DKR-KABUM-10-THA-055

From Khyentse Lineage - A Tsadra Foundation Project
Revision as of 14:31, 30 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

གསང་ཆེན་རྡོ་རྗེ་སྙིང་པོའི་བཀའ་སྲུང་མ་མོ་སྔགས་ཀྱི་སྲུང་མའི་ཐུན་མིན་གསོལ་ཕྲིན་ལས་བཞིའི་རོལ་རྩེད་སོགས། སྔགས་སྲུང་མའི་སྐོར།
Wylie title gsang chen rdo rje snying po'i bka' srung ma mo sngags kyi srung ma'i thun min gsol phrin las bzhi'i rol rtsed sogs/ sngags srung ma'i skor DKR-KABUM-10-THA-055.pdf
Location dil mgo mkhyen brtse bka' 'bum
Volume 10, Text 55, Pages 312-316 (Folios 1a to 5b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Gsang chen rdo rje snying po'i bka' srung ma mo sngags kyi srung ma'i thun min gsol phrin las bzhi'i rol rtsed sogs sngags srung ma'i skor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 312-316. Delhi: Shechen Publications, 1994.
Genre Activity Manual - las byang  ·  Protector Rituals - gsol mchod
Deity e ka dzA TI

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། གསང་ཆེན་རྡོ་རྗེ་སྙིང་པོའི་བཀའ་སྲུང་མ་མོ་སྔགས་ཀྱི་སྲུང་མའི་ཐུན་མིན་གསོལ་ཕྲིན་ལས་བཞིའི་རོལ་རྩེད་བཞུགས། བྷྱོཿ རྡོ་རྗེ་དབྱིངས་ཀྱི་ཡུམ་ཆེན་ཨེ་ཀ་ཛཿ །སྲིད་ཞི་བརྟན་གཡོའི་སྲོག་ཏུ་ཁྱོད་བཞུགས་པས། །འགག་མེད་ཕྲིན་ལས་རོལ་རྩེད་དེང་བསྐུལ་ན། །ཀུན་ཁྱབ་ཐུགས་རྗེའི་སྟོབས་ཆེན་རྩལ་སྤྲུགས་མཛོད། །མཆོག་ཏུ་མི་འགྱུར་བདེ་ཆེན་ཧེ་རུ་ཀ །ཡེ་ཤེས་འཁྱོལ་བའི་ཁྲོ་རྒྱལ་འཁོར་འདས་ཆོས། །གཉིས་མེད་གཅིག་ཏུ་སྦྱོར་བའི་ཐ་ཚིག་གིས། །ཀུན་ཉོན་སྲིད་པའི་འཆིང་བ་ཁྲོལ་ཅིག་ཀྱེ། །ཀུན་བཟང་འོད་གསལ་དགོངས་པའི་གསང་མཛོད་ཀྱིས། །འབྲེལ་ཚད་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་སྟོབས། །གདུལ་དཀའ་སྙིགས་མའི་འགྲོ་བའི་དཔལ་གྱུར་ནས། །མཉམ་རྫོགས་ཡེ་ཤེས་ཀློང་དུ་གྲོལ་བར་མཛོད། །ཀུན་བཏགས་གློ་བུར་འཁྲུལ་པའི་མི་མཐུན་བགེགས། །ཡོངས་གྲུབ་ཡེ་ཤེས་མཚོན་གྱིས་མཐར་མཛོད་ལ། །དག་པའི་གཞན་དབང་བསྟན་འགྲོ་ཀུན་ཕན་གྱི། །ཕྲིན་ལས་སྣང་བས་ས་གསུམ་ཀུན་ཁྱབ་མཛོད། །ཅེས་པའང་ཨ་རི་ཨེ་ཝཾ་རྡོ་རྗེའི་ཆོས་རྫོང་དུ་གནས་སྐབས་གར་དབང་གླིང་པའི་ཡིད་ཀྱི་མཚོ་ལས་བརྡོལ་བ་སརྦ་ཀརྨ་ཀུ་རུ་ཧོ། ༈ སྔགས་ཀྱི་སྲུང་མའི་གསོལ་མཆོད་འདོད་དོན་ཀུན་འགྲུབ་བཞུགས། བྷྱོཿ རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོ་ཡི། །ཡེ་ཤེས་སྒྱུ་མ་འཁོར་འདས་སྤྲོ་བསྡུ་ཡིས། །དབྱིངས་ཕྱུག་སྔགས་ཀྱི་བདག་མོ་ཨེ་ཀ་ཛཱ། །ཐུགས་རྗེའི་རིག་རྩལ་ཕྲིན་ལས་ཤུགས་ཕྱུངས་ཤིག །སྣང་སྲིད་ཀུན་ལ་དབང་བསྒྱུར་ཕྱྭ་ཆེན་མོ། །ངེས་དོན་ནང་གི་ཨ་ཝ་དྷཱུ་ཏིའི་རྩེར། །བདེ་ཆེན་ཁ་ཁཱ་མུ་ཁའི་རེག་པ་ཡིས། །གཞོམ་མེད་རྡོ་རྗེ་ཡེ་ཤེས་ཚེ་མཆོག་སྩོལ། །ཚེ་འཆི་སྲོག་གི་བདག་པོ་གཤིན་རྗེའི་ལྕམ། །མཐུ་ཆེན་བདུད་ཀྱི་ཡུམ་ཆེན་དབང་མོ་ཆེས། །འཕོ་འགྱུར་གཉིས་མེད་སྐྱེ་འགག་གནས་བྲལ་བའི། །རྡོ་རྗེའི་སྲོག་རྩ་རྟག་ཏུ་བརྟན་པར་མཛོད། །ཐེག་མཆོག་ཆོས་ཀྱི་ཞབས་སྐྱོང་རྣལ་འབྱོར་པ། །གདོད་ནས་འདུ་བྲལ་མེད་པའི་དམ་ཚིག་གི །རྡོ་རྗེའི་རྒྱ་མདུད་ནམ་ཡང་མི་ལྷོད་པའི། །མ་གཅིག་དྲིན་མོ་ཆེ་ཡིས་ཚེ་སྩོལ་ཅིག །བདེ་སྟོང་གཞོམ་ཞིག་བྲལ་བ་སྙིང་པོའི་ཚེ། །མངོན་གྱུར་སྐྱེ་འཆི་བློ་བུར་དྲི་མ་ཡིས། །མ་གོས་ཡེ་ཤེས་དབྱིངས་ལས་རྟག་སིམ་པས། །འཕོ་མེད་རྡོ་རྗེ་ཚེ་ཡིས་དངོས་གྲུབ་སྩོལ། །འཁྲུལ་ཆོས་ཀ་ནས་དག་པའི་ཐིག་ལེ་རུ། །མངོན་པར་བྱང་ཆུབ་འཆི་མེད་རྡོ་རྗེའི་སྲོག །མངོན་གྱུར་འོད་གསལ་རྡོ་རྗེ་རྩེ་མོ་ཡི། །ཡེ་ཤེས་བསམ་མི་ཁྱབ་པའི་ཚེ་སྩོལ་ཅིག །ཅེས་པའང་དམ་པའི་ཡོན་ཏན་མ་ལུས་ཀྱིས་མངོན་པར་མཐོ་བ་མཆོག་སྤྲུལ་ཡེ་ཤེས་རང་གྲོལ་གྱིས་གསུང་བསྐུལ་ལྟར་སྔགས་བཙུན་མངྒ་ལའི་མིང་གིས་བྲིས་པས་དོན་ལྡན་དུ་གྱུར་ཅིག ༈ སྔགས་སྲུང་རཀ་གདོང་མའི་གསོལ་བསྐང་ཕྲིན་ལས་མྱུར་སྟེར་བཞུགས། བྷྱོཿ སྣང་སྲིད་ཀུན་ཁྱབ་དབྱིངས་ཡུམ་ཨེ་ཀ་ཛ། །དགྱེས་པས་འདིར་གཤེགས་བདེ་སྟོང་མཆོད་ཚོགས་བཞེས། །བསྟོད་པའི་དབྱངས་དང་བཞེད་དགུའི་རྫས་ཀྱིས་བསྐང༌། །མ་མོ་འཁྲུགས་ཞི་བུ་བཞིན་དགྱེས་བསྐྱང་ལ། །བསྟན་འགྲོའི་དཔལ་ཡོན་བསྟན་འཛིན་སྐྱེས་བུ་སྤེལ། །སྣོད་བཅུད་བདེ་སྐྱིད་འདོད་དགུའི་ལས་མཛོད་ཅིག །ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་འདི་རྫོགས་ཆེན་རྣལ་འབྱོར་ཆེན་པོ་འཁྲུལ་ཞིག་མཆོག་སྤྲུལ་མདོ་སྔགས་བསྟན་འཛིན་ནོར་བུས་ལྷ་རྫས་ཀྱི་རྟེན་བཅས་བཀས་བསྐུལ་བ་བཞིན་སྔགས་བཙུན་མངྒ་ལས་བྲིས་པས་མཆོག་གི་སྐུ་ཚེ་དང་ཕྲིན་ལས་ཀྱི་དཔལ་དུ་གྱུར་ཅིག ༈ དཔལ་སྔགས་ཀྱི་བདག་མོའི་གསོལ་བསྐུལ་ཕྲིན་ལས་རྡོ་རྗེའི་གློག་ཕྲེང་ཞེས་བྱ་བ་བཞུགས་སོ། ཀ་དག་རྡོ་རྗེ་བཙུན་མོའི་ནང་དབྱིངས་གདངས། །ཁ་དོག་དུས་ཀྱི་མུན་གཟུགས་ཁྲོས་མ་ནག །ག་ཤ་ཐོད་ཕྲེང་ལྷོ་སྤྲིན་གོ་ཟུ་ཅན། །ང་བདག་རུ་ཏྲའི་གཤེད་མ་དབྱིངས་ནས་བཞེངས། །ཅ་ཅོའི་རླབས་འཁྲུགས་དམར་ཆེན་ཁྲག་མཚོའི་ཀློང༌། །ཆ་ཤས་ཡོངས་རྫོགས་ཉིན་བྱེད་པདྨའི་སྟེང༌། །ཇ་ཧང་སྤྱན་གཅིག་ཁྲག་ཁོལ་ཞལ་གྱི་ཚེམས། །ཉ་ཟླ་ལྟར་གསལ་མ་གཅིག་ཐ་ཚིག་དགོངས། །ཏ་ན་ཨེ་ཀས་སྒྲུབ་མཆོག་རྗེས་སྐྱོང་མོས། །ཐ་མལ་སྤྱོད་འདས་བཤད་སྒྲུབ་ལས་གསུམ་སྡེ། །དར་རྒྱས་ཡུན་དུ་གནས་བྱེད་དགེ་འདུན་སྡེ། །ན་ཚོད་གསལ་བའི་དགའ་སྟོན་ཇི་བཞིན་སྤེལ། །པཱ་ར་མི་ཏ་རྡོ་རྗེ་ཐེག་པའི་སྲོལ། །ཕ་མཐའ་ཡས་པའི་ལུང་རྟོགས་དབྱིག་གི་སྙིང༌། །བ་མཆོག་བུམ་བཟང་བཞིན་དུ་མི་ཟད་པས། །མ་ལུས་འགྲོ་སྒྲོལ་དགའ་སྟོན་རྒྱས་མཛོད་ཀྱཻ། །ཙཱ་རུའི་བཟའ་བཏུང་ལྟར་མཛེས་ཕྲིན་ལས་མཐའ། །ཚ་གྲང་ཉི་ཟླའི་འོད་བཞིན་མཁའ་མཐར་བརྡལ། །ཛ་ཡའི་བསྟན་སྤེལ་འགྲོ་བའི་ནད་མུག་མཚོན། །ཝ་སྐྱེས་ལྟར་ཞུམ་ཕན་བདེའི་དགའ་སྟོན་བསྐྱེད། །ཞྭ་ལྟར་ཀུན་དཀྲིས་ཆོས་བརྒྱད་འཆིང་ཐག་ཁྲོལ། །ཟ་འདོད་རྙེད་བྲལ་དབེན་པར་སྒྲུབ་ཚུགས་བརྟན། །འ་འུར་ཙམ་མིན་དོན་གྱི་བསྟན་སྲོག་འཛིན། །ཡ་མཚན་སྐྱེས་བུའི་སློབ་ཚོགས་རྒྱས་འདུ་མཛོད། །ར་རིབ་ལྟར་གནག་མི་མཐུན་དབྱིངས་སུ་ཞི། །ལ་ཉེ་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྒྱས། །ཤ་ཟ་ལྟར་རྩུབ་རླུང་སེམས་དབང་དུ་འདུས། །ས་གསུམ་རུ་ཏྲའི་སྡེ་སྒྲོལ་ཕྲིན་ལས་མཛོད། །ཧ་རིའི་སྨན་ལྗོངས་མཛེས་པའི་རྒྱལ་ཁབ་འདིར། །ཨ་ཏིའི་བསྟན་སྲོལ་མི་ནུབ་དར་རྒྱས་པས། །ཧ་ལ་ལྟ་བུའི་དགྲ་འདྲེ་བྱུར་ཀུན་ཞི། །ཨ་ཧོ་ཕུན་ཚོགས་སྡེ་བཞིའི་ཆབས་སྲིད་སྤེལ། །ཨི་ཤྭ་རས་མཚོན་དགེ་མཚན་འགྲན་ཟླ་བྲལ། །ཨུ་རྒྱན་བླ་མའི་ཕྲིན་ལས་སྣང་བས་འཁྱུད། །ཨེ་མ་མཐོ་རིས་རྣམ་སད་གྲོང་འགྲན་པས། །ཨོ་ཌའི་ཡ་བཞིན་གྲུབ་པས་ཁེངས་པར་མཛོད། །ཡང་ཡང་རྗེས་སུ་བརྩེ་བས་སྐྱོང་བའི་མས། །མྱུར་མྱུར་ཕྲིན་ལས་འདོད་དགུ་བསྐུལ་བའི་ཚིག །སྙན་སྙན་ངག་གི་གླིང་བུས་གསོལ་བའི་དོན། །ལེགས་ལེགས་དཔལ་གྱི་འབྲས་བཟང་སྨིན་གྱུར་ཅིག །གང་གི་ཚེ་འཕགས་ཡུལ་དུ་རྐང་འཁྱལ་བའི་ཐེག་པ་མཆོག་གི་བསྟན་སྒོར་ཞུགས་པའི་ཀུ་སཱ་ལི་མངྒ་ལར་འབོད་པས་གང་ཤར་རྟོག་པ་ཡི་གེའི་ཕྲེང་བར་ཆུ་བྱི་ཟླ་༨ཚེས༢༥་ལ་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དུ་བྲིས་པ་སརྦ་སིདྡྷི་རསྟུ། ༈ ཀྭ་ཡེ་དབྱིངས་ཀྱི་མ་མོ་ཨེ་ཀ་ཛཿ ཁ་བ་ལྟར་དཀར་དད་དང་ལྷག་བསམ་གྱིས། །ག་པུར་བདུད་རྩིའི་ཟས་མཚུངས་དད་མོས་ཚིག །ང་ཡིས་གསོལ་བཏབ་འབྲས་བུ་མཆིས་པར་མཛོད། །ཅ་ཅོའི་གཏམ་མིན་ཡིད་ལ་བརྣག་པའི་དོན། །ཆ་བྱད་ཙམ་ལ་གྲུབ་མཐའ་འཆའ་མིན་པར། ཇ་ཧོང་གོས་གྱོན་ཐུབ་པའི་བསྟན་གཅེས་པས། །ཉ་ལ་མཚོ་བཞིན་ཁྱོད་ལ་རེ་བས་གསོལ། །ཏ་ཐཱ་ག་ཏ་ཤཱཀྱ་སིང་ཧ་ཆེས། །ཐ་ཚིག་དང་བཅས་གདུལ་བྱའི་བགོ་སྐལ་མཆོག །ད་ལྟའང་མ་ཉམས་གནས་པ་སྐལ་བཟང་ཀྱང༌། །ན་ཚོད་མ་སྨིན་བྱིས་པས་རྙོགས་འདི་གཟིགས། །པ་རཱ་མི་ཏའི་རྩེ་མོ་ཤེས་རབ་དོན། །ཕ་རོལ་ཕྱིན་པའི་བསག་སྦྱང་གིས་རྟོགས་ཏེ། །བ་མཆོག་བེའུར་སྐྱོང་བཞིན་བཀའ་གདམས་བསྟན། །མ་ལུས་བསྟན་པའི་གཞིར་གྱུར་རྒྱས་པར་མཛོད། །ཙ་ཀོ་ར་ཡི་མགྲིན་གླུ་ལྟར་སྙན་པའི། །ཚར་གཅོད་རྗེས་འཛིན་ཀུན་ཤེས་རྩིབས་རྣོན་ཅན། །ཛ་ཡའི་བསྟན་པ་ཡོངས་རྫོགས་ས་སྐྱ་པའི། །ཝ་ལེར་བཤད་སྒྲུབ་ལས་གསུམ་དར་རྒྱས་མཛོད། །ཞྭ་གོས་བཟའ་བཏུང་ཚེ་འདི་བློས་བཏང་ནས། །ཟ་འདོད་རྙེད་བྲལ་སྒྲུབ་པའི་སྲོག་མཁར་གྱིས། །འ་འུར་ཙམ་མིན་དོན་གྱི་མཆོག་དངོས་སྐུ། །ཡ་མཚན་བཀའ་བརྒྱུད་གྲུབ་བརྒྱའི་ལམ་སྲོལ་ཕྱེས། །ར་རིས་གཟུང་འཛིན་སེམས་ལས་འདས་པའི་དོན། །ལ་ལ་ཙམ་མིན་མཐོང་ཐོས་དྲན་པས་གྲོལ། །ཤ་ཁྲག་འོད་དེངས་འཕོ་ཆེན་རྡོ་རྗེའི་སྲོལ། །ས་གསུམ་ཁྱོན་ཀུན་དར་རྒྱས་ཡུན་གནས་མཛོད། །ཧ་རིའི་བསུང་ལྟར་སིམ་པའི་ཞི་བྱེད་གཅོད། །ཨ་དོན་མཐར་ཐུག་དཔལ་ལྡན་ཤངས་པ་ཆེ། ཨེ་ཝཾ་གཉིས་མེད་དུས་ཀྱི་འཁོར་ལོ་དང༌། ཧ་ལོའི་དུག་སེལ་རྡོ་རྗེའི་བསྙེན་སྒྲུབ་སོགས། །ཟབ་ཟབ་མདོ་རྒྱུད་མན་ངག་དགོངས་པའི་སྲོག །མཁས་གྲུབ་རྒྱ་མཚོས་ཡང་ཡང་བཙལ་སྤེལ་ཆོས། །མང་མང་བཤད་སྒྲུབ་ལས་ཀྱིས་སྤེལ་བ་ཡིས། །སྐལ་བཟང་འགྲོ་ཀུན་མྱུར་མྱུར་གྲོལ་པར་མཛོད། །བསྟན་དང་དེ་འཛིན་དར་རྒྱས་འཕེལ་བ་ཡིས། །སྤོང་ཀློག་ཕྲིན་ལས་འབྲེལ་ཚད་དོན་དང་ལྡན། །ས་གསུམ་འགྲོ་ཀུན་རྣམ་དཀར་ལམ་ལ་འཇུག །ནད་མུག་མཚོན་གྱི་དུས་ངན་རྒུད་པ་ཞི། །ཚེ་བསོད་དཔལ་སྦྱོར་ལུང་རྟོགས་བསྟན་འཛིན་འཕེལ། །འགྲོ་ཀུན་སྙིང་རྗེའི་དབང་གྱུར་བདུད་བགེགས་དགྲ། །ཉམས་པའི་ལུས་སྲོག་ཕྱེ་མར་འཐག་པ་དང༌། །འཐབས་རྩོད་ལོ་ཉེས་སད་སེར་ཞི་ཞིང་སྲུང༌། །རྟག་ཁྱབ་ལྷུན་གྲུབ་ཕྲིན་ལས་ཤིང་རྟའི་འགྲོས། །རང་དོན་ཉི་ཚེའི་ལས་ཙམ་མ་ཡིན་པ། །མཁའ་ཁྱབ་བསྟན་འགྲོའི་ལམ་དུ་ཆེད་བསྐུལ་ན། །གྲུབ་པའི་འབྲས་བུ་མཐོང་བའི་ཆོས་ལ་སྩོལ། །ཞེས་པའང་སྨིན་གྲོལ་ཆོས་ཀྱི་བདུད་རྩི་སྤེལ་བའི་སྐབས་ཞིག་མ་གཅིག་དབྱིངས་ཀྱི་རྒྱལ་མོ་ལ་གདུང་བས་འབོད་བསྐུལ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་སརྦ་ཀརྨ་ཀུ་རུ་ཧོ། ༈ ཧྲཱིཿ དབྱིངས་ཕྱུག་ཌཱ་ཀིའི་རྒྱལ་མོ་ཝཱ་ར་ཧི། །གསང་ཆེན་བསྟན་སྲུང་ཞིང་སྐྱོང་དཔལ་མོའི་ཚུལ། །རྡོ་རྗེ་གཡུ་སྒྲོན་མཆེད་ལྔ་བརྟན་མར་བཅས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་མངྒ་ལས་སོ།། །།
[edit]

