། །བསོད་ནམས་ཀླུང་རྟའི་སྟོབས་ཤུགས་སྐྱེད། །སྡོང་གྲོགས་རྒྱབ་བརྟེན་མི་གཡེལ་ཞིང༌། །སྣོད་བཅུད་རྒུད་ཞི་ལོ་ཕྱུགས་ལེགས། །ཆར་ཆུ་དུས་བབ་སད་སེར་སྲུངས། །ནད་མུག་འཁྲུགས་རྩོད་རྒྱུན་ཆོད་ལ། །ཡིད་མཐུན་འཐབ་རྩོད་མེད་པར་མཛོད། །ཆོས་དང་རིགས་ཀྱི་རྒྱུད་འཕེལ་ཞིང༌། །ཡ་རབས་གྲུས་ཐུབ་དཔའ་རྩལ་ལྡན། །དཀར་ཕྱོགས་རྣམ་པར་རྒྱལ་བར་མཛོད། ཅེས་སོགས་རྗེས་རིམ་སྤྱི་ལྟར་བྱའོ། །ཞེས་པའང་བཀའ་རྙིང་བསྟན་པ་འཛིན་པའི་སྐྱེས་ཆེན་གྲུ་གུ་ཆོས་རྒྱལ་མཆོག་གི་སྤྲུལ་པའི་སྐུས་བཀའ་ནན་ཆེད་བསྩལ་བཞིན་དུས་མཐར་སྐྱེས་པའི་རྙིང་བཙུན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས། གྲུ་འཛིན་གཉིས་པའི་ཕོ་བྲང་ཁམས་གསུམ་ཟིལ་གནོན་འདབས་འབྲེལ་བར་བྲིས་པ་དུས་ཀྱི་རྒུད་པ་སེལ་ཞིང་བསྟན་འགྲོའི་དཔལ་ཡོན་གོང་འཕེལ་རྒྱས་ཤིང་བརྟན་པའི་རྒྱུར་གྱུར་ཅིག། །མངྒ་ལཾ།།
[edit]

