DKR-KABUM-10-THA-052

From Khyentse Lineage - A Tsadra Foundation Project
Revision as of 12:22, 30 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

དཔལ་མགོན་མ་ནིང་གི་གསོལ་བྱང་ཆེ་མཆོག་དཔལ་ཆེན་དགྱེས་པའི་རོལ་མོ་སོགས།
Wylie title dpal mgon ma ning gi gsol byang che mchog dpal chen dgyes pa'i rol mo sogs DKR-KABUM-10-THA-052.pdf
Location dil mgo mkhyen brtse bka' 'bum
Volume 10, Text 52, Pages 294-297 (Folios 1a to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Dpal mgon ma ning gi gsol byang che mchog dpal chen dgyes pa'i rol mo sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 294-297. Delhi: Shechen Publications, 1994.
Genre Protector Rituals - gsol mchod
Deity ma ning
Colophon
  • First colophon: །ཅེས་པའང་དམ་པའི་ཡོན་ཏན་མངའ་བའི་ཐང་སྨད་བདེ་ཆོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་དར་རྒྱས་ནས་ལྷ་རྫས་རྟེན་བཅས་གསུང་བསྐུལ་བཞིན་སྔགས་བཙུན་རྒན་པོ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཤོད་རོང་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་ངེས་གསང་བསྟན་པའི་དབུ་འཕང་སྲིད་རྩེར་སྙེགས་པའི་རྒྱུར་གྱུར་ཅིག།
  • Second colophon: །ཅེས་ལྷོ་འབྲུག་ཆོས་ཀྱི་རྒྱལ་ཁབ་ཀྱི་བྱེ་བྲག་དགེ་ལེགས་ཕུག་ནས་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་འཆད་ཉན་སྐབས་འཕགས་ཡུལ་ངེས་དོན་དགའ་ཚལ་གླིང་གི་པད་བཀོད་སྒམ་སྤྲུལ་མཁྱེན་ཡོན་མཚུངས་མེད་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་གསུང་བསྐུལ་བཞིན་ཤིང་བྱི་རྒྱལ་ཟླའི་ཚེས་ལ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་དགོས་པ་མཆོག་ལྡན་དུ་གྱུར་ཅིག།
  • First colophon: /ces pa'ang dam pa'i yon tan mnga' ba'i thang smad bde chos sprul sku ngag dbang bshad sgrub dar rgyas nas lha rdzas rten bcas gsung bskul bzhin sngags btsun rgan po rdo rje thugs mchog rtsal gyis shod rong smin grol thub bstan chos gling nas bris pa nges gsang bstan pa'i dbu 'phang srid rtser snyegs pa'i rgyur gyur cig/
  • Second colophon: /ces lho 'brug chos kyi rgyal khab kyi bye brag dge legs phug nas gter chen pad+ma gling pa'i zab gter 'chad nyan skabs 'phags yul nges don dga' tshal gling gi pad bkod sgam sprul mkhyen yon mtshungs med 'gyur med o rgyan bstan 'dzin nyi mas gsung bskul bzhin shing byi rgyal zla'i tshes la 'gyur med theg mchog bstan pa'i rgyal mtshan gyis bris pa dgos pa mchog ldan du gyur cig/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དཔལ་མགོན་མ་ནིང་གི་གསོལ་བྱང་ཆེ་མཆོག་དཔལ་ཆེན་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

༄༅། །ཧཱུྃ། ཆོས་དབྱིངས་གནས་སུ་རང་བྱུང་ཀུན་ཏུ་བཟང༌། །འགག་མེད་ཐུགས་རྗེའི་སྒྱུ་འཕྲུལ་དཔལ་ཆེན་པོ། །བསྟན་སྲུང་དབང་པོའི་སྐུར་བཞེངས་ཁྲག་འཐུང་ཆེ། །ལྷ་ཆེན་དཔལ་འབར་མ་ནིང་ནག་པོར་གྲགས། །སྲིད་ཞི་ལས་འདས་ཡེ་ཤེས་བདེ་བ་ཆེས། །སྲིད་ཞིར་ཁྱབ་ཀྱང་གང་དུ་མི་གནས་པ། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་པ། །གཉིས་མེད་ཡེ་ཤེས་མགོན་པོ་དབྱིངས་ནས་དགོངས། །ཞི་བ་ཆེན་པོ་ཆོས་ཉིད་རྟག་བདེའི་དངོས། །ཀུན་ཁྱབ་ཐུགས་རྗེའི་སྒྱུ་འཕྲུལ་ལ་ཆགས་པས། །རྒྱུད་གསུམ་དྲེགས་པའི་ཚོགས་རྗེ་མཐུ་རྩལ་ནུས། །སྟོབས་དང་དབང་བཅུའི་རྩལ་གྱིས་ཀུན་ལས་འཕགས། །ཆོས་ཉིད་མཚན་རྟོག་བྲལ་བ་མི་འགྱུར་བའི། །བདེ་བ་ཆེན་པོའི་རོ་ཡིས་རྟག་གང་བའི། །རང་རྩལ་ཐུགས་རྗེའི་འཇུག་པའི་ཕྲིན་ལས་ནི། །གང་འདུལ་དེར་སྣང་རྗེས་སུ་བསྐུལ་བའི་ཕྱིར། །ཕུལ་བྱུང་ཕྱི་ཡི་མཆོད་རྫས་འདོད་ཡོན་ལྔ། །ལྷ་ཀླུ་དབང་པོའི་སྐྱེད་མོས་ཚལ་འགྲན་ཞིང༌། །ཡུལ་ལ་དབང་ཤེས་སྦྱོར་བའི་གཟུང་འཛིན་གྱིས། །མ་གོས་སྣང་སྟོང་སྒྱུ་མ་རྡོ་རྗེའི་འཕྲུལ། །རྔམས་བརྗིད་ནང་གི་མཆོད་སྤྲིན་དུར་ཁྲོད་རྫས། །མི་སྡུག་གཤིན་རྗེའི་འདུན་སར་ཆས་མཚུངས་ཤིང༌། །བླ་མེད་སྨན་གཏོར་རཀྟའི་ཟེར་མདངས་བཅུད། །རྡོ་རྗེ་དགའ་བཞིའི་རྟོགས་པ་བསྐྱེད་ལ་སོགས། །རྣམ་པ་ཐམས་ཅད་སྲིད་ཞིའི་ཁྱོན་བརྡལ་ཡང༌། །ངོ་བོ་འཕོ་མེད་ཡེ་ཤེས་ཆེན་པོའི་དབྱིངས། །མཆོད་དང་མཆོད་བྱེད་ཡུལ་དུ་མ་གྲུབ་པའི། །ངོ་མཚར་གསང་བ་ཆེན་པོའི་དམ་ཚིག་གིས། །ཐུགས་དམ་བསྐང་ཞིང་འགལ་འཁྲུལ་ཉམས་ཆག་བཤགས། །ཆོས་ཀྱི་དབྱིངས་སུ་ཆེ་མཆོག་ཧེ་རུ་ཀ །སྲིད་ཞིའི་སྤྱི་དཔལ་ཁྲག་འཐུང་ཆེ་བའི་མཆོག །ཁྲོ་རྒྱལ་སྟོབས་འདུས་རྒྱལ་ཀུན་ཕྲིན་ལས་ཀྱི། །མགོན་པོ་མཆོག་ཁྱོད་དབུ་འཕང་སྲིད་རྩེར་བསྟོད། །ཕྱག་གཡས་རུ་མཚོན་བདུད་ཀྱི་སྙིང་འབིགས་བྱེད། །སྲིད་པའི་རྩེ་མོར་རྣམ་པར་རྒྱལ་བས་བསྒྲེངས། །ཁམས་གསུམ་བརྟན་གཡོའི་སྲོག་ལ་དབང་ཐོབ་པའི། །དོན་སྙིང་དམར་པོ་བརྒྱུས་པའི་ཞགས་པ་འཕེན། །མི་སྡུག་ཆར་སྤྲིན་བརྩེགས་པའི་ལྷུན་པོའི་གཟུགས། །བསྐལ་པ་འཇིག་དུས་མེ་རླུང་དབུས་ན་འགྱིང༌། །ད་ལྟ་རྩོད་དུས་འདུལ་དཀའ་ཉོན་མོངས་རགས། །འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཆེ། །གྲོལ་བ་དྲུག་གིས་འདུལ་བའི་དུས་བབ་པས། །ངེས་གསང་བསྟན་མཆོག་རྒྱས་ལ་རྩལ་མ་ཞན། །རྡོ་རྗེ་ཐེག་པའི་རིང་ལུགས་སྤོང་ཀློག་གི །རྒྱུད་ལུང་མན་ངག་འཛིན་སྤེལ་བར་གཅོད་ཀུན། །ཞིང་བཅུའི་སྲོག་དབུགས་ལེན་པའི་ཤན་པ་ཆེ། །བསམ་སྦྱོར་བརྩམས་པའི་མོད་ནས་མྱུར་དུ་སྒྲོལ། །ཐེག་མཆོག་ལྟ་སྒོམ་སྤྱོད་པ་མཐར་སོན་ཅིང༌། །གཞན་ཕན་སྣང་བ་བརྒྱ་པའི་འོད་ཕྲེང་གིས། །སྨིན་གྲོལ་ཨུཏྤལ་ནགས་ཀླུང་བཞད་མཛད་ཀུན། །སྲུང་སྐྱོབ་ཕྲིན་ལས་དྲོད་སྣང་མ་ཉམས་མཛོད། །དཀར་ཕྱོགས་སྣང་བ་བརྒྱ་པའི་འོད་བཀྱེ་ལ། །མི་སྲུན་བསམ་སྦྱོར་ངན་འཆང་ནག་པོའི་སྡེ། །བྱད་ཕུར་རིགས་སྔགས་ནུས་པ་ཡེ་ཤེས་ཀྱི། །རྡོ་རྗེའི་མཚོན་གྱིས་མྱུར་དུ་སྒྲོལ་མཛོད་ཀྱེ། །ཡིད་དཔྱོད་ཀླ་ཀློ་གདུག་པའི་འཁྲུལ་སྣང་ཀུན། །བློ་འདས་ཆོས་དབྱིངས་རང་རྩལ་ཐུགས་རྗེའི་གར། །ཀུན་ཁྱབ་སྟོབས་ཀྱི་དཔུང་པ་བཙན་པོ་ཡིས། །བློ་འདས་རྩོལ་མེད་རང་བྱུང་ཕྲིན་ལས་མཛོད། །ཅེས་པའང་དམ་པའི་ཡོན་ཏན་མངའ་བའི་ཐང་སྨད་བདེ་ཆོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་དར་རྒྱས་ནས་ལྷ་རྫས་རྟེན་བཅས་གསུང་བསྐུལ་བཞིན་སྔགས་བཙུན་རྒན་པོ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ཤོད་རོང་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་ངེས་གསང་བསྟན་པའི་དབུ་འཕང་སྲིད་རྩེར་སྙེགས་པའི་རྒྱུར་གྱུར་ཅིག། །། ༈ ཡེ་ཤེས་མགོན་པོ་མ་ནིང་གི་གསོལ་བྱང་ཕྲིན་ལས་ཐོགས་མེད་བཞུགས། ཨོཾ། འགྱུར་མེད་དབྱིངས་ཀྱི་ཧེ་རུ་ཀཿ །སྲིད་ཞིའི་སྤྱི་དཔལ་བསྟན་སྲུང་གཙོ། །དཔལ་ལྡན་ཡེ་ཤེས་མགོན་པོ་ཆེ། །མ་ནིང་ནག་པོ་གཤེགས་སུ་གསོལ། །དམ་ཚིག་རྟེན་འདིར་དགྱེས་པར་བཞུགས། །གཉིས་མེད་ངང་དུ་གུས་ཕྱག་འཚལ། །སྣོད་བཅུད་གསང་ཆེན་རོལ་པའི་ཞིང༌། །དུར་ཁྲོད་དྲག་པོའི་ཚོགས་ཁང་འདིར། །དགྱེས་དགུའི་དམ་རྫས་ལྷུན་གྱིས་གྲུབ། །དག་མཉམ་ཆེན་པོའི་མཆོད་པར་འབུལ། །ངོ་བོ་དཔལ་ཆེན་ཁྲག་འཐུང་ཆེ། །རྣམ་པ་རྒྱུད་གསུམ་དྲེགས་པའི་རྗེ། །ཕྲིན་ལས་དྲག་རྩལ་རྨད་བྱུང་བའི། །ནག་པོ་ཆེན་པོ་འཁོར་བཅས་བསྟོད། །དབྱིངས་ལ་མཚན་མའི་རྟོག་བྲལ་ཡང༌། །རྟེན་འབྱུང་སྒྱུ་འཕྲུལ་དྲྭ་བའི་གར། །ཕྱི་ནང་གསང་བ་དེ་ཁོ་ནའི། །དམ་ཚིག་ཆེན་པོ་ཐུགས་དམ་བསྐང༌། །བདེ་ཆེན་དགྱེས་པའི་ཡེ་ཤེས་དབྱིངས། །མཚན་འཛིན་འཁྲུལ་རྟོག་བསླད་པའི་ནོངས། །བཤགས་ཤིང་ཉམས་ཆག་ཀུན་བྱང་ནས། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ངེས་གསང་སྙིང་པོའི་བཤད་སྒྲུབ་རྒྱས། །རྣལ་འབྱོར་འདོད་པའི་ལས་ཀུན་སྒྲུབས། །འཇིག་རྟེན་བདེ་སྐྱིད་དཔལ་གྱིས་འབྱོར། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ལྷོ་འབྲུག་ཆོས་ཀྱི་རྒྱལ་ཁབ་ཀྱི་བྱེ་བྲག་དགེ་ལེགས་ཕུག་ནས་གཏེར་ཆེན་པདྨ་གླིང་པའི་ཟབ་གཏེར་འཆད་ཉན་སྐབས་འཕགས་ཡུལ་ངེས་དོན་དགའ་ཚལ་གླིང་གི་པད་བཀོད་སྒམ་སྤྲུལ་མཁྱེན་ཡོན་མཚུངས་མེད་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་གསུང་བསྐུལ་བཞིན་ཤིང་བྱི་རྒྱལ་ཟླའི་ཚེས་ལ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་དགོས་པ་མཆོག་ལྡན་དུ་གྱུར་ཅིག། །།
[edit]

