DKR-KABUM-11-DA-015

From Khyentse Lineage - A Tsadra Foundation Project
Revision as of 17:55, 1 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

དབང་ཆེན་རྡོ་རྗེའི་རྐྱང་རྒོད་ཕེར་པོ་ལ་བརྟེན་པའི་རྟ་ལྷའི་གཡང་སྒྲུབ་དགེ་མཚན་འདོད་དགུའི་སྒོ་འབྱེད།
Wylie title dbang chen rdo rje'i rkyang rgod pher po la brten pa'i rta lha'i g.yang sgrub dge mtshan 'dod dgu'i sgo 'byed DKR-KABUM-11-DA-015.pdf
Location dil mgo mkhyen brtse bka' 'bum
Volume 11, Text 15, Pages 86-93 (Folios 1a to 8a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dbang chen rdo rje'i rkyang rgod pher po la brten pa'i rta lha'i g.yang sgrub dge mtshan 'dod dgu'i sgo 'byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 86-93. Delhi: Shechen Publications, 1994.
Genre Prosperity Rituals - gyang 'gugs
Deity ge sar
Colophon

།ཅེས་པའང་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་སྐུའི་རིམ་གྲོ་པ་འབྲོང་སྤྲུལ་ངག་དབང་བློ་གྲོས་ཕྲིན་ལས་མཆོག་གྲུབ་ནས་ལྷ་རྫས་རྟེན་བཅས་གསུང་བསྐུལ་ངོར་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་རོལ་པ་རྩལ་གྱིས་ཕུན་ཚོགས་ཆོས་འཁོར་གླིང་གི་གཟིམ་སྤྱིལ་དུ་བྲིས་པ་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/ces pa'ang skyabs rje mdo khams pa chen po'i sku'i rim gro pa 'brong sprul ngag dbang blo gros phrin las mchog grub nas lha rdzas rten bcas gsung bskul ngor rgyal khams pa 'jigs med mkhyen brtse'i 'od zer phrin las rol pa rtsal gyis phun tshogs chos 'khor gling gi gzim spyil du bris pa 'dod dgu'i dngos grub yid bzhin du 'grub pa'i rgyur gyur cig_/sarba mang+ga laM/_dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དབང་ཆེན་རྡོ་རྗེའི་རྐྱང་རྒོད་ཕེར་པོ་ལ་བརྟེན་པའི་རྟ་ལྷའི་གཡང་སྒྲུབ་དགེ་མཚན་འདོད་དགུའི་སྒོ་འབྱེད་བཞུགས། །

༄༅། །ཨོཾ་སྭསྟི། ཛམ་གླིང་སེང་ཆེན་རྒྱལ་པོའི་རྫུ་འཕྲུལ་ཆིབས་ཀྱི་རྒྱལ་པོ་ལ་བརྟེན་པའི་རྟ་ལྷའི་གཡང་སྒྲུབ་བྱ་བར་འདོད་པས་རྒྱས་པའི་ལས་ལ་ཆེད་དུ་བསྔགས་པའི་དུས་ཚེས་གཟའ་སྐར་དགེ་ཞིང་ཤིས་པའི་སྔ་ཆར་གཙང་མའི་གནས་སུ་བདག་བསྐྱེད་ཡི་དམ་གང་ལ་བརྟེན་པའི་མཆོད་གཏོར་དང༌། གེ་སར་གྱི་གསོལ་མཆོད་རྒྱས་པ་སྔོན་དུ་འགྲོ་དགོས་པས་དེ་ཉིད་ཀྱི་རྟེན་རྫས་གཏོར་མ་བཅས་གཞུང་མཐུན་འདུ་བྱས་པའི་མདུན་དུ་རྟེན་མདའ་གཙང་མ་རྒྱན་ལྡན་དར་སྣས་བཀླུབས་པའི་མགུལ་དུ་རྒྱ་ཤོག་ལ་གསེར་རམ། མཚལ་གྱིས་རྟ་མགྲིན་དང༌། རྐྱང་རྒོད། རྟ་ལྷའི་སྔགས། འདོད་གསོལ་བརྟན་བཞུགས་ཅན་འདུ་བྱ། གསོལ་མཆོད་ཙམ་ལ་འབྲང་རྒྱས་ནོར་གཟུགས་འཁོར་རང་འདྲ་བརྒྱད་བར་རྣམས་ཐེབས་ཀྱུ་ཟས་སྣས་བསྐོར་བས་ཀྱང་རུང༌། གང་ལྟར་ཡང་གཙང་ལ་དག་པའི་མཆོད་པ་དང༌། བསང་དང༌། གསེར་སྐྱེམས་བཅས་འདུ་བྱ་ཞིང༌། བདག་ཉིད་རྟ་མགྲིན་ལྟ་བུའི་བསྐྱེད་བཟླས་དང༌། སེང་ཆེན་གྱི་གསོལ་མཆོད་རྒྱས་པ་བཏང་ལ། མཆོད་རྫས་བྱིན་རླབས་ནི། རྃ་ཡྃ་ཁྃ། བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །འོད་འཕྲོས་མཆོད་རྫས་གཟུང་འཛིན་སྦྱངས། །དངོས་འབྱོར་ཡིད་སྤྲུལ་ལོངས་སྤྱོད་ཚོགས། །མཆོད་པའི་ཕྱག་རྒྱ་ཆེན་པོར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་སོགས་ནམ་མཁའ་མཛོད་སྔགས་ལན་གསུམ་དང༌། བཛྲ་སྥ་ར་ཎ་ཁཾ། དེ་ནས་རྟེན་བསྐྱེད་པ་ནི། ཀྱཻ། ཡེ་ཐོག་བསྐལ་པའི་དང་པོ་ལ། ཆོས་དབྱིངས་སྟོང་པའི་ཡེ་ཤེས་རྩལ། །འགག་མེད་རྟེན་འབྱུང་སྒྱུ་མའི་འཕྲུལ། །ཟུང་འཇུག་རོལ་མོ་ཅིར་ཡང་ཤར། །རྒྱུ་འབྲས་ཀུན་རྫོབ་རྟེན་ཅིང་འབྲེལ། ངོ་མཚར་གསང་བ་ཟབ་མོའི་དབྱིངས། །དོན་གྱི་གནད་ཀུན་ལེགས་རྟོགས་པས། །ཕན་གནོད་འཁོར་འདས་བཀོད་པ་འཆར། །དབྱིངས་ལ་བཟང་ངན་མ་མཆིས་ཀྱང༌། །རོལ་རྩལ་མ་འགག་སྣང་བའི་གནད། །ཐབས་དང་རྟེན་ཅིང་འབྲེལ་འབྱུང་ལས། །འདོད་པའི་དངོས་གྲུབ་སྦྱིན་པའི་ཕྱིར། །རྒྱལ་ཀུན་རྡོ་རྗེ་གསུམ་གྱི་དབྱིངས། །འབྲས་བུའི་སེམས་དཔའ་རིགས་གསུམ་གྱི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཆེའི། །སྤྲོ་བསྡུའི་བྱེད་པོ་རིགས་ཀུན་བདག །རྩ་གསུམ་རྒྱལ་བའི་ཁྱབ་བདག་ཆེ། །སྲིད་ཞིའི་སྤྱི་དཔལ་ཧེ་རུ་ཀཿ །སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །རང་བྱུང་ཐུགས་རྗེའི་ཡེ་ཤེས་གར། །བདུད་དགྲ་བདུད་འདུལ་དམ་སྲིའི་གཤེད། །སངས་རྒྱས་ཆོས་ཀྱི་དགྲ་བླ་ཆེ། །ནག་ཕྱོགས་ཧོར་བདུད་འཇོམས་པའི་གཤེད། །ཛམྦུ་གླིང་གི་སྐྱེས་གཅིག་པུ། །སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །ལས་སྨོན་དག་པ་ཐུགས་རྗེའི་གཟུགས། །འཇིགས་བྲལ་དགྲ་ལྷ་ཝེར་མའི་རྒྱལ། །དཔའ་བོ་ཆེན་པོའི་སྐུར་བཞེངས་ཚེ། །ཕྱི་རུ་རྫུ་འཕྲུལ་ཆིབས་ཀྱི་མཆོག །རྡོ་རྗེ་རྐྱང་རྒོད་ཕེར་ཆེན་ཞེས། །རྟ་མཆོག་པདྨ་གར་གྱི་དབང༌། །སྒྱུ་འཕྲུལ་རོལ་པའི་བཀོད་པ་བསྟན། །ནང་དུ་རྡོ་རྗེ་ཉི་མའི་མེ། །ཆོས་ཀུན་ཟ་བའི་ཙཎྜ་ལི། །འབར་བ་རྔམས་ཞུགས་དྭངས་མའི་དཔྱིད། །མི་ཤིགས་ཐིག་ལེ་ཆེན་པོར་ཟླུམ། །གསང་བ་རྫུ་འཕྲུལ་རྐང་པ་བཞིའི། །ཡེ་ཤེས་དག་པའི་ཏིང་འཛིན་གྱིས། །ཟབ་མོ་རྒྱལ་བའི་ཆོས་ཀུན་ལ། །དབང་འབྱོར་ནུས་པའི་ཡེ་ཤེས་ཉིད། །རྣམ་པ་རྡོ་རྗེ་ཅང་ཤེས་རྒྱལ། །སེང་ལྟར་འགྱིང་ཞིང་སྟག་ལྟར་རྔམས། །འབྲུག་བཞིན་འཕྱོ་ལ་ཁྱུང་ལྟར་ལྡིང༌། །རྣམ་པ་སྣ་ཚོགས་རོལ་རྩེད་ཀྱིས། །ལས་བཞིའི་ཕྲིན་ལས་ཅིར་ཡང་སྟོན། །སྐྱེས་བུའི་ཆིབས་ཀྱི་ཁ་ལོ་བསྒྱུར། །ཕྲིན་ལས་ལས་རིགས་ཀླུང་རྟའི་ལྷ། །གང་འདོད་ལས་ཀུན་ཐོགས་པ་མེད། །ཡིད་བཞིན་སྒྲུབ་པའི་དཔའ་བོ་ཆེ། །མདུན་དུ་མཁའ་སྤྱོད་དག་པའི་ཞིང༌། །སྐུ་གསུམ་རྒྱལ་བའི་ཞིང་གི་མཆོག །ངོ་མཚར་མཐོང་བ་ཀུན་སྨོན་གྱི། །བཀོད་པ་རྨད་དུ་བྱུང་བའི་དབུས། །རིན་ཆེན་པདྨ་ཟླ་བའི་སྟེང༌། །ཅང་ཤེས་འཕྲུལ་གྱི་རྒྱལ་པོ་ཆེ། །ཐུན་མཚམས་ཆུ་འཛིན་གསར་པའི་མདངས། །རྫུ་འཕྲུལ་རྐང་བཞིས་གར་སྟབས་བསྒྱུར། །ཟེ་རྔོག་སྤྲུལ་པའི་རྩ་གསུམ་འཕྲོ། །རིན་ཆེན་སྒ་སྲབ་དར་སྣས་བརྒྱན། །མཛེས་བརྗིད་ཕུན་སུམ་ཚོགས་པ་ལ། །དོན་གྲུབ་ཝེར་མའི་རྒྱལ་པོས་ཆིབས། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །ཕྱོགས་དུས་དེ་བཞིན་གཤེགས་ཀུན་གྱི། །བདེ་ཆེན་གསུང་གི་རྡོ་རྗེའི་བདག །དཔལ་ལྡན་པདྨ་གར་གྱི་དབང༌། །རྟ་མཆོག་རོལ་པའི་དཀྱིལ་འཁོར་ཏེ། །གསང་བ་མི་ཟད་རྒྱན་གྱི་དབྱིངས། །སྐུ་དང་ཡེ་ཤེས་ངོ་བོར་གྲུབ། །ཐུགས་ཀ་ཆོས་ཀྱི་འཁོར་ལོ་ནས། །བདེ་སྟོང་དྭངས་མའི་དཔྱིད་ཐིག་གི །རྣམ་རོལ་ཁྲོ་བོ་རེ་མནྟ། །དམར་སེར་ཉི་མ་འཆར་ཀའི་མདོག །ཁྲོ་འཛུམ་སྒེག་བཞད་དཔའ་བོའི་གཟུགས། །བསེ་ཁྲབ་དངུལ་རྨོག་འཁོར་གསུམ་ཅན། །རྡོ་རྗེ་རྩེ་ལྔ་ནེའུ་ལེ་བསྣམས། །མདུང་དར་དམར་པོ་གྲུ་གཡོན་འཆང༌། །སྔོན་པོ་ཆུ་རིས་རྒྱན་ལྡན་ཆིབས། །བྱ་ཁྱུང་ལྕགས་ཁྲ་འཇུམ་ཞིང་ལྡིང༌། །སྟག་དང་སེང་ཆེན་མདུན་རྒྱབ་འཕྱོ། །རྟ་སྔོན་སྒབ་སེར་རོལ་དུ་ཁྲིད། །སྤྲུལ་པ་རྟ་ལྷ་འབུམ་གྱི་ཚོགས། །གཙོ་འཁོར་བཀོད་པ་བསམ་ཡས་བཅས། །མ་ངེས་མཁའ་ལ་སྤྲིན་ལྟར་འཁྲིགས། །དམ་ཚིག་ཐུགས་ཀའི་འོད་ཟེར་གྱིས། །སྤྱན་དྲངས་བཛྲ་ས་མ་ཛ། །དེ་ནས་སྤྱན་འདྲེན་པ་ནི། ཀྱཻ། དད་པ་དང་ནི་དམ་ཚིག་གིས། །ཡེ་ཤེས་དབྱིངས་ནས་གང་འདུལ་གར། །རིགས་གསུམ་རྒྱལ་བའི་ཕྲིན་ལས་གཟུགས། །སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱིས། །རྫུ་འཕྲུལ་ཆིབས་ཀྱི་ཁ་ལོ་བསྒྱུར། །དབང་ཆེན་ཅང་ཤེས་ཕེལ་པོ་ནི། །གསང་གསུམ་དགྱེས་དགུའི་རོལ་མོ་ཡིས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རི་རབ་རི་ཡི་རྩེ་མོ་ནས། །རེ་མནྟ་མཆོག་གཤེགས་སུ་གསོལ། །འོད་སྟོང་ཉིན་བྱེད་མདུན་རོལ་ནས། །ཉི་མའི་སྲས་པོ་གཤེགས་སུ་གསོལ། །ལྷ་ཡི་སྤྱན་པ་རྣོ་སོ་བ། །དཔའ་རབ་འཆང་བ་གཤེགས་སུ་གསོལ། །ལམ་ལྷ་མཛད་ཅིང་རྟ་སྲི་སྒྲོལ། །ཁྲོ་རྒྱལ་རེ་མན་གཤེགས་སུ་གསོལ། །ལྕང་ལོ་ཅན་ནས་གནོད་སྦྱིན་ཆེ། །གང་བ་བཟང་པོ་གཤེགས་སུ་གསོལ། །རིན་ཆེན་ཕོ་བྲང་བདུན་བརྩེགས་ནས། །རྣམ་མང་ཐོས་སྲས་གཤེགས་སུ་གསོལ། །རྩུབ་འགྱུར་རྡོ་རྗེའི་དགའ་ཚལ་ནས། །མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །རྟ་རྣམ་སྲུང་སྤེལ་ཟླ་བའི་སྲས། །ཀུ་བེ་ར་ཡ་གཤེགས་སུ་གསོལ། །རྟ་ལྷ་ལྔ་བརྒྱ་གནོད་སྦྱིན་འབུལ། །ནོར་ལྷ་བྱེ་བ་འབུམ་གྱི་སྡེ། །འདོད་དགུའི་དངོས་གྲུབ་སྩོལ་མཛད་པའི། །འཁོར་དང་བཅས་ཀུན་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཨ་ཤྭ་རཏྣ་ཧ་ཡ་གྲཱྀ་ཝ་རེ་མནྟ་སརྦ་དེ་ཝ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛ་ལྷན། ཀྱཻ། ལྷ་རྣམས་དགྱེས་བྱེད་ཀུན་བཟང་མཆོད་པའི་རྫས། །ཡིད་འོང་ཉེར་སྤྱོད་འཕགས་ནོར་རིན་ཆེན་བདུན། །འཕགས་ལམ་བཀྲ་ཤིས་དགེ་བའི་རྫས་མཆོག་བརྒྱད། །རྣམ་པར་ཐར་པའི་རྟགས་བརྒྱད་བྱང་ཆུབ་ལམ། །རྒྱལ་སྲིད་བདུན་དང་སྟོབས་ཀྱི་འདོད་ཡོན་ལྔ། །ཚོགས་གཉིས་བཞེད་དགུའི་ཐུགས་དམ་དགྱེད་བསྐང་རྫས། །ཕ་རོལ་ཕྱིན་བཅུའི་སྟོབས་ལྡན་ཅང་ཤེས་ཁྱུ། །སྲིད་ཞིའི་དཔལ་འབྱོར་འདོད་འཇོའི་དཔག་བསམ་ཚལ། །མ་ལུས་ལྷུན་གྲུབ་རྒྱལ་བ་དགྱེས་པའི་ལམ། །བླ་མེད་ཆོས་ཀྱི་དབྱིངས་དང་མཉམ་པར་འབུལ། །ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཨཱཿཧཱུྃ། གཏོར་མ་འབུལ་བ་ནི། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ་ཕཊ྄། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་གཏོར་མ་འོད་དུ་ཞུ་བ་ལྷ་ཡི་ཞལ་ཟས་བདུད་རྩིའི་རྒྱ་མཚོ་འདོད་ཡོན་གྱི་ཟེགས་མ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨོཾ་ཤྲཱི་མ་ཧཱ་ཨ་ཤྭ་རཏྣ་ཧྱ་གྲཱྀ་ཝ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཀྲོ་དྷ་རེ་མནྟ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བུདྡྷ་ཀྲོདྷ་རེ་མནྟ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱརྻ་རེ་མནྟ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་ཝེ་ར་རེ་མནྟ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀྲོ་ཏ་རེ་མནྟ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་པཱུརྞ་བྷ་དྲཱ་ཡ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་གྷོ་ར་དེ་ཝ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་བཻ་རཱ་ཡ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སརྦ་ཡཀྵ་གྷོ་ར་དེ་ཝ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་སོ་སོར་ལན་གསུམ་རེས་འབུལ། བསྟོད་པ་ནི། ཧྲཱིཿ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཐིག་ལེ་ཆེ། །རྣམ་ཐར་སྒོ་གསུམ་རྫོགས་པའི་ཉེ་རེག་གིས། །རྣམ་བཅས་བདེ་བའི་གཟི་བྱིན་འབུམ་ཕྲག་གཟུགས། །རྣམ་མཁྱེན་ལམ་གྱི་དེད་དཔོན་འཆར་ལ་བསྟོད། །མཛེས་སྡུག་མཚུངས་མེད་བྱི་རུའི་ལྷུན་པོ་བཞིན། །ཆེ་བརྗིད་རྔམས་པའི་འོད་ཕྲེང་འབུམ་གྱིས་འཁྱུད། །དབང་ཆེན་བཞད་པའི་རྡོ་རྗེའི་གད་རྒྱངས་ཅན། །དབང་བྱེད་པདྨའི་རིགས་མཆོག་འཆར་ལ་འདུད། །གང་འདུལ་སྒྱུ་འཕྲུལ་བདུད་རྩིའི་སྤྲིན་ཕྲེང་ལས། །ཅང་ཤེས་ཆར་འབེབས་ཨཱརྻ་རེ་མནྟ། །རྣམ་འགྱུར་མ་ངེས་འདོད་དགུའི་གློག་ཕྲེང་གིས། །ཕྲིན་ལས་རྨ་བྱའི་ཟློས་གར་རྩེན་ལ་འདུད། ཀྱཻ། སྲིད་པའི་ལྷ་རབས་གཉན་པོ་རྣམས། །མཆོད་ཅིང་བསྟོད་དེ་ཐུགས་དམ་བསྐུལ། །དེ་རིང་བཀྲ་ཤིས་ཉི་མ་ལ། །དངོས་གྲུབ་འདོད་དགུའི་ཕྱ་གཡང་སྩོལ། །ཕྱི་སྣོད་ས་ཆུ་མེ་རླུང་མཁའི། །དྭངས་མ་དཔལ་གྱི་གཡང་ཀུན་ཁུག །ནང་བཅུད་སྐྱེ་རྒུ་ལྷ་ཀླུ་མིའི། །བསོད་ནམས་ཚེ་དཔལ་གཡང་ཀུན་ཁུག །སྟེང་འོག་བར་གྱི་འཇིག་རྟེན་གྱི། །དགེ་ལེགས་ཡོན་ཏན་དཔལ་ཀུན་ཁུག །རབ་འབྱམས་རྒྱལ་བའི་ཞིང་ཁམས་ནས། །ཚོགས་གཉིས་འབྱོར་བའི་དཔལ་ཡོན་ཁུག །རྒྱལ་བ་སྲས་དང་བཅས་རྣམས་ཀྱི། །ཐུགས་བསྐྱེད་ཕྲིན་ལས་དཔལ་ཀུན་ཁུག །མ་ལུས་མཁས་དང་གྲུབ་པ་ཡི། །བཤད་སྒྲུབ་ལས་ཀྱི་མཛད་དཔལ་ཁུག །ཕུན་ཚོགས་སྙན་དང་གྲགས་པ་ཡི། །འབྱུང་གནས་དཔལ་འབྱོར་བཅུད་ཀུན་ཁུག །ཚེ་རིང་འབྱོར་ལྡན་ལོངས་སྤྱོད་ཀྱི། །ཟད་མེད་མངའ་ཐང་སྟོབས་འབྱོར་ཁུག །ཁྱད་པར་དབང་ཆེན་ཧེ་རུ་ཀཿ །པདྨ་རྟ་མཆོག་རོལ་པའི་འཕྲུལ། །རྫུ་འཕྲུལ་རྐྱང་རྒོད་ཕེར་པོའི་མཐུས། །ཅང་ཤེས་རྟ་ཡི་ཕྱ་གཡང་ཁུག །སྤུ་མདོག་ལི་ཁྲིའི་འཇོ་སྒེག་གིས། །མཛེས་སྡུག་རྟ་ཡི་ཕྱ་གཡང་ཁུག །ཐོགས་མེད་རྐང་བཞིའི་གོམ་སྟབས་ཀྱིས། །མྱུར་མགྱོགས་རྟ་ཡི་ཕྱ་གཡང་ཁུག །སེང་ལྟར་བརྗིད་ཅིང་དཔའ་བ་ཡིས། །སྟོབས་ལྡན་རྟ་ཡི་ཕྱ་གཡང་ཁུག །ཟེ་རྔོག་སྤྲིན་ལྟར་འཚུབས་པ་ཡིས། །ཟད་མེད་རྟ་ཡི་ཕྱ་གཡང་ཁུག །ཕྲུམ་ཕྲུམ་དུང་གི་ཞུར་མཛེས་པས། །རྟ་མང་འཕེལ་བའི་ཕྱ་གཡང་ཁུག །སྟིང་སྟོབས་རྡོ་རྗེ་ལྟར་བརྟན་པས། །མི་ཤིགས་སྟོབས་ཀྱི་ཕྱ་གཡང་ཁུག །སྤྱན་ཟུང་ཉི་ཟླ་འཁྱིལ་བ་ཡིས། །དྭངས་གསལ་མིག་ལྡན་རྟ་གཡང་ཁུག །དཔུང་པ་རླུང་གི་འཕྲུལ་འཁོར་གྱིས། །མགྱོགས་མྱུར་དགྲ་ལྷའི་དཔལ་གཡང་ཁུག །རྨིག་བཞི་པདྨའི་རྟ་རྗེས་ཀྱིས། །ཀུན་ཀྱང་དབང་བྱེད་ཕྱ་གཡང་ཁུག །སྒལ་ཚིགས་སྟོབས་མྱུར་ཤུགས་ཀྱི་ལྷས། །མཐུ་སྟོབས་རྩལ་ལྡན་ཕྱ་གཡང་ཁུག །རྩིབས་ལོགས་མགྱོགས་པའི་བངས་ལྡན་པས། །རླུང་རྟར་མགྱོགས་པའི་ཕྱ་གཡང་ཁུག །གདན་གསུམ་རྡོ་རྗེའི་གྲོང་ཁྱེར་གྱི། །ཆོ་འཕྲུལ་བཀོད་པ་རྨད་བྱུང་བའི། །ཁྲོ་བོ་ཨཱརྻ་རེ་མནྟས། །འདོ་བ་རྟ་ཡི་གཡང་ཀུན་ཁུག །དཔའ་རབ་འཆང་བའི་མགོན་པོ་ཡིས། །འགལ་རྐྱེན་ཞི་བའི་ཕྱ་གཡང་ཁུག །དཔལ་ལྡན་རེ་མནྟ་སེར་པོས། །ལེགས་ཚོགས་རྒྱས་པའི་ཕྱ་གཡང་ཁུག །གཞོན་ནུ་རེ་མནྟ་དམར་པོས། །དཔལ་ཀུན་དབང་སྡུ་ཕྱ་གཡང་ཁུག །ཁྲོ་བོ་རེ་མནྟ་ནག་པོས། །དྲག་ཤུལ་རོལ་པའི་ཕྱ་གཡང་ཁུག །རེ་མནྟ་ནི་རིགས་བཞི་ཡིས། །ཐུན་མོང་ཕྲིན་ལས་རྣམ་པ་བཞིས། །ཅང་ཤེས་རྟ་མཆོག་རིན་པོ་ཆེའི། །ཕྱ་གཡང་རྒྱ་མཚོ་འཁྱིལ་བར་མཛོད། །གནོད་སྦྱིན་རྒྱལ་པོ་གང་བཟང་གིས། །འདོད་དགུའི་གཏེར་གྱི་ཕྱ་གཡང་ཁུག །རྒྱལ་ཆེན་རྣམ་མང་ཐོས་སྲས་ཀྱིས། །ཟད་མེད་ནོར་གྱི་ཕྱ་གཡང་ཁུག །དགྲ་ལྷ་མགོན་པོ་ལྕམ་དྲལ་གྱིས། །ཐོགས་མེད་ནུས་མཐུའི་ཕྱ་གཡང་ཁུག །རྟ་བདག་ཀུ་ཝེ་ར་ནག་པོས། །སྲུང་སྐྱོབ་བྱིན་རླབས་ཕྱ་གཡང་ཁུག །མདོར་ན་རྫུ་འཕྲུལ་རྟ་ཡི་ལྷ། །ཅང་ཤེས་ཉི་མའི་སྙིང་པོ་སོགས། །འདོད་དགུའི་དངོས་གྲུབ་སྟེར་མཛད་པ། །ནོར་ལྷ་འཁོར་དང་བཅས་རྣམས་ཀྱིས། །འདོད་དགུའི་ཕྱ་དང་གཡང་ཀུན་ཁུག །ལུས་ཀྱི་རྩལ་དང་མདངས་ལྡན་ཅིང༌། །སྟོབས་ཆེན་འགྲོས་མྱུར་བཞོན་པའི་མཆོག །ཅང་ཤེས་རྟ་ཡི་རྒྱལ་པོ་ཡི། །དཔལ་གྱི་གཡང་ཀུན་གནས་འདིར་ཁུག །བསྒྲུབ་པའི་རྫས་ལ་གཉིས་མེད་བསྟིམས། །ཡེ་ཤེས་ཕྱག་རྒྱ་བཏབ་པའི་མཐུས། །ཕྱ་གཡང་མི་ཉམས་རྒྱས་ཤིང་བརྟན། །དགེ་ལེགས་དོན་ཀུན་ལྷུན་གྲུབ་མཛོད། །སྡུས་སྡུས་ཕྱ་གཡང་པུཥྚིཾ་ཀུ་རུ་ཧོ། ཞེས་བརྗོད། བཟླས་དམིགས་ནི། མདུན་བསྐྱེད་ལྷ་ཚོགས་ཐུགས་ཀའི་འོད་ཟེར་གྱིས། །སྣོད་བཅུད་སྲིད་ཞིའི་དཔལ་གྱི་དྭངས་མ་དང༌། །ཁྱད་པར་རྫུ་འཕྲུལ་སྟོབས་ལྡན་རྟ་མཆོག་ཚོགས། །འཕེལ་རྒྱས་བརྟན་པའི་དངོས་གྲུབ་འོད་ཟེར་ཚུལ། །བསྡུས་ནས་རྟེན་དང་མདུན་བསྐྱེད་རྣམས་ལ་བསྟིམས། །སླར་ཡང་དེ་ལས་འཕྲོས་པའི་འོད་ཟེར་གྱིས། །ཁྱབ་པར་བརྡལ་ལས་འདོད་འབྱུང་ནོར་བུའི་ཚོགས། །ཟད་མེད་ཕབ་པས་ཕྱུར་བུར་ཁེངས་པའི་མཐུས། །ཅི་འདོད་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །ཨོཾ་པདྨ་ཀྲོ་དྷ་ཧ་ཡ་གྲྀ་ཝ་མ་ཧཱ་ཏུ་རངྒ་ཨ་ཤྭ་རཏྣ་སརྦ་ཨརྠ་སིདྡྷི་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང༌། གཞན་ཡང༌། ཨོཾ་བཛྲ་ཀྲོདྷ་རེ་མནྟ་ཧ་ན་ཧ་ན་ཧཱུྃ་ཕཊ྄་སྭཱ་ཧཱ། ཨོཾ་བུདྡྷ་ཀྲོ་དྷ་རེ་མནྟ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ྄། སརྦ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །ཨོཾ་རཏྣ་ཨཱརྻ་རེ་མནྟ་ཀྲོ་དྷ་རཀྵ་རཀྵ་ཡེ་སྭཱ་ཧཱ། སརྦ་པུཥྚིཾ་ཀུ་རུ་ཨོཾ། ཨོཾ་པདྨ་ཨཱརྻ་རེ་མནྟ་བདག་གི་དབང་དུ་གྷོ་ར་སརྦ་བཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱཿ ཨོཾ་མ་ཧཱ་ཀྲོ་དྷ་རེ་མནྟ་དུཥྚན་མཱ་ར་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄། ཨོཾ་པཱུརྞ་བྷ་དྲ་གྷོ་ར་རཀྵ་རཀྵ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎ་ས་མ་ཡ་རྟ་རྣམས་སྲུངས་ཤིག །ཨོཾ་མ་ཧཱ་ཀཱ་ལ་རུ་རུ་ཤ་ཏེ་ག་ཏེ་ནི་སྭཱ་ཧཱ། ཨོཾ་ཀུ་བེ་ར་སྭཱ་ཧཱ། གྷོ་ར་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་སྲུངས་ཤིག །ཞེས་སྔགས་རྣམས་བཟླས་ལ། ཐུན་མཐར་གཏོར་མ་གསོ་བྲན་དང་སྐྱེམས་ཕུད་རྣམས་སྦྲེངས་ཏེ། ཀྱཻ། མཆོད་དོ་འདོ་རྗེ་རྟ་ཡི་ལྷ། །བསྐུལ་ལོ་མ་གཡེལ་ལས་ལ་བཞེངས། །དབང་ཆེན་པདྨ་ཧེ་རུ་ཀཿ །རྡོ་རྗེའི་ཐུགས་དམ་གནད་ནས་བསྐུལ། །སྔོན་གྱི་ཞལ་བཞེས་དམ་བཅའ་བཞིན། །བདག་ཅག་དད་པས་ཁྱོད་བསྟེན་ཏེ། །རྩེ་གཅིག་སྒྲུབ་ཅིང་བསྙེན་པ་བཞིན། །ཅང་ཤེས་རྟ་རྣམས་སྤེལ་ཞིང་སྲུངས། །དབང་ཆེན་ཧ་ཡ་གྲཱྀ་བ་ཡི། །ཡེ་ཤེས་རྡོ་རྗེའི་སྲུང་གུར་དུ། །རྟ་རྣམས་ཚུད་པས་གནོད་བྱེད་བགེགས། །རྟ་སྲི་བར་ཆད་ཀུན་ལས་སྐྱོབས། །རྔོག་ཆགས་སྲུང་མ་རེ་མནྟས། །རྟ་རྣམས་མེལ་ཚེས་སྤེལ་བར་མཛོད། །ལྷ་ཡི་སྤྱན་པ་དཔལ་རབ་འཆང༌། །རྟ་ཡི་གནོད་པ་ཀུན་ཞི་མཛོད། །ཉི་མའི་སྲས་པོ་གཞོན་ནུ་ཡིས། །རྟ་རྣམས་འཕེལ་རྒྱས་དར་བར་མཛོད། །ཁྲོ་བོ་ཆེན་པོ་རེ་མནྟས། །རྟ་སྲི་གོད་འདྲེ་སྒྲོལ་ཅིང་སོད། །གནོད་སྦྱིན་གང་བ་བཟང་པོ་ཡིས། །འདོད་འབྱུང་རྟ་ཡི་འབྱོར་བ་སྤེལ། །རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱིས། །རྟ་ཕྱུགས་དཔལ་འབྱོར་འཕེལ་བརྟན་མཛོད། །མགོན་པོ་མ་ཧཱ་ཀཱ་ལ་ཡིས། །རྟ་ལ་གནོད་པའི་དགྲ་བགེགས་སྒྲོལ། །ཟླ་བའི་སྲས་པོ་ཀུ་བེ་རས། །རྟ་རྣམས་བྱ་ར་མེལ་ཚེས་སྐྱོངས། །རྟ་སྲི་གོད་འདྲེ་འགོང་པོ་ཐུལ། །རྟ་ཡི་ནད་དང་བར་ཆད་ཞི། །རྟ་གཡང་སྒབ་འཕེལ་དར་ཞིང་རྒྱས། །རྟ་མཆོག་རིན་ཆེན་དབང་དུ་སྡུས། །རྟ་ཡི་དངོས་གྲུབ་བདག་ལ་སྩོལ། །མདོར་ན་ཇི་ལྟར་འདོད་པའི་ལས། །ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །བཀྲ་ཤིས་དགེ་ལེགས་དཔལ་འབྱོར་པས། །དོན་ཀུན་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད། ཡེ་དྷརྨ་དང༌། སུ་པྲ་ཏིཥྛས་བརྟན་བཞུགས་བྱ་ཞིང༌། སེང་ཆེན་གསོལ་མཆོད་ཀྱི་ལས་བྱང་གཞུག་བསྡུས་པས་དོན་གྲུབ་པའོ། །དོན་གནས་གྲུབ་པའི་མན་ངག་ལ། །རྣམ་པ་རྟེན་འབྲེལ་ཐབས་ཀྱི་སྒོ། །བཀྲ་ཤིས་འདོད་གུའི་ལྡེའུ་མིག་གིས། །དགེ་ལེགས་དོན་ཀུན་གྲུབ་གྱུར་ཅིག །ཅེས་པའང་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་སྐུའི་རིམ་གྲོ་པ་འབྲོང་སྤྲུལ་ངག་དབང་བློ་གྲོས་ཕྲིན་ལས་མཆོག་གྲུབ་ནས་ལྷ་རྫས་རྟེན་བཅས་གསུང་བསྐུལ་ངོར་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་རོལ་པ་རྩལ་གྱིས་ཕུན་ཚོགས་ཆོས་འཁོར་གླིང་གི་གཟིམ་སྤྱིལ་དུ་བྲིས་པ་འདོད་དགུའི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__/dbang chen rdo rje'i rkyang rgod