@#/_/srid pa ye brdzu'i gsol mchod bkra shis dge ba'i dbyangs snyan bzhugs/ @#/_/oM swa sti/_srid pa'i lha rabs mchod 'dod na/_/gtsang ma'i gnas su dus dge bar/_/gtor ma dkar dmar gser skyems phud/_/'bru sna dar zab gcan gzan lpags/_/rin chen sna tshogs dar sna lnga'i/_/ba dan shing rtsi'i bsang mchod dang*/_/snyan pa'i rnga rol bcas te gyer/_/rang nyid gnyug ma'i lhar gsal ba'i/_/thugs ka'i 'od las raM yaM khaM/_/'phros pas dngos 'dzin bsregs gtor bkrus/_/oM AHhU~M las byung ba yi/_/srid pa'i dkor cha 'dod yon tshogs/_/bde chen ye shes rol mo las/_/cir yang 'char ba zad med gyur/_/oM AHhU~M ma hA pU dza me g+ha s+pha ra Na khaM/_/chos nyid skye ba med pa las/_/'gag med rten 'byung sgyu ma'i 'phrul/_/yid 'ong lha yi skyed mos tshal/_/mi zad 'dod yon sprin 'khrigs dbus/_/yid las skyes pa'i gzhal med khang*/_/blta na sdug cing lhun mtho ba'i/_/dbus su pad+ma nyi zla'i steng*/_/dung mdog rta mchog rin chen brgyan/_/dar sna'i cod pan za 'og gos/_/sga stan steng du srid pa'i lha/_/ye brdzu chen po ston zla'i mdog_/gzhon tshul sha rgyas gnod sbyin tshul/_/rab dkar go dang dung gi khrab/_/bya rgod thul pa sgro 'dab las/_/dgos 'byung nor bu'i char 'bebs gsol/_/phyag g.yas ral gri mkha' la 'phyar/_/g.yon pas ba dan dkar po bsgrengs/_/dar gyi la thod nor bu'i tog_/rin chen snyan mgul dpung sor brgyan/_/zhabs gnyis 'ja' chen yu ring gsol/_/sku las 'ja' sprin 'od zer gyis/_/gnam sa bar snang khyab par 'phro/_/dgyes yum mtsho sman g.yu'i smin ma/_/lha yi na chung gzhon nu mdzes/_/zur mig smin ma'i gar dang bcas/_/lha rdzas na bza' rin chen rgyan/_/me tog thod bcings nu ma 'bur/_/phra ba'i sked skabs nor bu'i rgyan/_/ska rag g.yer kha'i sgra dang bcas/_/phyag g.yas sman gyi bum pa dang*/_/g.yon pas me tog phreng ba 'dren/_/sha ba yu mo'i steng na 'gying*/_/'khor du 'ja' sprin me rlung dbus/_/lha bu g.yag zhon dung dkar bsnams/_/gshin rje glang zhon khram shing phyar/_/ma mo 'brug zhon nad rkyal thogs/_/bdun nag sdig rwa zhags pa 'phen/_/rta nag zhon cing btsan mdung dmar/_/rta dmar la chibs rgyal po ni/_/seng zhon gseg shang spar bu thogs/_/gnod sbyin ljang ser rgyal mtshan phyar/_/rta ser la zhon rang rang gi_/sde dpung sprul pa pho nya yis/_/gnam sa ri brag 'gengs par spro/_/sngon gyi thugs dam rjes bskul bas/_/spyan drangs mdun du dgyes bzhugs gyur/_/kyai/_chos dbyings ka nas dag pa las/_/bzang ngan mtshan rtog ma dmigs te/_/cir yang ye shes rol pa'i rgyan/_/dag pa chen po'i ye brdzu ni/_/ma 'gags rten cing 'brel 'byung gi_/bkod pa'i rol pa cir yang ston/_/mnyam nyid phrin las lhun grub pas/_/sngon gyi g.yar dam rjes bskul phyir/_/skad cig gnas 'dir gshegs su gsol/_/bdag cag rnal 'byor sgrub pa pos/_/rol mo snyan pa'i dbyangs kyis 'bod/_/sna tshogs dar gyi g.yab mos bskul/_/dad dang gdung bas deng bskul na/_/bar snang glog 'khyug bzhin du byon/_/dgyes pa'i zhal gyis bdag la gzigs/_/brtse bas dgongs shig zo dor che/_/sarba sa ma ya dzaHdzaH_phun tshogs mchod pas mdun bdar ba'i/_/gnas 'dir bzhugs la bag phob cig_/'khon dang nyams chag ma lus bshags/_/rig 'dzin lha dang bla ma yi/_/tha tshig gnyan po dgongs par mdzod/_hrIH_yid 'ong gtsang ma'i gnas 'di ru/_dngos su bshams pa'i nyer spyod bdun/_/rdo rje'i 'dod yon shis pa'i rdzas/_/rtags brgyad rgyal srid rin chen bdun/_/bum bzang gter dang 'dod 'jo'i ba/_/gnag phyugs ri dwags g.yung dwags khyu/_/za 'og dar ras sna tshogs dang*/_/bza' bca' btung mtsho ldag gzhib sogs/_/ro nus kha dog dri ldan chab/_/bsam yas bkod pa rgya mtsho'i tshogs/_bzang shing tsan+dan dri'i ngad sprin/_/thugs la ci bzhed der 'char ba'i/_/nam mkha' mdzod kyis dgyes pa bskyed/_/oM sarba ma hA pU dza hoH_hU~M hrIH_dbyings rig gnyis med ngo bo ru/_/'pho 'gyur med pa rtag bzhugs kyang*/_/thugs rje'i rig rtsal ma 'gags pa'i/_/cho 'phrul srid zhi brdal ba las/_/rgyal ba'i bstan srung mthu bo che/_/rig 'dzin pad+ma'i bka' yi 'bangs/_/bstan srung dgra lha chen po ni/_/lha chen ye brdzu zhes su grags/_ming brgya mtshan stong sprul pa 'bum/_/'das dang ma 'das sna tshogs ston/_/tshar gcod rjes 'dzin phrin las can/_/bka' dang gter gyi bya ra ba/_/rig 'dzin mkhas grub yongs kyi 'bangs/_/dam can rnal 'byor rgyab brten te/_/dkar phyogs rgyal blon 'khor 'bangs la/_/'go zhing sdong grogs mdzad pa la/_/rab gus dwangs ba'i yid kyis bstod/_kyai/_dam tshig ldan pa'i lha srung che/_/mchod pas bkur la ngo so bstod/_/thugs rje'i rtsal bskyed phrin las mdzod/_/dkon mchog gsum gyi dbu 'phang bstod/_/sangs rgyas bstan pa rin po che/_/bshad sgrub las kyis dar bar mdzod/_/dge 'dun sde rgyas thugs mthun zhing*/_/bdag cag mchod bstod brten rnams la/_/nyin srungs mtshan skyobs mel tshes skyongs/_/bsod nams klung rta'i stobs shugs skyed/_/sdong grogs rgyab brten mi g.yel zhing*/_/snod bcud rgud zhi lo phyugs legs/_/char chu dus bab sad ser srungs/_/nad mug 'khrugs rtsod rgyun chod la/_/yid mthun 'thab rtsod med par mdzod/_/chos dang rigs kyi rgyud 'phel zhing*/_/ya rabs grus thub dpa' rtsal ldan/_/dkar phyogs rnam par rgyal bar mdzod/_ces sogs rjes rim spyi ltar bya'o/__/zhes pa'ang bka' rnying bstan pa 'dzin pa'i skyes chen gru gu chos rgyal mchog gi sprul pa'i skus bka' nan ched bstsal bzhin dus mthar skyes pa'i rnying btsun 'gyur med theg mchog bstan pa'i rgyal mtshan gyis/_gru 'dzin gnyis pa'i pho brang khams gsum zil gnon 'dabs 'brel bar bris pa dus kyi rgud pa sel zhing bstan 'gro'i dpal yon gong 'phel rgyas shing brtan pa'i rgyur gyur cig/__/mang+ga laM//

Footnotes

Other Information