@#/_gsang chen rdo rje snying po'i bka' srung ma mo sngags kyi srung ma'i thun min gsol phrin las bzhi'i rol rtsed bzhugs/_b+h+yoH_rdo rje dbyings kyi yum chen e ka dzaH_/srid zhi brtan g.yo'i srog tu khyod bzhugs pas/_/'gag med phrin las rol rtsed deng bskul na/_/kun khyab thugs rje'i stobs chen rtsal sprugs mdzod/_/mchog tu mi 'gyur bde chen he ru ka_/ye shes 'khyol ba'i khro rgyal 'khor 'das chos/_/gnyis med gcig tu sbyor ba'i tha tshig gis/_/kun nyon srid pa'i 'ching ba khrol cig kye/_/kun bzang 'od gsal dgongs pa'i gsang mdzod kyis/_/'brel tshad dbyings su sgrol ba'i phrin las stobs/_/gdul dka' snyigs ma'i 'gro ba'i dpal gyur nas/_/mnyam rdzogs ye shes klong du grol bar mdzod/_/kun btags glo bur 'khrul pa'i mi mthun bgegs/_/yongs grub ye shes mtshon gyis mthar mdzod la/_/dag pa'i gzhan dbang bstan 'gro kun phan gyi/_/phrin las snang bas sa gsum kun khyab mdzod/_/ces pa'ang a ri e waM rdo rje'i chos rdzong du gnas skabs gar dbang gling pa'i yid kyi mtsho las brdol ba sarba karma ku ru ho/__!__sngags kyi srung ma'i gsol mchod 'dod don kun 'grub bzhugs/_b+h+yoH_rnam kun mchog ldan rdo rje btsun mo yi/_/ye shes sgyu ma 'khor 'das spro bsdu yis/_/dbyings phyug sngags kyi bdag mo e ka dzA/_/thugs rje'i rig rtsal phrin las shugs phyungs shig_/snang srid kun la dbang bsgyur phywa chen mo/_/nges don nang gi a wa d+hU ti'i rtser/_/bde chen kha khA mu kha'i reg pa yis/_/gzhom med rdo rje ye shes tshe mchog stsol/_/tshe 'chi srog gi bdag po gshin rje'i lcam/_/mthu chen bdud kyi yum chen dbang mo ches/_/'pho 'gyur gnyis med skye 'gag gnas bral ba'i/_/rdo rje'i srog rtsa rtag tu brtan par mdzod/_/theg mchog chos kyi zhabs skyong rnal 'byor pa/_/gdod nas 'du bral med pa'i dam tshig gi_/rdo rje'i rgya mdud nam yang mi lhod pa'i/_/ma gcig drin mo che yis tshe stsol cig_/bde stong gzhom zhig bral ba snying po'i tshe/_/mngon gyur skye 'chi blo bur dri ma yis/_/ma gos ye shes dbyings las rtag sim pas/_/'pho med rdo rje tshe yis dngos grub stsol/_/'khrul chos ka nas dag pa'i thig le ru/_/mngon par byang chub 'chi med rdo rje'i srog_/mngon gyur 'od gsal rdo rje rtse mo yi/_/ye shes bsam mi khyab pa'i tshe stsol cig_/ces pa'ang dam pa'i yon tan ma lus kyis mngon par mtho ba mchog sprul ye shes rang grol gyis gsung bskul ltar sngags btsun mang+ga la'i ming gis bris pas don ldan du gyur cig__!