DKR-KABUM-06-CHA-011

From Khyentse Lineage - A Tsadra Foundation Project
Revision as of 16:55, 14 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སྙིང་ཐིག་ཡུམ་བཀའི་མཁའ་འགྲོའི་བསུན་བཟློག་ལས། བརྟན་བཞུགས་དང་བསུན་བཟློག་འདོན་ཟིན།
Wylie title snying thig yum bka'i mkha' 'gro'i bsun bzlog las/ brtan bzhugs dang bsun bzlog 'don zin DKR-KABUM-06-CHA-011.pdf
Location dil mgo mkhyen brtse bka' 'bum
Volume 6, Text 11, Pages 56-57 (Folios 1a1 to 2b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation Khyentse, Dilgo. snying thig yum bka'i mkha' 'gro'i bsun bzlog las brtan bzhugs dang bsun bzlog 'don zin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 56-57. Delhi: Shechen Publications, 1994.
Genre Averting or Dispelling Rites- zlog pa  ·  Notes - zin bris  ·  Prayers for Long Life - zhabs brtan gsol 'debs - brtan bzhugs
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

།ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་མངྒ་ལས་བྲིས་པ་དགེ་ལེགས་འཕེལ།།

/zhes pa'ang nyer mkho'i yan lag tu mang+ga las bris pa dge legs 'phel//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། སྙིང་ཐིག་ཡུམ་བཀའི་མཁའ་འགྲོའི་བསུན་བཟློག་ལས། བརྟན་བཞུགས་དང་བསུན་བཟློག་གཉིས་ཆར་དགོས་ན་བདག་བསྐྱེད་ཛཔ་ཁང་དབྱེ། སྒྲོལ་མ་རྣམ་རྒྱལ་མའི་བཟླས་པ་བྱས་ལ་མདུན་གྱི་ཚེ་བུམ་ཚེ་རིལ་ཚེ་ཆང་རྣམས་སྒྲུབ། ལུས་དཀྱིལ་གྱི་བཟླས་པའང་ཅུང་ཟད་བྱས་ལ་མཁའ་འགྲོའི་ཚེ་འགུགས་དང༌། ཧཱུྃ། ཤར་ནས་རྡོ་རྗེ་སྲ་བའི་དབྱིངས་སོགས་སྦྱར། མཆོད་ཕྲེང་དང་བསྟོད་པ་བྱས་ལ། ལས་བུམ་སྨེ་བརྩེགས་ཀྱིས་སྒྲུབ་མཐར། བརྟན་བཞུགས་མི་དགོས་ན་ཡུམ་ཀའི་བཟླས་པ་ལས་རྣམ་རྒྱལ་མའི་བཟླས་པ་བཏང་མི་དགོས། དང་པོ་བསུན་བཟློག་ལ་མདུན་གྱི་མདོས་གཏོར། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་སོགས་ནས་སྤྱན་འདྲེན་བར་བཏང་ལ་གསོལ་ཁ་དང་ཡེ་ཤེས་སྐུ་མཆོག་སོགས་དང༌། ཡུམ་ཀའི་ཚོགས་ལྷག་མའི་བར་བཏང༌། དཔའ་བོ་དཔའ་མོའི་བསུན་བཟློག་དང་གྲངས་བསགས་རྣམས་བྱ། དེ་ནས་མཁའ་འགྲོའི་ཆས་ཞུགས་རྣམས་ཕེབས། ཀྱཻ། གསོན་ཅིག་འདིར་ཚོགས་སོགས་དང༌། ཀྱཻ། བསུན་མའི་མགྲོན་སོགས་མཐར་གླུད་ནུབ་ཏུ་བསྐྱལ། མཁའ་འགྲོའི་ཆས་རྣམས་ཕེབས་རྗེས། ཧྲཱིཿ སྣོད་བཅུད་སྤྲུལ་པའི་སོགས། སྣང་སྲིད་དག་པ་སོགས་སྲུང་འཁོར་བསྒོམ། སློབ་དཔོན་ལ་སྨེ་བརྩེགས་ཀྱི་ཁྲུས་གསོལ་སྒྲུབ་སྔགས་བརྗོད་ཅེས་པ་ཨོཾ་པདྨོ་ཡོ་གི་ནི༴བྷྲཱུྃ་སྭཱ་ཧཱ༔ ཞེས་པ་ཡིན་ནམ་སྙམ། ཚེ་འགུགས་དང༌། ཧྲཱིཿ སྣང་སྲིད་གཞོན་ནུ་བུམ་པའི་སྐུས་ཚེ་བུམ་ཕུལ་མཐར། སྐུ་ཚེ་མི་ཤིགས་པ་རྡོ་རྗེར་གྱུར་ཅིག །མི་འགྱུར་བ་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག །མེ་ཏོག་འཐོར། ཧྲཱིཿ བདེ་ཆེན་ཡུམ་ལྔའི་སོགས་ཀྱིས་བདུད་རྩི་ཕུལ། ཤེས་རབ་ཀྱི་རྫས་ཚེ་ཡི་བདུད་རྩི་ཕུལ་བ་ལ་བརྟེན་ནས་ཤེས་རབ་སྟོང་ཉིད་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཧྲཱིཿ བརྟན་གཡོའི་ཁམས་དང་སོགས་ཀྱིས་ཚེ་རིལ་ཕུལ་ལ། ཐབས་ཀྱི་རྫས་ཚེ་ཡི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཨཿ འབྱུང་ལྔའི་དབྱིངས་སུ་སོགས་ཀྱིས་ཚེ་མདའ་རྣམས་ཕུལ་བས་རྒྱས་བཏབ་སྟེ་མཎྜལ་ཚོམ་བུ་སོ་བདུན་མ་ཕུལ་ལ། མ་ཚང་བ་མེད་པ་འདི་ཉིད་དཔལ་ལྡན་བླ་མ་དམ་པ་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བསྐོར་བར་གསོལ་བ་འདེབས་པའི་སླད་དུ་འབུལ་བར་བགྱིའོ་སོགས། སྐུ་གསུང་ཐུགས་རྟེན་ཕུལ་མཐར། ཧོཿ རྡོ་རྗེ་སློབ་དཔོན་གཟུགས་ཀྱི་སོགས་ཞབས་བརྟན་འབུལ་མཚོན་སོགས་ཕུལ། དེ་ལྟར་ཡོངས་རྫོགས་བསྟན་དང་འགྲོ་བའི་སྐྱབས་གཅིག་མཚུངས་བྲལ་རྡོ་རྗེ་སློབ་དཔོན་གང་ཉིད་རིས་སུ་མ་ཆད་པའི་བསྟན་པ་དང༌། མཐའ་ཡས་པའི་འགྲོ་བའི་དོན་དུ་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ོ་ཞིང་གཞེས་པར་བདག་ཅག་འདིར་འདུས་ཤིང་ཚོགས་པ་རྣམས་ཀྱིས་དངོས་པོ་ཀུན་གྱིས་བཏུད་དེ་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་ཞལ་གྱིས་བཞེས་པར་ཅི་གནང༌། ཞེས་གསོལ་བ་བཏབ་པའི་ལན། གལ་ཏེ་བསྟན་པ་རྒྱས་པ་དང༌། །སེམས་ཅན་ཕན་པའི་རྒྱུར་འགྱུར་ན། །མེ་ལོ་བརྒྱ་རྩ་བརྒྱད་ལྷག་སོགས། གང་འདོད་འཚོ་བར་བླ་མ་དང༌། རྒྱལ་བ་སྲས་དང་བཅས་པས་བདག །དབང་བཅུ་ལྡན་པར་བྱིན་གྱིས་རློབས། །ཞེས་དང༌། གཏང་རག་གི་མཎྜལ་ལ། མ་ཚང་བ་མེད་པ་འདི་ཉིད་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་བཞེས་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་འབུལ་བར་བགྱིའོ། །ཞེས་དང་ཚོགས་འབུལ། བསམ་ལྷུན་བཏང་རྗེས་རྫས་བརྒྱད་བྱིན་རླབས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མུཾ་ལས་བྱུང་བའི་བཀྲ་ཤིས་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་མངྒ་ལཾ་དྲ་བྱཱ་ཧཱུྃ། ཞེས་པས་བྱིན་གྱིས་བརླབས། བཀྲ་ཤིས་རྫས་བརྒྱད་སོགས་ཕུལ་སྐབས་སྟོང་ཐུན་ཁ་བསྒྱུར་ལ། དེང་འདིར་དཔལ་ལྡན་བླ་མ་དམ་པ་མེ་ལོང་གི་རྫས་ལ་བརྟེན་ནས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །སོགས་དང༌། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་རྒྱས་པར་བརྗོད། ལས་བྱང་གི་ལྷག་མ་ནས་མཐར་དབྱུང་བར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་མངྒ་ལས་བྲིས་པ་དགེ་ལེགས་འཕེལ།།
[edit]