pher po la brten pa'i rta lha'i g.yang sgrub dge mtshan 'dod dgu'i sgo 'byed bzhugs/_/ @#/__/oM swasti/_dzam gling seng chen rgyal po'i rdzu 'phrul chibs kyi rgyal po la brten pa'i rta lha'i g.yang sgrub bya bar 'dod pas rgyas pa'i las la ched du bsngags pa'i dus tshes gza' skar dge zhing shis pa'i snga char gtsang ma'i gnas su bdag bskyed yi dam gang la brten pa'i mchod gtor dang*/_ge sar gyi gsol mchod rgyas pa sngon du 'gro dgos pas de nyid kyi rten rdzas gtor ma bcas gzhung mthun 'du byas pa'i mdun du rten mda' gtsang ma rgyan ldan dar snas bklubs pa'i mgul du rgya shog la gser ram/_mtshal gyis rta mgrin dang*/_rkyang rgod/_rta lha'i sngags/_'dod gsol brtan bzhugs can 'du bya/_gsol mchod tsam la 'brang rgyas nor gzugs 'khor rang 'dra brgyad bar rnams thebs kyu zas snas bskor bas kyang rung*/_gang ltar yang gtsang la dag pa'i mchod pa dang*/_bsang dang*/_gser skyems bcas 'du bya zhing*/_bdag nyid rta mgrin lta bu'i bskyed bzlas dang*/_seng chen gyi gsol mchod rgyas pa btang la/_mchod rdzas byin rlabs ni/_ra~M ya~M kha~M/_bdag nyid lhar gsal thugs ka nas/_/'od 'phros mchod rdzas gzung 'dzin sbyangs/_/dngos 'byor yid sprul longs spyod tshogs/_/mchod pa'i phyag rgya chen por gyur/_/na maHsarba ta thA ga te b+h+yo sogs nam mkha' mdzod sngags lan gsum dang*/_badz+ra s+pha ra Na khaM/_de nas rten bskyed pa ni/_kyai/_ye thog bskal pa'i dang po la/_chos dbyings stong pa'i ye shes rtsal/_/'gag med rten 'byung sgyu ma'i 'phrul/_/zung 'jug rol mo cir yang shar/_/rgyu 'bras kun rdzob rten cing 'brel/_ngo mtshar gsang ba zab mo'i dbyings/_/don gyi gnad kun legs rtogs pas/_/phan gnod 'khor 'das bkod pa 'char/_/dbyings la bzang ngan ma mchis kyang*/_/rol rtsal ma 'gag snang ba'i gnad/_/thabs dang rten cing 'brel 'byung las/_/'dod pa'i dngos grub sbyin pa'i phyir/_/rgyal kun rdo rje gsum gyi dbyings/_/'bras bu'i sems dpa' rigs gsum gyi/_/mkhyen brtse nus pa'i ye shes che'i/_/spro bsdu'i byed po rigs kun bdag_/rtsa gsum rgyal ba'i khyab bdag che/_/srid zhi'i spyi dpal he ru kaH_/snang srid zil gnon thod phreng rtsal/_/rang byung thugs rje'i ye shes gar/_/bdud dgra bdud 'dul dam sri'i gshed/_/sangs rgyas chos kyi dgra bla che/_/nag phyogs hor bdud 'joms pa'i gshed/_/dzam+bu gling gi skyes gcig pu/_/seng chen nor bu dgra 'dul rtsal/_/las smon dag pa thugs rje'i gzugs/_/'jigs bral dgra lha wer ma'i rgyal/_/dpa' bo chen po'i skur bzhengs tshe/_/phyi ru rdzu 'phrul chibs kyi mchog_/rdo rje rkyang rgod pher chen zhes/_/rta mchog pad+ma gar gyi dbang*/_/sgyu 'phrul rol pa'i bkod pa bstan/_/nang du rdo rje nyi ma'i me/_/chos kun za ba'i tsaN+Da li/_/'bar ba rngams zhugs dwangs ma'i dpyid/_/mi shigs thig le chen por zlum/_/gsang ba rdzu 'phrul rkang pa bzhi'i/_/ye shes dag pa'i ting 'dzin gyis/_/zab mo rgyal ba'i chos kun la/_/dbang 'byor nus pa'i ye shes nyid/_/rnam pa rdo rje cang shes rgyal/_/seng ltar 'gying zhing stag ltar rngams/_/'brug bzhin 'phyo la khyung ltar lding*/_/rnam pa sna tshogs rol rtsed kyis/_/las bzhi'i phrin las cir yang ston/_/skyes bu'i chibs kyi kha lo bsgyur/_/phrin las las rigs klung rta'i lha/_/gang 'dod las kun thogs pa med/_/yid bzhin sgrub pa'i dpa' bo che/_/mdun du mkha' spyod dag pa'i zhing*/_/sku gsum rgyal ba'i zhing gi mchog_/ngo mtshar mthong ba kun smon gyi/_/bkod pa rmad du byung ba'i dbus/_/rin chen pad+ma zla ba'i steng*/_/cang shes 'phrul gyi rgyal po che/_/thun mtshams chu 'dzin gsar pa'i mdangs/_/rdzu 'phrul rkang bzhis gar stabs bsgyur/_/ze rngog sprul pa'i rtsa gsum 'phro/_/rin chen sga srab dar snas brgyan/_/mdzes brjid phun sum