__sngags srung raka gdong ma'i gsol bskang phrin las myur ster bzhugs/_b+h+yoH_snang srid kun khyab dbyings yum e ka dza/_/dgyes pas 'dir gshegs bde stong mchod tshogs bzhes/_/bstod pa'i dbyangs dang bzhed dgu'i rdzas kyis bskang*/_/ma mo 'khrugs zhi bu bzhin dgyes bskyang la/_/bstan 'gro'i dpal yon bstan 'dzin skyes bu spel/_/snod bcud bde skyid 'dod dgu'i las mdzod cig_/oM ro ru e ka dza Ti snying kha rak+mo ru lu ru lu hU~M b+h+yo hU~M dzaHdzaH_sa pa ri wA ra i daM ba ling+ta kha kha khA hi khA hi/_zhes 'di rdzogs chen rnal 'byor chen po 'khrul zhig mchog sprul mdo sngags bstan 'dzin nor bus lha rdzas kyi rten bcas bkas bskul ba bzhin sngags btsun mang+ga las bris pas mchog gi sku tshe dang phrin las kyi dpal du gyur cig__!__dpal sngags kyi bdag mo'i gsol bskul phrin las rdo rje'i glog phreng zhes bya ba bzhugs so/_ka dag rdo rje btsun mo'i nang dbyings gdangs/_/kha dog dus kyi mun gzugs khros ma nag_/ga sha thod phreng lho sprin go zu can/_/nga bdag ru tra'i gshed ma dbyings nas bzhengs/_/ca co'i rlabs 'khrugs dmar chen khrag mtsho'i klong*/_/cha shas yongs rdzogs nyin byed pad+ma'i steng*/_/ja hang spyan gcig khrag khol zhal gyi tshems/_/nya zla ltar gsal ma gcig tha tshig dgongs/_/ta na e kas sgrub mchog rjes skyong mos/_/tha mal spyod 'das bshad sgrub las gsum sde/_/dar rgyas yun du gnas byed dge 'dun sde/_/na tshod gsal ba'i dga' ston ji bzhin spel/_/pA ra mi ta rdo rje theg pa'i srol/_/pha mtha' yas pa'i lung rtogs dbyig gi snying*/_/ba mchog bum bzang bzhin du mi zad pas/_/ma lus 'gro sgrol dga' ston rgyas mdzod kyai/_/tsA ru'i bza' btung ltar mdzes phrin las mtha'/_/tsha grang nyi zla'i 'od bzhin