DKR-KABUM-05-CA-038

From Khyentse Lineage - A Tsadra Foundation Project
Revision as of 11:37, 14 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། གུ་རུ་དྲག་པོའི་ཕོ་ཉ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས་དབང་དང་བཅས་པ་བགེགས་དཔུང་མཐར་བྱེད་རྡོ་རྗེའི་མཚོན་ཆེན།
Wylie title rta zhal yid bzhin rgya can las/ gu ru drag po'i pho nya yak+sha me dbal gyi sgrub thabs dbang dang bcas pa bgegs dpung mthar byed rdo rje'i mtshon chen DKR-KABUM-05-CA-038.pdf
Location dil mgo mkhyen brtse bka' 'bum
Volume 5, Text 38, Pages 269-278 (Folios 1a to 10b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Rta zhal yid bzhin rgya can las gu ru drag po'i pho nya yak+sha me dbal gyi sgrub thabs dbang dang bcas pa bgegs dpung mthar byed rdo rje'i mtshon chen. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 269-278. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle རྟ་ཞལ་ཡིད་བཞིན་རྒྱ་ཅན་ (rta zhal yid bzhin rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity yak+sha me dbal
Colophon

།འགྱུརྃ་མེདྃ་རྡོ་རྗེའི་ཚིག་གི་ལྟེ་བ་ལ། །ཐེགྃ་མཆོགྃ་སྔ་འགྱུར་བསྟནྃ་པའིྃ་ཕྱག་བཞེས་ཀྱིས། །ལེགས་བརྒྱན་སྒྲུབ་ཐབས་དབང་གི་རྒྱལྃ་མཚྃན་ཆེ། །གྲུབ་གཉིས་འདོད་འཇོའི་དཔལ་དུ་ལེགས་པར་བསྐྲུན། གུ་རུ་དྲག་པོའི་ཕོ་ཉ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས་དབང་གི་ལེའུ་ཚན་ནོ།།

/'gyura~M meda~M rdo rje'i tshig gi lte ba la/_/thega~M mchoga~M snga 'gyur bstana~M pa'i~M phyag bzhes kyis/_/legs brgyan sgrub thabs dbang gi rgyala~M mtsha~Mn che/_/grub gnyis 'dod 'jo'i dpal du legs par bskrun/_gu ru drag po'i pho nya yak+sha me dbal gyi sgrub thabs dbang gi le'u tshan no//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། གུ་རུ་དྲག་པོའི་ཕོ་ཉ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས་དབང་དང་བཅས་པ་བགེགས་དཔུང་མཐར་བྱེད་རྡོ་རྗེའི་མཚོན་ཆེན་བཞུགས།


༄༅། །རྨད་བྱུང་ཐུགས་བསྐྱེད་རིན་ཆེན་དབྱིངས་ཀྱི་རྒྱལ། །དབང་དང་དྲག་ཤུལ་ཕྲིན་ལས་སྣང་བ་ཡིས། །ཕྱི་ནང་བདུད་རིས་ཕམ་མཛད་ཁྲོ་རྒྱལ་ཆེར། །བཏུད་ནས་དེ་སྒྲུབ་དབང་གི་རིམ་པ་དབྱེ། །གུ་རུ་དྲག་པོའི་ཡེ་ཤེས་སྤྲུལ་པའི་ཕོ་ཉ་དབང་དྲག་ལས་ཀྱི་མཐུ་ལྡན་ཁྲོ་བོའི་རྒྱལ་པོ་ཡཀྴ་མེ་དབལ་སྒྲུབ་པར་འདོད་པས། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་པས་ཉམས་སུ་ལེན་པ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་ཐོག་མར་སྐྱབས་འགྲོ་ནི། བླ་མ་བདེ་གཤེགས་འདུས་པའི་སྐུཿ དཀོན་མཆོག་གསུམ་གྱི་རང་བཞིན་ལཿ བདག་དང་འགྲོ་དྲུག་སེམས་ཅན་རྣམསཿ སྒོ་གསུམ་གུས་པས་སྐྱབས་སུ་མཆིཿ ལན་གསུམ། གཉིས་པ་སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུཿ ཡཀྴ་མེ་དབལ་སྒྲུབ་ནས་ནིཿ གང་ལ་གང་འདུལ་ཕྲིན་ལས་ཀྱིསཿ འགྲོ་བ་སྒྲོལ་བར་དམ་བཅའོཿ ལན་གསུམ། གསུམ་པ་བགེགས་གཏོར་བྱིན་རླབས་སྤྱི་ལྟར་བྱས་ཏེ། བཀའ་བསྒོ་ནི། ཧཱུྃ། ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ། །ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ང་ཡི་བཀའ་ལས་འདའ་མ་བྱེད། །ཁྲོ་རྒྱལ་འབར་བའི་བཀའ་ལས་ནི། །འབྱུང་པོ་གང་ཞིག་འདའ་བྱེད་པ། །དྲག་པོ་ཆེན་པོ་དྲག་ཤུལ་ཅན། །དམར་ནག་མེ་ཕྲེང་ཁྲོས་ནས་ནི། །ཁྲོ་བོའི་ཚོགས་ཀྱི་ནམ་མཁའ་གང༌། །ཁྲོ་མོའི་ཚོགས་ཀྱིས་ས་གཞི་གང༌། །བགེགས་ཚོགས་ཐལ་བའི་རྡུལ་དུ་བརླག །མིང་ཡང་གྲགས་པ་མི་འགྱུར་བས། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ། གྲཱྀ་ཧྞ་གྲཱྀ་ཧྞ་ཧཱུྃ། གྲཱྀ་ཧྞ་པ་ཡ་གྲཱྀ་ཧྞ་པ་ཡ་ཧཱུྃ། ཨཱ་ན་ཡ་ཧོ་བྷ་ག་ཝན་བིདྱཱ་རཱ་ཛ་ཀྲོ་དྷ་ཡ་ཧཱུྃ་ཕཊ། བཞི་པ་འབར་བའི་ཏིང་ངེ་འཛིན་གྱིས་མཚམས་བཅད་པ་ནི། ཧཱུྃ། བདག་ནི་འབར་བ་དབང་གི་བདག་ཉིད་ཆེ། །ཁྲོས་པའི་ངང་ལས་ཁྲོ་ཚོགས་མཚོན་ཆའི་ཆར། །རྡོ་རྗེ་འཁོར་ལོ་རལ་གྲི་འབར་བ་དང༌། །རྒྱ་གྲམ་མེ་དཔུང་ཁྲོ་ཚོགས་རླུང་ལྟར་འཚུབས། །སྟེང་འོག་ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་སྲུང༌། །བདུད་སྡེ་དཔུང་བཅས་མ་རུངས་གདུག་པའི་ཚོགས། །སྲུང་བའི་མཚམས་འདིར་འདུག་པའི་གནས་མེད་ཀྱི། །གསང་བའི་དཀྱིལ་འཁོར་འདི་ལས་འདའ་མ་བྱེད། །ཨོཾ་བཛྲ་ཙཀྲ་ཏཱིཀྵྞཱ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་བཛྲ་བི་ཤྭ་ཀྲོ་དྷ་ཛྭ་ལ་མ་དྷ་ལ་ཧཱུྃ་ཕཊ། ལྔ་པ་བྱིན་དབབ་པ་ནི། ཧཱུྃ། དབང་དྲག་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་ཁྲོ་ཆེན་འབར་བའི་ཚོགས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །བདག་ཅག་སྐལ་ལྡན་སྒྲུབ་མཆོག་འཁོར་བཅས་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་དབང་ཆེན་བསྐུར་དུ་གསོལ། །ཐུགས་རྗེའི་མངའ་བདག་དུས་འདིར་བསྩལ་དུ་གསོལ། །གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་བེ་ཤ་ཡ་ཨ་ཨཿ དྲུག་པ་མཆོད་པ་བྱིན་གྱིས་བརླབ་པ་ནི། ཨོཾ་སྭ་བྷཱ་ཝ་སོགས། ཨོཾ་ཨཱཿ་ཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཕཊ། ཨོཾ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ། དེ་བཞིན་སྦྱར་ཏེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝིདྱ། ཤཔྟ་སརྦ་པཱུ་ཛ་ཨཱཿཧཱུྃ། ཞེས་ཕྱི་ནང་གསང་གསུམ་གྱི་བྱིན་གྱིས་བརླབ། གཉིས་པ་དངོས་གཞིའི་དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཀ་ནས་དག་ཀྱང་མ་རྟོགས་པའི། །འཁྲུལ་པའི་འགྲོ་ལ་བརྩེ་བའི་སྙིང་རྗེའི་གདངས། །རང་རིག་ཧཱུྃ་ཡིག་སྨུག་ནག་འོད་འཚེར་བ། །མཁའ་ལ་ཟླ་བ་ལྡིང་བ་ལྟ་བུར་གྱུར། །རྃ་ཡྃ་ཁྃ། ཨེ་ཡཾ་རཾ་སུཾ་ཀེཾ་རཾ་བྷྲཱུཾ། འབྱུང་བཞི་ཀེང་རུས་བརྩེགས་པའི་རི་རབ་སྟེང༌། །བྷྲཱུཾ་ལས་དུར་ཁྲོད་འབར་བའི་གཞལ་ཡས་ཁང༌། །གྲུ་བཞི་སྒོ་བཞི་མཚན་ཉིད་ཀུན་ལྡན་པ། །ཕྱི་རོལ་པད་ར་དུར་ཁྲོད་སྲུང་བའི་གུར། །ནང་དུ་འཁོར་ལོ་རྩིབས་བརྒྱད་ལྟེ་བ་རུ། །གྲུ་གསུམ་མཐིང་ནག་ཟླ་གམ་ཐོད་རས་བསྐོར། །དེ་དབུས་པདྨ་ཉི་ཟླ་རུ་ཏྲའི་སྟེང༌། །རྒྱུ་ཡི་ཧཱུྃ་བབ་ཡོངས་སུ་གྱུར་པ་ལས། །རང་ཉིད་ཁྲོ་རྒྱལ་ཡཀྴ་མེ་དབལ་སྐུ། །སྨུག་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ། །ཕྱག་གཡས་གནམ་ལྕགས་ཁྲོ་རྡོར་རྩེ་ལྔ་པས། །ཡུ་བ་བྱས་པའི་མེ་ཡི་ཐོ་བ་ཕྱར། །གཡོན་པ་མེ་སྦྲུལ་ཞགས་པ་ལྕགས་སྡིག་འཛིན། །དམར་ཟླུམ་སྤྱན་བགྲད་སྨིན་མ་གློག་ལྟར་འཁྱུག །ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་ཨག་ཚོམ་དང༌། །དབུ་སྐྲ་དམར་པོར་མེ་དཔུང་བཞིན་དུ་འབར། །སྐུ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས། །ལྕགས་ཀྱི་སྡིག་པ་ཚྭ་ཚྭ་ལྟ་བུར་འཕྲོ། །དུར་ཁྲོད་ཆས་སྤྲས་རུས་པ་སྦྲུལ་གྱིས་བརྒྱན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་ཚུལ་དུ་འགྱིང༌། །སྐུ་ལས་འཕྲོས་པའི་བསྐལ་པའི་མེ་ཀློང་ནས། །སྤྲུལ་པའི་ཁྲོ་ཆུང་དཔག་མེད་རླུང་ལྟར་འཚུབས། །གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ། རྩུབ་འགྱུར་མེ་རླུང་འཁྲུག་དཀྱིལ་ནས། །ཡཀྴ་མེ་དབལ་གཤེགས་སུ་གསོལ། །རྒྱན་ཆ་མང་པོ་ཁྲོ་ལོ་ལོ། །ཅོད་པན་དར་དཔྱང་པུ་རུ་རུ། །བསྐལ་པའི་མེ་དཔུང་འུ་རུ་རུ། །དུར་ཁྲོད་རྒྱན་ཆ་ཕུངས་སེ་ཕུང༌། །ཧཱུྃ་གི་འབྲུག་སྒྲ་དི་རི་རི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །ཨོཾ་བཛྲ་ཡཀྴ་སརྦ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ། །པདྨ་ཀུན་འདུས་དཀྱིལ་འཁོར་འདིར། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དུ་མ་རོ་ཅིག་བརྟན་པར་བཞུགས། ས་མ་ཡ་ཏིཥྛ་ལྷན། བཞི་པ་ཕྱག་འཚལ་བ་ནི། ཧཱུྃ། ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་པ་ནི། ཧཱུྃ། བླ་ཡ་ཡཀྴ་མེ་དབལ་ལ། །མེ་ཏོག་དང་ནི་བདུག་སྤོས་དང༌། །མར་མེ་དྲི་དང་ཞལ་ཟས་དང༌། །སིལ་སྙན་ཡིད་འོང་མཆོད་པའི་སྤྲིན། ཀུན་བཟང་བླ་མེད་མཆོད་པ་འདི། །སྐུ་གསུང་ཐུགས་ལ་མཆོད་པ་འབུལ། །ཧཱུྃ་ཡཀྴ་མེ་དབལ་བཛྲ་པུཥྤེ་པཱུ་ཛ་ཨཱཿཧཱུྃ་ནས་ཤཔྟའི་བར་བརྗོད། ཧཱུྃ། རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དམ་རྫས་གཏོར་ཆེན་མཆོད་སྤྲིན་འཕྲོ། །དམར་གྱི་རཀྟ་མཚོར་བསྐྱིལ་བ། །མེ་དབལ་འཁོར་དང་བཅས་ལ་འབུལ། །ཧཱུྃ་ཡཀྴ་མེ་དབལ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ༴ མ་ཧཱ་རཀྟ༴ དྲུག་པ་བསྟོད་པ་ནི། ཧཱུྃ། ཕྲིན་ལས་སྤྲུལ་པ་ཡཀྴ་མེ་དབལ་ནི། །སྐུ་མདོག་སྨུག་ནག་རབ་འཇིགས་ཁྲོས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་ཐོ་བ་མཁའ་ལ་འཕྱར། །གཡོན་པ་མེ་སྦྲུལ་ཞགས་པ་ལྕགས་སྡིག་འཛིན། །སྐུ་ལ་ཁྲོ་ཆུང་མེ་ཡི་ཕུང་པོ་འབར། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། བདུན་པ་ཛཔ་བཟླས་ནི། ཧཱུྃ། །བདག་ཉིད་ཡཀྴ་མེ་དབལ་གྱི། །ཐུགས་ཀར་པདྨ་འདབ་བརྒྱད་དབུས། །གེ་སར་ལ་ནི་སྙིང་པོ་ཧཱུྃ། །འདབ་མ་བརྒྱད་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུས། །སེམས་ཅན་སྒོ་གསུམ་དྲི་མ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་བསྡུ། །ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ། ཡཀྴ་ཧཱུྃ། རཀྴ་ཧཱུྃ། ཞེས་བཟླ། བསྙེན་ཚད་སུམ་འབུམ་ཉི་ཁྲི་ལྔ་སྟོང་གསུངས། གནོད་བྱེད་ཀྱི་ཆེད་དུ་དམིགས་ན། སྔགས་ཤམ་དུ། གནོད་བྱེད་གདོན་བགེགས་ཆེ་གེའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ། ཞེས་དྲག་ཏུ་བཟླ། ཚོགས་འཁོར་སོགས་མཇུག་ཆོག་རྟ་མགྲིན་ཁམས་གསུམ་ཟིལ་གནོན་ལྟར་བྱའོ། །དབང་བསྐུར་དགོས་ན་དཀྱིལ་འཁོར་སྒོ་རྫོགས་ཅན་ལྟེ་བར་གྲུ་གསུམ་ཟླ་གམ་ཐོད་རས་བསྐོར་བའི་དབུས་སྐུའམ་ས་བོན་གྱིས་མཚན་པ་བཤམས། བསྡུ་ན་གྲུ་གསུམ་ཟླ་གམ་ཐོད་ར་མེ་རིས་བསྐོར་བས་ཀྱང་རུང༌། དབུས་མཉྫིའི་སྟེང་དཔལ་གཏོར་འདབ་བཞི་སྐུ་རྟེན་དར་གདུགས་ཀྱིས་བརྒྱན་པ་བཤམས། མདུན་དུ་སྔགས་བྱང༌། གཡས་སུ་རྡོ་རྗེ། རྒྱབ་ཏུ་ཐོད་ཆང༌། གཡོན་དུ་ལྕགས་ཕུར། མཐའ་བསྐོར་དུ་ཉེར་སྤྱོད་སྨན་རཀ །ཚོགས། སྲུང་མའི་གཏོར་མ་དང་ཆད་བརྟན། དཀར་བགེགས་སོགས་དང༌། ལས་བུམ་བཅས་འདུ་བྱས་ལ། ལས་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒྲུབས། ཚོགས་ཀྱི་བར་དཀྱུས་བཞིན་བཏང༌། རིག་པའི་མེ་ཏོག་དོར་ཏེ། སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ་ལ། ཆོས་བཤད་ཀྱི་ཁྱད་པར་ནི། དེ་ཡང་རབ་འབྱམས་རྒྱལ་བའི་སྤྱི་གཟུགས། སྙིགས་དུས་ཀྱི་འགྲོ་བ་སྤྱི་དང་ཁྱད་པར་བོད་ཡུལ་མཐའ་དབུས་ཀུན་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་ཚར་གཅོད་དང་རྗེས་འཛིན་གྱི་ཕྲིན་ལས་མཐའ་ཡས་པས་དུས་གསུམ་ཀུན་ཏུ་དངོས་དང་བརྒྱུད་ནས་བསྐྱངས་བའི་མཛད་པ་བསམ་མི་ཁྱབ་པ་ལས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་ལུས་དང་ངག་བཀའ་རྟགས་ཀྱི་ཕྱག་རྒྱས་མནན་ཏེ་དམ་ལ་བཏགས་ཀྱང༌། གདུལ་བྱ་བསོད་ནམས་དམན་པས་ལྷ་སྲིན་རྣམས་ཀྱི་ཡིད་དམ་ལ་བཏགས་པའི་མཛད་པ་བཤོལ་བས་ལྔ་བརྒྱའི་ཐ་མ་ལ་གཟའ་ཀླུ་རྒྱལ་གསུམ་གྱི་གནོད་པ་མི་ཟད་པ་འབྱུང་བར་མཁྱེན་ཏེ་གུ་རུ་དྲག་པོ་དམར་ནག་གི་སྐུར་བཞེངས་ནས་དེ་ཉིད་ཀྱི་དབང་དང་སྒྲུབ་ཐབས་མན་ངག་དུ་མ་ལས་ཅན་རྗེ་འབངས་རྣམས་ལ་བསྟན་ཅིང༌། བར་ཆད་མེད་པར་དངོས་གྲུབ་བརྙེས། སྨིན་གྲོལ་གདམས་པ་རྒྱས་བསྡུས་ཟབ་རྒྱས་དུ་མ་བཀའ་ཡི་བསྡུས་བ་ཡེ་ཤེས་མཚོ་རྒྱལ་གྱིས་མཛད་ནས། དུས་སུ་བབ་པའི་ཚེ་སྨོན་ལམ་གཏད་རྒྱ་ལ་དབང་བའི་རྗེ་འབངས་སོ་སོ་སྤྲུལ་པའི་གཏེར་སྟོན་གྱི་ཚུལ་གྱིས་ཟབ་གཏེར་ནས་སྤྱན་དྲངས་ཤིང་བསྟན་འགྲོའི་དགེ་མཚན་ཅིར་ཡང་དར་བའི་བྱེ་བྲག །མངའ་བདག་ཆོས་ཀྱི་རྒྱལ་པོའི་ཕྲིན་ལས་ཀྱི་རྣམ་འཕྲུལ་ཟིལ་གནོན་བཞད་པ་རྩལ་གྱི་དག་ཆེན་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལས་སྣང་བའི་ཆོས་སྡེ་རྟ་ཞལ་ཡིད་བཞིན་གྱི་རྒྱ་ཅན་ལས་བྱོན་པའི་བླ་མ་དྲག་པོ་དམར་ཆེན་གྱི་ལས་མཁན་སྤྲུལ་པའི་ཕོ་ཉ་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་དབང་བསྐུར་སྒྲུབ་པ་ལ་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་བསྒྲུབས་ཤིང་མཆོད་བསྙེན་བྱས་པ་དང༌། སློབ་དཔོན་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་སློབ་མ་རྗེས་འཛིན་གྱི་གནང་བ་ཞུ་བ་བཅས་གྲུབ་ནས་ད་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། ཕྱོགས་དུས་རྒྱལ་བ་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བདག་ཅག་མི་ཕྱེད་དད་པར་ལྡན། །ཁྱེད་ཀྱིས་རྗེས་སུ་གནང་བ་དང༌། །དབང་བཞི་རྫོགས་པར་བསྐུར་དུ་གསོལ། །ལན་གསུམ། འོ་གསང་སྔགས་ཀྱི་དཀྱིལ་འཁོར་གཉན་པོ་འཇུག་པ་ལ་དམ་ཚིག་ཚུལ་བཞིན་བསྲུང་དགོས་པས་རྡོ་རྗེ་འདའ་དཀའི་མནའ་ཆུ་འདི་ཉིད་མྱངས་བས་དམ་ཚིག་སྲུང་འདས་ཁེ་ཉེན་གྱི་དཔང་པོར་སྙིང་དབུས་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པར་མོས། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་གྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཞེས་པས་དམ་ཆུ་སྦྱིན། རྗེས་སུ་བཟུང་བར་གནང་བ་ནི། །ཇི་སྐད་སྨྲས་པ་ཇི་བཞིན་ནི། །གསང་བ་གསུམ་ལས་མི་འདའ་ཞིང༌། །ཚུལ་བཞིན་དམ་ཚིག་མི་འདའ་ན། །ཚུར་ཤོག་བདག་གིས་རྗེས་སུ་བཟུང༌། །ཞེས་བརྗོད། མདུན་གྱི་ནམ་མཁར་བླ་མ་དབང་དྲག་ཡཀྴ་མེ་དབལ་ལ་སྐྱབས་གནས་རྒྱ་མཚོས་བསྐོར་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་བྱང་ཆུབ་བར་དུ་སྐྱབས་སུ་མཆི་སྙམ་པས་སྐྱབས་འགྲོ་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་སོགས་ལན་གསུམ། གདུལ་དཀའ་མ་རུངས་བའི་ཡིད་ཅན་གཙོར་བྱས་མཁའ་མཉམ་ཡིད་ཅན་མཐའ་དག་སྲིད་ཞིའི་རྒུད་པ་ཐམས་ཅད་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་བློས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་ཀུན་སོགས་ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་འདི་ལྟར་སྒོམས་ཤིག །ལས་སྔགས་དང་ཆུས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྣོད་བཅུད་ཐ་མལ་གྱི་སྣང་ཞེན་དབྱིངས་སུ་དག་པའི་བདེ་ཆེན་དབང་དྲག་འབར་བའི་ཞིང་གི་དབུས་སུ་པད་ཉིའི་གདན་ལ། རྒྱུ་ཡི་ཧཱུྃ་བབ་ཡོངས་སུ་གྱུར་སོགས་ནས། སྤྲུལ་པའི་ཁྲོ་ཆུང་དཔག་མེད་རླུང་ལྟར་འཚུབ། བར་ལས་བྱང་ལྟར་བཏང༌། དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སློབ་དཔོན་དཀྱིལ་འཁོར་ལྷ་ཡི་ཐུགས་རྒྱུད་བསྐུལ། དེ་དག་གི་ཐུགས་ནས་མཐའ་ཡས་པའི་འོད་ཀྱིས་བསྐུལ་ཏེ་སྐུ་གསུམ་དག་པའི་ཞིང་རབ་འབྱམས་ནས་རྒྱལ་བ་སྲས་དང་བཅས་པ་ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་སློབ་མའི་སྒོ་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཌཱ་དྲིལ་སྤོས་རོལ་དང་བཅས་ཏེ། ཧཱུྃ། དབང་དྲག་རོལ་པའི་སོགས་ལས་བྱང་གི་བྱིན་འབེབས་མཐར། ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃ། གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་བེ་ཤ་ཡ་ཨ་ཨཿས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་མདུན་གྱི་གཏོར་མ་མེ་དབལ་དུ་གསལ་བའི་དཔྲལ་བའི་ཨོཾ་ཡིག་ལས་རང་འདྲ་བའི་སྐུ་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྨིན་མཚམས་སུ་ཐིམ། ལུས་ལ་བརྟེན་པའི་ནད་གདོན་བར་ཆད་དང་བཅས་པ་བསལ། སྐུ་རྡོ་རྗེའི་བྱིན་རླབས་ཞུགས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། སྐུ་ཙཀ་སྤྱི་བོར་བཞག་སྟེ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་མ་ལུས་ཡོངས་རྫོགས་པ། ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི། །སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཨཱཿཧཱུྃ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། མདུན་བསྐྱེད་ཡཀྴ་མེ་དབལ་གྱི་མགྲིན་པའི་ཨཱཿལས་གསུང་ཡིག་འབྲུ་དཔག་ཏུ་མེད་པ་བྱུང༌། སློབ་མའི་མགྲིན་པར་ཐིམ། ངག་ལ་བརྟེན་པའི་ནད་གདོན་བར་ཆད་དང་བཅས་པ་བསལ། གསུང་རྡོ་རྗེའི་བྱིན་རླབས་ཞུགས། དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་མ་ལུས་ཡོངས་རྫོགས་པ། །ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི། །གསུང་གི་བྱིན་རླབས་དབང་ཐོབ་ཤོག །རྩ་སྔགས་མཇུག་ཏུ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མདུན་བསྐྱེད་ཡཀྴ་མེ་དབལ་གྱི་ཐུགས་ཀའི་ཧཱུྃ་ལས་ཕྱག་མཚན་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྙིང་གར་ཐིམ། སེམས་ལ་བརྟེན་པའི་ནད་གདོན་བར་ཆད་ཐམས་ཅད་བསལ། ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །རྡོ་རྗེ་སྙིང་གར་བཞག ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་མ་ལུས་ཡོངས་རྫོགས་པ། །ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི། །ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག །རྩ་སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། མདུན་བསྐྱེད་ཡཀྴ་མེ་དབལ་གྱི་ལྟེ་བའི་སྭཱ་ལས་ཡོན་ཏན་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། སློབ་མའི་ལྟེ་བར་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་ནད་གདོན་བར་ཆད་ཐམས་ཅད་བསལ། ཡོན་ཏན་གྱི་བྱིན་རླབས་ཞུགས། དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ལ། བདུད་རྩི་མྱོང་དུ་གཞུག ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་མ་ལུས་ཡོངས་རྫོགས་པ། །ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི། །ཡོན་ཏན་བྱིན་རླབས་དབང་ཐོབ་ཤོག །རྩ་སྔགས་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ། མདུན་བསྐྱེད་ཡཀྴ་མེ་དབལ་གྱི་གསང་གནས་ཧཱ་ལས་ཕྱག་མཚན་ཕུར་པ་དཔག་ཏུ་མེད་པ་བྱུང༌། སློབ་མའི་གསང་བར་ཐིམ། ལས་ཉོན་གྱིས་བསྐྱེད་པའི་ནད་གདོན་བར་ཆད་ཐམས་ཅད་བསལ། ཕྲིན་ལས་རྡོ་རྗེའི་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་མོས་ཤིག །ཕུར་པ་གསང་བར་བཞག་སྟེ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་མ་ལུས་ཡོངས་རྫོགས་པ། །ཁྲོ་རྒྱལ་ཡཀྴ་མེ་དབལ་གྱི། །ཕྲིན་ལས་བྱིན་རླབས་དབང་ཐོབ་ཤོག །རྩ་སྔགས་ཤམ་དུ། ཀརྨ་ཨ་བྷི་ཥིཉྩ་ཧཱ། དཔལ་གྱི་གཏོར་མ་ཁྲོ་རྒྱལ་ཡཀྴ་མེ་དབལ་སྐུ་མདོག་སྨུག་ནག་ཁྲོ་གཏུམ་སྲིན་པོ་ཁྲོས་པའི་ཉམས་ཅན། སྤྱན་གསུམ་སྡང་མིག་གིས་གཟིར་ཞིང༌། སྨིན་མ་དང་ཨག་ཚོམས་ལས་མེ་ཡི་ཚྭ་ཚྭ་འཕྲོ་བ། ཞལ་གདངས་ལྗགས་འདྲིལ་དབུ་སྐྲ་དམར་པོ་བསྐལ་པའི་མེ་ལྟར་འབར་ཞིང་ཐོད་སྐམ་ལྔས་བརྒྱན་པ། གར་གྱི་ཉམས་དགུས་དཔའ་བའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང༌། ཕྱག་གཡས་གནམ་ལྕགས་ཀྱི་ཐོ་བ་མེ་ཡི་ཚྭ་ཚྭ་འཕྲོ་བ་མགར་གྱི་སོ་མལ་ནས་ཕྱུང་བ་ལྟ་བུ་ནམ་མཁར་ཕྱར་བ། གཡོན་མེ་སྦྲུལ་གྱི་ཞགས་པ་དང་ལྕགས་སྡིག་འཛིན་པ་སྐུ་ཡི་བ་སྤུ་ནས་ལྕགས་ཀྱི་སྡིག་པའི་ཚྭ་ཚྭ་འཕྲོ་བ། ཞབས་གཡས་བརྐྱང་གཡོན་བསྐུམས་པད་ཉི་རུ་ཏྲ་ཕོ་མོའི་གདན་ལ་འགྱིང་བའི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པའི་སྟེང་དུ་རྩ་བརྒྱུད་ཀྱི་བླ་མ། མཐའ་བསྐོར་དུ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་དང་བཅས་པ་ཆར་སྤྲིན་འཁྲིགས་པ་ལྟར་བཞུགས་པ་སྤྱི་བོར་བཞག་པས་སྤྲུལ་པའི་ཁྲོ་ཚོགས་སྐར་ལྟར་སྤྲོས་ཏེ་དཔྲལ་བར་ཐིམ་པས་སྐུ་རྡོ་རྗེ་བུམ་པའི་དབང་ཐོབ་པར་མོས་ཤིག །ཧཱུྃ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུ། །བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས། །རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ། །ཡཀྴ་མེ་དབལ་དྲག་པོ་རྩལ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས། །སྐལ་ལྡན་འདི་ལ་དབང་བཞི་བསྐུར། །སྐུ་ནི་མི་འགྱུར་རྡོ་རྗེའི་སྐུ། །ལུས་ལ་བུམ་པའི་དབང་ཐོབ་ཤོག །ཨོཾ་ཨཱཿ་ཧཱུྃ་བཛྲ་ཧཱུྃ་ཡཀྴ་ཧཱུྃ་རཀྴ་ཧཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། གཏོར་མ་ཁྲོ་རྒྱལ་ཡཀྴ་མེ་དབལ་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་ཆར་སྤྲིན་འཁྲིགས་པ་ལྟ་བུ་མགྲིན་པར་བཞག་པས་གསུང་སྔགས་ཀྱི་ཕྲེང་བ་སྤྲོས་ཏེ་མགྲིན་པར་ཐིམ་པས་གསུང་གསང་བའི་དབང་ཐོབ་པར་མོས་ཤིག །དཔལ་གཏོར་མགྲིན་པར་བཞག ཧཱུྃ། ཆོས་ཀྱི་དབྱིངས་ནས་སོགས། སྐལ་ལྡན་འདི་ལ་དབང་བཞི་བསྐུར། །གསུང་ནི་འགག་མེད་རྡོ་རྗེའི་གསུང༌། །ངག་ལ་གསང་བའི་དབང་ཐོབ་ཤོག །རྩ་སྔགས། ཝཱཀ྄་ཨ་བྷི་ཥིཉྩ་ཨཿ གཏོར་མ་ཁྲོ་རྒྱལ་ཡཀྴ་མེ་དབལ་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་ཆར་སྤྲིན་འཁྲིགས་པ་ལྟ་བུ་སྙིང་གར་བཞག་པས་ཐུགས་ཕྱག་མཚན་གྱི་ཚོགས་སྤྲོས་ཏེ་སྙིང་གར་ཐིམ་པས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་ཤིག །གཏོར་མ་སྙིང་གར་བཞག་སྟེ། ཧཱུྃ། ཆོས་ཀྱི་དབྱིངས་ནས་སོགས། ཐུགས་ནི་སྤྲོས་བྲལ་ཆོས་ཀྱི་དབྱིངས། །ཡིད་ལ་ཤེས་རབ་དབང་ཐོབ་ཤོག །རྩ་སྔགས། ཙིཏྟ་ཨཱ་བྷི་ཥིཉྩ་ཧཱུྃ། གཏོར་མ་ཁྲོ་རྒྱལ་ཡཀྴ་མེ་དབལ་རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས་པ་ཆར་སྤྲིན་འཁྲིགས་པ་ལྟ་བུ་ལྟེ་བར་བཞག་པས་འོད་ཟེར་མེ་མཚོན་གྱི་ཕྲེང་བ་དཔག་ཏུ་མེད་པ་སྤྲོས་ལྟེ་བར་ཐིམ་པས་ཡེ་ཤེས་རྡོ་རྗེའི་བཞི་པའི་དབང་ཐོབ་པར་མོས་ཤིག གཏོར་མ་ལྟེ་བར་བཞག་ལ། ཧཱུྃ། །ཆོས་ཀྱི་དབྱིངས་ནས་སོགས། །ཡཀྴ་མེ་དབལ་དྲག་པོ་རྩལ། །གཏོར་མ་སྐུ་གསུམ་ལྷུན་གྱིས་རྫོགས། །རྣམ་དག་བདེ་ཆེན་ཡེ་ཤེས་ཆེ། །མ་ལུས་འདུས་པའི་ཚོགས་ཆེན་པོ། །རིག་པའི་རྩལ་དབང་ཐོབ་པར་ཤོག །རྩ་སྔགས་མཐར། སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ གཏོར་མ་ཁྲོ་རྒྱལ་ཡཀྴ་མེ་དབལ་རྩ་གསུམ་ཀུན་འདུས་ཀྱི་ལྷ་ཚོགས་རྣམས་ལས་བྱིན་རླབས་འོད་ཟེར་གྱི་མེ་ཕྲེང་དཔག་ཏུ་མེད་པ་བྱུང༌། སློབ་མའི་སྒོ་གསུམ་ལ་ཐིམ་པས་འགལ་རྐྱེན་བར་ཆད་ཐམས་ཅད་བསལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། བདུད་འདུལ་པདྨ་དྲག་པོ། གཏུམ་དྲག་མེ་ལྕེའི་ཕྲེང་བ། ཁྲོ་རྒྱལ་ཡཀྴ་མེ་དབལ། བགེགས་འདུལ་ཕོ་ཉའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བཙན་དང་རྒྱལ་འགོང༌། དམ་སྲི་བགེགས་རིགས་ཀྱི་གནོད་པ་དང༌། ནད་རིགས་བཞི་བརྒྱ་རྩ་བཞི། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བྱད་ཕུར་རྦོད་གཏོང༌། ལོ་ཟླ་ཞག་སྐག །དུས་མིན་འཆི་བ་རྣམ་བརྒྱད། གློ་བུར་དགུ་བཅུ་རྩ་གཅིག་གི་གནོད་པ་སོགས་ལས་དང་རྐྱེན་ལས་གྱུར་པའི་འཕྲལ་ཕུག་ཡུན་གྱི་བར་ཆད་ཐམས་ཅད་སྐྱོབས་པ་དང༌། ཚེ་བསོད་དཔལ་འབྱོར་དབང་ཐང་ཡོན་ཏན་དངོས་གྲུབ་ཐམས་ཅད་འཕེལ་ཞིང་རྒྱས་པས་རང་གཞན་དོན་གཉིས་བདེ་བླག་ཏུ་འགྲུབ་སྟེ། སྐུ་བཞི་ཡེ་ཤེས་ལྔ་ལྡན་སྲིད་ཞིའི་སྤྱི་དཔལ་ཁྲོ་རྒྱལ་སྟོབས་འདུས་དབང་དྲག་པདྨ་འོད་འབར་བདུད་འདུལ་ཡཀྴ་མེ་དབལ་གྱི་རྡོ་རྗེའི་གསང་བ་གསུམ་དང་དབྱེར་མེད་པར་མངོན་པར་བྱང་ཆུབ་པར་མཛད་དུ་གསོལ། ཞེས་བཀའ་བསྒོས་པས་གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཐོབ་ནས་རྡོ་རྗེའི་གསང་གསུམ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་མོས་ཤིག །སྐབས་སུ་བབ་པའི་ཤིས་བརྗོད་དང་བཅས་མེ་ཏོག་གཏོར། རྗེས་དམ་ཚིག་ཁས་བླང༌། མཎྜལ། ལུས་འབུལ་དགེ་བསྔོས་མཐའ་བསྡུས་ཏེ་སློབ་མ་རང་གནས་སུ་བཏང༌། སློབ་དཔོན་གྱིས་ལས་བྱང་གི་མཇུག་བསྡུས་པས་གྲུབ་པའོ། །འགྱུརྃ་མེདྃ་རྡོ་རྗེའི་ཚིག་གི་ལྟེ་བ་ལ། །ཐེགྃ་མཆོགྃ་སྔ་འགྱུར་བསྟནྃ་པའིྃ་ཕྱག་བཞེས་ཀྱིས། །ལེགས་བརྒྱན་སྒྲུབ་ཐབས་དབང་གི་རྒྱལྃ་མཚྃན་ཆེ། །གྲུབ་གཉིས་འདོད་འཇོའི་དཔལ་དུ་ལེགས་པར་བསྐྲུན། གུ་རུ་དྲག་པོའི་ཕོ་ཉ་ཡཀྴ་མེ་དབལ་གྱི་སྒྲུབ་ཐབས་དབང་གི་ལེའུ་ཚན་ནོ།། །།
[edit]

@#/_rta zhal yid bzhin rgya can las/_gu ru drag po'i pho nya yak+sha me dbal gyi sgrub thabs dbang dang bcas pa bgegs dpung mthar byed rdo rje'i mtshon chen bzhugs/ @#/_/rmad byung thugs bskyed rin chen dbyings kyi rgyal/_/dbang dang drag shul phrin las snang ba yis/_/phyi nang bdud ris pham mdzad khro rgyal cher/_/btud nas de sgrub dbang gi rim pa dbye/_/gu ru drag po'i ye shes sprul pa'i pho nya dbang drag las kyi mthu ldan khro bo'i rgyal po yak+sha me dbal sgrub par 'dod pas/_dbang thob cing dam tshig la gnas pa'i sgrub pa po bde ba'i stan la 'khod pas nyams su len pa la/_sngon dngos rjes gsum las/_dang po sngon 'gro la thog mar skyabs 'gro ni/__bla ma bde gshegs 'dus pa'i skuH_dkon mchog gsum gyi rang bzhin laH_bdag dang 'gro drug sems can rnamasaH_sgo gsum gus pas skyabs su mchiH_lan gsum/_gnyis pa sems bskyed ni/_sems bskyed 'gro ba kun don duH_yak+sha me dbal sgrub nas niH_gang la gang 'dul phrin las kyisaH_'gro ba sgrol bar dam bca'oH_lan gsum/__gsum pa bgegs gtor byin rlabs spyi ltar byas te/_bka' bsgo ni/_hU~M/_nga ni khro rgyal 'jigs pa'i sku/_/nyon cig bgegs dang log 'dren tshogs/_/nga yi bka' las 'da' ma byed/_/khro rgyal 'bar ba'i bka' las ni/_/'byung po gang zhig 'da' byed pa/_/drag po chen po drag shul can/_/dmar nag me phreng khros nas ni/_/khro bo'i tshogs kyi nam mkha' gang*/_/khro mo'i tshogs kyis sa gzhi gang*/_/bgegs tshogs thal ba'i rdul du brlag_/ming yang grags pa mi 'gyur bas/_/de bas da lta phyir dengs shig_/oM sum b+ha ni sum b+ha ni hU~M/_gr-I h+Na gr-I h+Na hU~M/_gr-I h+Na pa ya gr-I h+Na pa ya hU~M/_A na ya ho b+ha ga wan bid+yA rA dza kro d+ha ya hU~M phaT/__bzhi pa 'bar ba'i ting nge 'dzin gyis mtshams bcad pa ni/_hU~M/_bdag ni 'bar ba dbang