tshogs pa la/_/don grub wer ma'i rgyal pos chibs/_/sku gsung thugs kyi ye shes ni/_/phyogs dus de bzhin gshegs kun gyi/_/bde chen gsung gi rdo rje'i bdag_/dpal ldan pad+ma gar gyi dbang*/_/rta mchog rol pa'i dkyil 'khor te/_/gsang ba mi zad rgyan gyi dbyings/_/sku dang ye shes ngo bor grub/_/thugs ka chos kyi 'khor lo nas/_/bde stong dwangs ma'i dpyid thig gi_/rnam rol khro bo re man+ta/_/dmar ser nyi ma 'char ka'i mdog_/khro 'dzum sgeg bzhad dpa' bo'i gzugs/_/bse khrab dngul rmog 'khor gsum can/_/rdo rje rtse lnga ne'u le bsnams/_/mdung dar dmar po gru g.yon 'chang*/_/sngon po chu ris rgyan ldan chibs/_/bya khyung lcags khra 'jum zhing lding*/_/stag dang seng chen mdun rgyab 'phyo/_/rta sngon sgab ser rol du khrid/_/sprul pa rta lha 'bum gyi tshogs/_/gtso 'khor bkod pa bsam yas bcas/_/ma nges mkha' la sprin ltar 'khrigs/_/dam tshig thugs ka'i 'od zer gyis/_/spyan drangs badz+ra sa ma dza/_/de nas spyan 'dren pa ni/_kyai/_dad pa dang ni dam tshig gis/_/ye shes dbyings nas gang 'dul gar/_/rigs gsum rgyal ba'i phrin las gzugs/_/skyes mchog nor bu dgra 'dul gyis/_/rdzu 'phrul chibs kyi kha lo bsgyur/_/dbang chen cang shes phel po ni/_/gsang gsum dgyes dgu'i rol mo yis/_/gnas 'dir spyan 'dren gshegs su gsol/_/ri rab ri yi rtse mo nas/_/re man+ta mchog gshegs su gsol/_/'od stong nyin byed mdun rol nas/_/nyi ma'i sras po gshegs su gsol/_/lha yi spyan pa rno so ba/_/dpa' rab 'chang ba gshegs su gsol/_/lam lha mdzad cing rta sri sgrol/_/khro rgyal re man gshegs su gsol/_/lcang lo can nas gnod sbyin che/_/gang ba bzang po gshegs su gsol/_/rin chen pho brang bdun brtsegs nas/_/rnam mang thos sras gshegs su gsol/_/rtsub 'gyur rdo rje'i dga' tshal nas/_/ma hA kA la gshegs su gsol/_/rta rnam srung spel zla ba'i sras/_/ku be ra ya gshegs su gsol/_/rta lha lnga brgya gnod sbyin 'bul/_/nor lha bye ba 'bum gyi sde/_/'dod dgu'i dngos grub stsol mdzad pa'i/_/'khor dang bcas kun gshegs su gsol/_/oM shrI ma hA a shwa rat+na ha ya gr-I wa re man+ta sarba de wa sa pa ri wA ra badz+ra sa ma ya dzaHdzaH_dzaHhU~M ba~M hoH_sa ma ya tiSh+Tha lhan/_kyai/_lha rnams dgyes byed kun bzang mchod pa'i rdzas/_/yid 'ong nyer spyod 'phags nor rin chen bdun/_/'phags lam bkra shis dge ba'i rdzas mchog brgyad/_/rnam par thar pa'i rtags brgyad byang chub lam/_/rgyal srid bdun dang stobs kyi 'dod yon lnga/_/tshogs gnyis bzhed dgu'i thugs dam dgyed bskang rdzas/_/pha rol phyin bcu'i stobs ldan cang shes khyu/_/srid zhi'i dpal 'byor 'dod 'jo'i dpag bsam tshal/_/ma lus lhun grub rgyal ba dgyes pa'i lam/_/bla med chos kyi dbyings dang mnyam par 'bul/_/oM sarba pU dza sa ma ya AHhU~M/_gtor ma 'bul ba ni/_oM a mr-i ta hU~M hU~M phaTa?/_oM swa b+hA was sbyangs/_stong pa'i ngang las b+h+rU~M las rin po che'i snod yangs shing rgya che ba rnams kyi nang du gtor ma 'od du zhu ba lha yi zhal zas bdud rtsi'i rgya mtsho 'dod yon gyi zegs ma 'phro bar gyur/_oM AHhU~M/_lan gsum/_oM shrI ma hA a shwa rat+na h+ya gr-I wa sa pa ri wA ra i daM ba ling+ta kha kha khA hi khA hi/_oM badz+ra kro d+ha re man+ta i daM ba ling+ta kha kha khA hi khA hi/_oM bud+d+ha krod+ha re man+ta i daM ba ling+ta kha kha khA hi khA hi/_oM Ar+Ya re man+ta i daM ba ling+ta kha kha khA hi khA hi/_oM ku we ra re man+ta i daM ba ling+ta kha kha khA hi khA hi/_oM ma hA kro ta re man+ta i daM ba ling+ta kha kha khA hi khA hi/_oM pUr+Na b+ha drA ya i daM ba ling+ta kha kha khA hi khA hi/_oM bai shra ma NA ya i daM ba ling+ta kha kha khA hi khA hi/_oM ma hA kA la g+ho ra de wa i daM ba ling+ta kha kha khA hi khA hi/_oM ku bai rA ya i daM ba ling+ta