mkha' mthar brdal/_/dza ya'i bstan spel 'gro ba'i nad mug mtshon/_/wa skyes ltar zhum phan bde'i dga' ston bskyed/_/zhwa ltar kun dkris chos brgyad 'ching thag khrol/_/za 'dod rnyed bral dben par sgrub tshugs brtan/_/'a 'ur tsam min don gyi bstan srog 'dzin/_/ya mtshan skyes bu'i slob tshogs rgyas 'du mdzod/_/ra rib ltar gnag mi mthun dbyings su zhi/_/la nye tshe bsod dpal 'byor legs tshogs rgyas/_/sha za ltar rtsub rlung sems dbang du 'dus/_/sa gsum ru tra'i sde sgrol phrin las mdzod/_/ha ri'i sman ljongs mdzes pa'i rgyal khab 'dir/_/a ti'i bstan srol mi nub dar rgyas pas/_/ha la lta bu'i dgra 'dre byur kun zhi/_/a ho phun tshogs sde bzhi'i chabs srid spel/_/i shwa ras mtshon dge mtshan 'gran zla bral/_/u rgyan bla ma'i phrin las snang bas 'khyud/_/e ma mtho ris rnam sad grong 'gran pas/_/o Da'i ya bzhin grub pas khengs par mdzod/_/yang yang rjes su brtse bas skyong ba'i mas/_/myur myur phrin las 'dod dgu bskul ba'i tshig_/snyan snyan ngag gi gling bus gsol ba'i don/_/legs legs dpal gyi 'bras bzang smin gyur cig_/gang gi tshe 'phags yul du rkang 'khyal ba'i theg pa mchog gi bstan sgor zhugs pa'i ku sA li mang+ga lar 'bod pas gang shar rtog pa yi ge'i phreng bar chu byi zla 8tshes25 la spa gro skyer chu'i gtsug lag khang du bris pa sarba sid+d+hi rastu/__!__kwa ye dbyings kyi ma mo e ka dzaH_kha ba ltar dkar dad dang lhag bsam gyis/_/ga pur bdud rtsi'i zas mtshungs dad mos tshig_/nga yis gsol btab 'bras bu mchis par mdzod/_/ca co'i gtam min yid la brnag pa'i don/_/cha byad tsam la grub mtha' 'cha' min par/_ja hong gos gyon thub pa'i bstan gces pas/_/nya la mtsho bzhin khyod la re bas gsol/_/ta thA ga ta shAkya sing ha ches/_/tha tshig dang bcas gdul bya'i bgo skal mchog_/da lta'ang ma nyams gnas pa skal bzang kyang*/_/na tshod ma smin byis pas rnyogs 'di gzigs/_/pa rA mi ta'i rtse mo shes rab don/_/pha rol phyin pa'i bsag sbyang gis rtogs te/_/ba mchog be'ur skyong bzhin bka' gdams bstan/_/ma lus