@#/_snying thig yum bka'i mkha' 'gro'i bsun bzlog las/_brtan bzhugs dang bsun bzlog gnyis char dgos na bdag bskyed dzapa khang dbye/_sgrol ma rnam rgyal ma'i bzlas pa byas la mdun gyi tshe bum tshe ril tshe chang rnams sgrub/_lus dkyil gyi bzlas pa'ang cung zad byas la mkha' 'gro'i tshe 'gugs dang*/_hU~M/_shar nas rdo rje sra ba'i dbyings sogs sbyar/_mchod phreng dang bstod pa byas la/_las bum sme brtsegs kyis sgrub mthar/_brtan bzhugs mi dgos na yum ka'i bzlas pa las rnam rgyal ma'i bzlas pa btang mi dgos/_dang po bsun bzlog la mdun gyi mdos gtor/_shU n+ya tas sbyangs/_stong pa'i ngang las sogs nas spyan 'dren bar btang la gsol kha dang ye shes sku mchog sogs dang*/_yum ka'i tshogs lhag ma'i bar btang*/_dpa' bo dpa' mo'i bsun bzlog dang grangs bsags rnams bya/_de nas mkha' 'gro'i chas zhugs rnams phebs/_kyai/_gson cig 'dir tshogs sogs dang*/_kyai/_bsun ma'i mgron sogs mthar glud nub tu bskyal/_mkha' 'gro'i chas rnams phebs rjes/_hrIH_snod bcud sprul pa'i sogs/_snang srid dag pa sogs srung 'khor bsgom/_slob dpon la sme brtsegs kyi khrus gsol sgrub sngags brjod ces pa oM pad+mo yo gi ni=b+h+rU~M swA hA:_zhes pa yin nam snyam/_tshe 'gugs dang*/_hrIH_snang srid gzhon nu bum pa'i skus tshe bum phul mthar/_sku tshe mi shigs pa rdo rjer gyur cig_/mi 'gyur ba g.yung drung du gyur cig_/mi nub pa'i rgyal mtshan du gyur cig_/'chi med tshe yi rig 'dzin brnyes par gyur cig_/me tog 'thor/_hrIH_bde chen yum lnga'i sogs kyis bdud rtsi phul/_shes rab kyi rdzas tshe yi bdud rtsi phul ba la brten nas shes rab stong nyid rdo rje tshe yi dngos grub brnyes par gyur cig_/hrIH_brtan g.yo'i khams dang sogs kyis tshe ril phul la/_thabs kyi rdzas tshe yi ril bu phul ba la brten nas thabs bde ba chen po mchog tu mi 'gyur ba rdo rje tshe yi dngos grub brnyes par gyur cig_/aH_'byung lnga'i dbyings su sogs kyis tshe mda' rnams phul bas rgyas btab ste maN+Dal tshom bu so bdun ma phul la/_ma tshang ba med pa 'di nyid dpal ldan bla ma dam pa zhabs pad bskal pa rgya mtshor 'tsho zhing gzhes la zab rgyas chos kyi 'khor lo rtag pa rgyun du bskor bar gsol ba 'debs pa'i slad du 'bul bar bgyi'o sogs/_sku gsung thugs rten phul mthar/_hoH_rdo rje slob dpon gzugs kyi sogs zhabs brtan 'bul mtshon sogs phul/_de ltar yongs rdzogs bstan dang 'gro ba'i skyabs gcig mtshungs bral rdo rje slob dpon gang nyid ris su ma chad pa'i bstan pa dang*/_mtha' yas pa'i 'gro ba'i don du zhabs pad bskal pa rgya mtshor 'tsho \u0f7c zhing gzhes par bdag cag 'dir 'dus shing tshogs pa rnams kyis dngos po kun gyis btud de gsol ba 'debs pa lags na de de bzhin du zhal gyis bzhes par ci gnang*/_zhes gsol ba btab pa'i lan/_gal te bstan pa rgyas pa dang*/_/sems can phan pa'i rgyur 'gyur na/_/me lo brgya rtsa brgyad lhag sogs/_gang 'dod 'tsho bar bla ma dang*/_rgyal ba sras dang bcas pas bdag_/dbang bcu ldan par byin gyis rlobs/_/zhes dang*/_gtang rag gi maN+Dal la/_ma tshang ba med pa 'di nyid chos kyi 'khor lo bskor bar zhal gyis bzhes pa'i bka' drin gtang rag gi yon du 'bul bar bgyi'o/__/zhes dang tshogs 'bul/_bsam lhun btang rjes rdzas brgyad byin rlabs/_swa b+hA was sbyangs/_stong pa'i ngang las muM las byung ba'i bkra shis rdzas brgyad so so'i las sgrub pa la thogs pa med pa'i nus pa dang ldan par gyur/_oM mang+ga laM dra byA hU~M/_zhes pas byin gyis brlabs/_bkra shis rdzas brgyad sogs phul skabs stong thun kha bsgyur la/_deng 'dir dpal ldan bla ma dam pa me long gi rdzas la brten nas zhabs pad bskal pa rgya mtshor brtan cing shin tu bkra shis par gyur cig_/sogs dang*/_phun sum tshogs pa sogs bkra shis rgyas par brjod/_las byang gi lhag ma nas mthar dbyung bar bya'o/__/zhes pa'ang nyer mkho'i yan lag tu mang+ga las bris pa dge legs 'phel//

Footnotes

Other Information