@#/_/dpal mgon ma ning gi gsol byang che mchog dpal chen dgyes pa'i rol mo zhes bya ba bzhugs so// @#/_/hU~M/_chos dbyings gnas su rang byung kun tu bzang*/_/'gag med thugs rje'i sgyu 'phrul dpal chen po/_/bstan srung dbang po'i skur bzhengs khrag 'thung che/_/lha chen dpal 'bar ma ning nag por grags/_/srid zhi las 'das ye shes bde ba ches/_/srid zhir khyab kyang gang du mi gnas pa/_/gcig pu'i nyams kyis du ma'i gar mdzad pa/_/gnyis med ye shes mgon po dbyings nas dgongs/_/zhi ba chen po chos nyid rtag bde'i dngos/_/kun khyab thugs rje'i sgyu 'phrul la chags pas/_/rgyud gsum dregs pa'i tshogs rje mthu rtsal nus/_/stobs dang dbang bcu'i rtsal gyis kun las 'phags/_/chos nyid mtshan rtog bral ba mi 'gyur ba'i/_/bde ba chen po'i ro yis rtag gang ba'i/_/rang rtsal thugs rje'i 'jug pa'i phrin las ni/_/gang 'dul der snang rjes su bskul ba'i phyir/_/phul byung phyi yi mchod rdzas 'dod yon lnga/_/lha klu dbang po'i skyed mos tshal 'gran zhing*/_/yul la dbang shes sbyor ba'i gzung 'dzin gyis/_/ma gos snang stong sgyu ma rdo rje'i 'phrul/_/rngams brjid nang gi mchod sprin dur khrod rdzas/_/mi sdug gshin rje'i 'dun sar chas mtshungs shing*/_/bla med sman gtor rak+ta'i zer mdangs bcud/_/rdo rje dga' bzhi'i rtogs pa bskyed la sogs/_/rnam pa thams cad srid zhi'i khyon brdal yang*/_/ngo bo 'pho med ye shes chen po'i dbyings/_/mchod dang mchod byed yul du ma grub pa'i/_/ngo mtshar gsang ba chen po'i dam tshig gis/_/thugs dam bskang zhing 'gal 'khrul nyams chag bshags/_/chos kyi dbyings su che mchog he ru ka_/srid zhi'i spyi dpal khrag 'thung che ba'i mchog_/khro rgyal stobs 'dus rgyal kun phrin las kyi/_/mgon po mchog khyod dbu 'phang srid rtser bstod/_/phyag g.yas ru mtshon bdud kyi snying 'bigs byed/_/srid pa'i rtse mor rnam par rgyal bas bsgrengs/_/khams gsum brtan g.yo'i srog la dbang thob pa'i/_/don snying dmar po brgyus pa'i zhags pa 'phen/_/mi sdug char sprin brtsegs pa'i lhun po'i gzugs/_/bskal pa 'jig dus me rlung dbus na 'gying*/_/da lta rtsod dus 'dul dka' nyon mongs rags/_/'od gsal rdo rje snying po'i bstan pa che/_/grol ba drug gis 'dul ba'i dus bab pas/_/nges gsang bstan mchog rgyas la rtsal ma zhan/_/rdo rje theg pa'i ring lugs spong klog gi_/rgyud lung man ngag 'dzin spel bar gcod kun/_/zhing bcu'i srog dbugs len pa'i shan pa che/_/bsam sbyor brtsams pa'i mod nas myur du sgrol/_/theg mchog lta sgom spyod pa mthar son cing*/_/gzhan phan snang ba brgya pa'i 'od phreng gis/_/smin grol ut+pal nags klung bzhad mdzad kun/_/srung skyob