bstan pa'i gzhir gyur rgyas par mdzod/_/tsa ko ra yi mgrin glu ltar snyan pa'i/_/tshar gcod rjes 'dzin kun shes rtsibs rnon can/_/dza ya'i bstan pa yongs rdzogs sa skya pa'i/_/wa ler bshad sgrub las gsum dar rgyas mdzod/_/zhwa gos bza' btung tshe 'di blos btang nas/_/za 'dod rnyed bral sgrub pa'i srog mkhar gyis/_/'a 'ur tsam min don gyi mchog dngos sku/_/ya mtshan bka' brgyud grub brgya'i lam srol phyes/_/ra ris gzung 'dzin sems las 'das pa'i don/_/la la tsam min mthong thos dran pas grol/_/sha khrag 'od dengs 'pho chen rdo rje'i srol/_/sa gsum khyon kun dar rgyas yun gnas mdzod/_/ha ri'i bsung ltar sim pa'i zhi byed gcod/_/a don mthar thug dpal ldan shangs pa che/_e waM gnyis med dus kyi 'khor lo dang*/_ha lo'i dug sel rdo rje'i bsnyen sgrub sogs/_/zab zab mdo rgyud man ngag dgongs pa'i srog_/mkhas grub rgya mtshos yang yang btsal spel chos/_/mang mang bshad sgrub las kyis spel ba yis/_/skal bzang 'gro kun myur myur grol par mdzod/_/bstan dang de 'dzin dar rgyas 'phel ba yis/_/spong klog phrin las 'brel tshad don dang ldan/_/sa gsum 'gro kun rnam dkar lam la 'jug_/nad mug mtshon gyi dus ngan rgud pa zhi/_/tshe bsod dpal sbyor lung rtogs bstan 'dzin 'phel/_/'gro kun snying rje'i dbang gyur bdud bgegs dgra/_/nyams pa'i lus srog phye mar 'thag pa dang*/_/'thabs rtsod lo nyes sad ser zhi zhing srung*/_/rtag khyab lhun grub phrin las shing rta'i 'gros/_/rang don nyi tshe'i las tsam ma yin pa/_/mkha' khyab bstan 'gro'i lam du ched bskul na/_/grub pa'i 'bras bu mthong ba'i chos la stsol/_/zhes pa'ang smin grol chos kyi bdud rtsi spel ba'i skabs zhig ma gcig dbyings kyi rgyal mo la gdung bas 'bod bskul mang+ga la shrI b+hU tis bris pa sarba karma ku ru ho/__!__hrIH_dbyings phyug DA ki'i rgyal mo wA ra hi/_/gsang chen bstan srung zhing skyong dpal mo'i tshul/_/rdo rje g.yu sgron mched lnga brtan mar bcas/_/gsol lo mchod do bcol ba'i phrin las mdzod/_/ces mang+ga las so//__//

Footnotes

Other Information