kha kha khA hi khA hi/_oM sarba yak+Sha g+ho ra de wa i daM ba ling+ta kha kha khA hi khA hi/_zhes so sor lan gsum res 'bul/_bstod pa ni/_hrIH_rnam kun mchog ldan dbyings kyi thig le che/_/rnam thar sgo gsum rdzogs pa'i nye reg gis/_/rnam bcas bde ba'i gzi byin 'bum phrag gzugs/_/rnam mkhyen lam gyi ded dpon 'char la bstod/_/mdzes sdug mtshungs med byi ru'i lhun po bzhin/_/che brjid rngams pa'i 'od phreng 'bum gyis 'khyud/_/dbang chen bzhad pa'i rdo rje'i gad rgyangs can/_/dbang byed pad+ma'i rigs mchog 'char la 'dud/_/gang 'dul sgyu 'phrul bdud rtsi'i sprin phreng las/_/cang shes char 'bebs Ar+Ya re man+ta/_/rnam 'gyur ma nges 'dod dgu'i glog phreng gis/_/phrin las rma bya'i zlos gar rtsen la 'dud/__kyai/_srid pa'i lha rabs gnyan po rnams/_/mchod cing bstod de thugs dam bskul/_/de ring bkra shis nyi ma la/_/dngos grub 'dod dgu'i phya g.yang stsol/_/phyi snod sa chu me rlung mkha'i/_/dwangs ma dpal gyi g.yang kun khug_/nang bcud skye rgu lha klu mi'i/_/bsod nams tshe dpal g.yang kun khug_/steng 'og bar gyi 'jig rten gyi/_/dge legs yon tan dpal kun khug_/rab 'byams rgyal ba'i zhing khams nas/_/tshogs gnyis 'byor ba'i dpal yon khug_/rgyal ba sras dang bcas rnams kyi/_/thugs bskyed phrin las dpal kun khug_/ma lus mkhas dang grub pa yi/_/bshad sgrub las kyi mdzad dpal khug_/phun tshogs snyan dang grags pa yi/_/'byung gnas dpal 'byor bcud kun khug_/tshe ring 'byor ldan longs spyod kyi/_/zad med mnga' thang stobs 'byor khug_/khyad par dbang chen he ru kaH_/pad+ma rta mchog rol pa'i 'phrul/_/rdzu 'phrul rkyang rgod pher po'i mthus/_/cang shes rta yi phya g.yang khug_/spu mdog li khri'i 'jo sgeg gis/_/mdzes sdug rta yi phya g.yang khug_/thogs med rkang bzhi'i gom stabs kyis/_/myur mgyogs rta yi phya g.yang khug_/seng ltar brjid cing dpa' ba yis/_/stobs ldan rta yi phya g.yang khug_/ze rngog sprin ltar 'tshubs pa yis/_/zad med rta yi phya g.yang khug_/phrum phrum dung gi zhur mdzes pas/_/rta mang 'phel ba'i phya g.yang khug_/sting stobs rdo rje ltar brtan pas/_/mi shigs stobs kyi phya g.yang khug_/spyan zung nyi zla 'khyil ba yis/_/dwangs gsal mig ldan rta g.yang khug_/dpung pa rlung gi 'phrul 'khor gyis/_/mgyogs myur dgra lha'i dpal g.yang khug_/rmig bzhi pad+ma'i rta rjes kyis/_/kun kyang dbang byed phya g.yang khug_/sgal tshigs stobs myur shugs kyi lhas/_/mthu stobs rtsal ldan phya g.yang khug_/rtsibs logs mgyogs pa'i bangs ldan pas/_/rlung rtar mgyogs pa'i phya g.yang khug_/gdan gsum rdo rje'i grong khyer gyi/_/cho 'phrul bkod pa rmad byung ba'i/_/khro bo Ar+Ya re man+tas/_/'do ba rta yi g.yang kun khug_/dpa' rab 'chang ba'i mgon po yis/_/'gal rkyen zhi ba'i phya g.yang khug_/dpal ldan re man+ta ser pos/_/legs tshogs rgyas pa'i phya g.yang khug_/gzhon nu re man+ta dmar pos/_/dpal kun dbang sdu phya g.yang khug_/khro bo re man+ta nag pos/_/drag shul rol pa'i phya g.yang khug_/re man+ta ni rigs bzhi yis/_/thun mong phrin las rnam pa bzhis/_/cang shes rta mchog rin po che'i/_/phya g.yang rgya mtsho 'khyil bar mdzod/_/gnod sbyin rgyal po gang bzang gis/_/'dod dgu'i gter gyi phya g.yang khug_/rgyal chen rnam mang thos sras kyis/_/zad med nor gyi phya g.yang khug_/dgra lha mgon po lcam dral gyis/_/thogs med nus mthu'i phya g.yang khug_/rta bdag ku we ra nag pos/_/srung skyob byin rlabs phya g.yang khug_/mdor na rdzu 'phrul rta yi lha/_/cang shes nyi ma'i snying po sogs/_/'dod dgu'i dngos grub ster mdzad pa/_/nor lha 'khor dang bcas rnams kyis/_/'dod dgu'i phya dang g.yang kun khug_/lus kyi rtsal dang mdangs ldan cing*/_/stobs chen 'gros myur bzhon pa'i mchog_/cang