phrin las drod snang ma nyams mdzod/_/dkar phyogs snang ba brgya pa'i 'od bkye la/_/mi srun bsam sbyor ngan 'chang nag po'i sde/_/byad phur rigs sngags nus pa ye shes kyi/_/rdo rje'i mtshon gyis myur du sgrol mdzod kye/_/yid dpyod kla klo gdug pa'i 'khrul snang kun/_/blo 'das chos dbyings rang rtsal thugs rje'i gar/_/kun khyab stobs kyi dpung pa btsan po yis/_/blo 'das rtsol med rang byung phrin las mdzod/_/ces pa'ang dam pa'i yon tan mnga' ba'i thang smad bde chos sprul sku ngag dbang bshad sgrub dar rgyas nas lha rdzas rten bcas gsung bskul bzhin sngags btsun rgan po rdo rje thugs mchog rtsal gyis shod rong smin grol thub bstan chos gling nas bris pa nges gsang bstan pa'i dbu 'phang srid rtser snyegs pa'i rgyur gyur cig/_//__!__ye shes mgon po ma ning gi gsol byang phrin las thogs med bzhugs/__oM/_'gyur med dbyings kyi he ru kaH_/srid zhi'i spyi dpal bstan srung gtso/_/dpal ldan ye shes mgon po che/_/ma ning nag po gshegs su gsol/_/dam tshig rten 'dir dgyes par bzhugs/_/gnyis med ngang du gus phyag 'tshal/_/snod bcud gsang chen rol pa'i zhing*/_/dur khrod drag po'i tshogs khang 'dir/_/dgyes dgu'i dam rdzas lhun gyis grub/_/dag mnyam chen po'i mchod par 'bul/_/ngo bo dpal chen khrag 'thung che/_/rnam pa rgyud gsum dregs pa'i rje/_/phrin las drag rtsal rmad byung ba'i/_/nag po chen po 'khor bcas bstod/_/dbyings la mtshan ma'i rtog bral yang*/_/rten 'byung sgyu 'phrul drwa ba'i gar/_/phyi nang gsang ba de kho na'i/_/dam tshig chen po thugs dam bskang*/_/bde chen dgyes pa'i ye shes dbyings/_/mtshan 'dzin 'khrul rtog bslad pa'i nongs/_/bshags shing nyams chag kun byang nas/_/tshangs pa mchog gi dngos grub stsol/_/nges gsang snying po'i bshad sgrub rgyas/_/rnal 'byor 'dod pa'i las kun sgrubs/_/'jig rten bde skyid dpal gyis 'byor/_/don gnyis lhun gyis grub par mdzod/_/ces lho 'brug chos kyi rgyal khab kyi bye brag dge legs phug nas gter chen pad+ma gling pa'i zab gter 'chad nyan skabs 'phags yul nges don dga' tshal gling gi pad bkod sgam sprul mkhyen yon mtshungs med 'gyur med o rgyan bstan 'dzin nyi mas gsung bskul bzhin shing byi rgyal zla'i tshes la 'gyur med theg mchog bstan pa'i rgyal mtshan gyis bris pa dgos pa mchog ldan du gyur cig/__//

Footnotes

Other Information