shes rta yi rgyal po yi/_/dpal gyi g.yang kun gnas 'dir khug_/bsgrub pa'i rdzas la gnyis med bstims/_/ye shes phyag rgya btab pa'i mthus/_/phya g.yang mi nyams rgyas shing brtan/_/dge legs don kun lhun grub mdzod/_/sdus sdus phya g.yang puSh+TiM ku ru ho/_zhes brjod/_bzlas dmigs ni/_mdun bskyed lha tshogs thugs ka'i 'od zer gyis/_/snod bcud srid zhi'i dpal gyi dwangs ma dang*/_/khyad par rdzu 'phrul stobs ldan rta mchog tshogs/_/'phel rgyas brtan pa'i dngos grub 'od zer tshul/_/bsdus nas rten dang mdun bskyed rnams la bstims/_/slar yang de las 'phros pa'i 'od zer gyis/_/khyab par brdal las 'dod 'byung nor bu'i tshogs/_/zad med phab pas phyur bur khengs pa'i mthus/_/ci 'dod don kun yid bzhin 'grub par mdzod/_/oM pad+ma kro d+ha ha ya gr-i wa ma hA tu rang+ga a shwa rat+na sarba ar+tha sid+d+hi puSh+TiM ku ru oM/_zhes dang*/_gzhan yang*/_oM badz+ra krod+ha re man+ta ha na ha na hU~M phaTa? swA hA/_oM bud+d+ha kro d+ha re man+ta ha na ha na hU~M hU~M phaTa?/_sarba shAn+tiM ku ru swA hA/_/oM rat+na Ar+Ya re man+ta kro d+ha rak+Sha rak+Sha ye swA hA/_sarba puSh+TiM ku ru oM/_oM pad+ma Ar+Ya re man+ta bdag gi dbang du g+ho ra sarba bA shaM ku ru ye swA hAH_oM ma hA kro d+ha re man+ta duSh+Tan mA ra ya ha na ha na hU~M phaTa?/_oM pUr+Na b+ha dra g+ho ra rak+Sha rak+Sha swA hA/_oM bai shra ba Na sa ma ya rta rnams srungs shig_/oM ma hA kA la ru ru sha te ga te ni swA hA/_oM ku be ra swA hA/_g+ho ra rak+Sha rak+Sha b+h+rU~M b+h+rU~M srungs shig_/zhes sngags rnams bzlas la/_thun mthar gtor ma gso bran dang skyems phud rnams sbrengs te/_kyai/_mchod do 'do rje rta yi lha/_/bskul lo ma g.yel las la bzhengs/_/dbang chen pad+ma he ru kaH_/rdo rje'i thugs dam gnad nas bskul/_/sngon gyi zhal bzhes dam bca' bzhin/_/bdag cag dad pas khyod bsten te/_/rtse gcig sgrub cing bsnyen pa bzhin/_/cang shes rta rnams spel zhing srungs/_/dbang chen ha ya gr-I ba yi/_/ye shes rdo rje'i srung gur du/_/rta rnams tshud pas gnod byed bgegs/_/rta sri bar chad kun las skyobs/_/rngog chags srung ma re man+tas/_/rta rnams mel tshes spel bar mdzod/_/lha yi spyan pa dpal rab 'chang*/_/rta yi gnod pa kun zhi mdzod/_/nyi ma'i sras po gzhon nu yis/_/rta rnams 'phel rgyas dar bar mdzod/_/khro bo chen po re man+tas/_/rta sri god 'dre sgrol cing sod/_/gnod sbyin gang ba bzang po yis/_/'dod 'byung rta yi 'byor ba spel/_/rgyal po chen po rnam sras kyis/_/rta phyugs dpal 'byor 'phel brtan mdzod/_/mgon po ma hA kA la yis/_/rta la gnod pa'i dgra bgegs sgrol/_/zla ba'i sras po ku be ras/_/rta rnams bya ra mel tshes skyongs/_/rta sri god 'dre 'gong po thul/_/rta yi nad dang bar chad zhi/_/rta g.yang sgab 'phel dar zhing rgyas/_/rta mchog rin chen dbang du sdus/_/rta yi dngos grub bdag la stsol/_/mdor na ji ltar 'dod pa'i las/_/yid bzhin 'grub pa'i sdong grogs mdzod/_/bkra shis dge legs dpal 'byor pas/_/don kun lhun gyis grub par mdzod/_/ces brjod/_ye d+harma dang*/_su pra tiSh+Thas brtan bzhugs bya zhing*/_seng chen gsol mchod kyi las byang gzhug bsdus pas don grub pa'o/__/don gnas grub pa'i man ngag la/_/rnam pa rten 'brel thabs kyi sgo/_/bkra shis 'dod gu'i lde'u mig gis/_/dge legs don kun grub gyur cig_/ces pa'ang skyabs rje mdo khams pa chen po'i sku'i rim gro pa 'brong sprul ngag dbang blo gros phrin las mchog grub nas lha rdzas rten bcas gsung bskul ngor rgyal khams pa 'jigs med mkhyen brtse'i 'od zer phrin las rol pa rtsal gyis phun tshogs chos 'khor gling gi gzim spyil du bris pa 'dod dgu'i dngos grub yid bzhin du 'grub pa'i rgyur gyur cig_/sarba mang+ga laM/_dge'o//__//

Footnotes

Other Information