gi bdag nyid che/_/khros pa'i ngang las khro tshogs mtshon cha'i char/_/rdo rje 'khor lo ral gri 'bar ba dang*/_/rgya gram me dpung khro tshogs rlung ltar 'tshubs/_/steng 'og phyogs mtshams kun tu khyab par srung*/_/bdud sde dpung bcas ma rungs gdug pa'i tshogs/_/srung ba'i mtshams 'dir 'dug pa'i gnas med kyi/_/gsang ba'i dkyil 'khor 'di las 'da' ma byed/_/oM badz+ra tsakra tIk+Sh+NA karma kI la ya dz+wa la raM badz+ra bi shwa kro d+ha dz+wa la ma d+ha la hU~M phaT/__lnga pa byin dbab pa ni/_hU~M/_dbang drag rol pa'i dkyil 'khor chen po nas/_/chos nyid zhi ba'i ngang las ma g.yos kyang*/_/gdug pa 'dul phyir khro chen 'bar ba'i tshogs/_/thugs rje'i dbang gis gnas 'dir gshegs su gsol/_/bdag cag skal ldan sgrub mchog 'khor bcas la/_/sku gsung thugs kyis byin gyis brlab tu gsol/_/ye shes lnga yi dbang chen bskur du gsol/_/thugs rje'i mnga' bdag dus 'dir bstsal du gsol/_/gu ru d+he wa DA ki ni sa ma ya ru lu ru lu hU~M b+h+yo hU~M/_a be sha ya a aH__drug pa mchod pa byin gyis brlab pa ni/_oM swa b+hA wa sogs/_oM AH hU~M ma hA sarba pany+tsa a mr-i ta hU~M hrIHTha:_oM AHhU~M ma hA ba liM ta b+ha la b+ha te gu h+ya sa ma ye swA hA/_oM AHhU~M ma hA rak+ta dz+wa la maN+Da la hU~M phaT/_oM bo d+hi tsit+ta ga Na gu h+ya sa ma ya hU~M/_oM badz+ra puSh+pe A hU~M/_de bzhin sbyar te/_d+hU pe/_A lo ke_/g+han+d+he/_nai wid+ya/_shap+ta sarba pU dza AHhU~M/_zhes phyi nang gsang gsum gyi byin gyis brlab/__gnyis pa dngos gzhi'i dang po dam tshig pa bskyed pa ni/_hU~M/_chos rnams ka nas dag kyang ma rtogs pa'i/_/'khrul pa'i 'gro la brtse ba'i snying rje'i gdangs/_/rang rig hU~M yig smug nag 'od 'tsher ba/_/mkha' la zla ba lding ba lta bur gyur/_/ra~M ya~M kha~M/_e yaM raM suM keM raM b+h+rUM/_'byung bzhi keng rus brtsegs pa'i ri rab steng*/_/b+h+rUM las dur khrod 'bar ba'i gzhal yas khang*/_/gru bzhi sgo bzhi mtshan nyid kun ldan pa/_/phyi rol pad ra dur khrod srung ba'i gur/_/nang du 'khor lo rtsibs brgyad lte ba ru/_/gru gsum mthing nag zla gam thod ras bskor/_/de dbus pad+ma nyi zla ru tra'i steng*/_/rgyu yi hU~M bab yongs su gyur pa las/_/rang nyid khro rgyal yak+sha me dbal sku/_/smug nag zhal gcig phyag gnyis khro zhing gtum/_/phyag g.yas gnam lcags khro rdor rtse lnga pas/_/yu ba byas pa'i me yi tho ba phyar/_/g.yon pa me sbrul zhags pa lcags sdig 'dzin/_/dmar zlum spyan bgrad smin ma glog ltar 'khyug_/zhal gdangs mche gtsigs ljags 'dril ag tshom dang*/_/dbu skra dmar por me dpung bzhin du 'bar/_/sku yi ba spu'i bu ga thams cad nas/_/lcags kyi sdig pa tshwa tshwa lta bur 'phro/_/dur khrod chas spras rus pa sbrul gyis brgyan/_/zhabs gnyis g.yas bskum g.yon brkyang tshul du 'gying*/_/sku las 'phros pa'i bskal pa'i me klong nas/_/sprul pa'i khro chung dpag med rlung ltar 'tshubs/__/gnyis pa spyan 'dren pa ni/_hU~M/_rtsub 'gyur me rlung 'khrug dkyil nas/_/yak+sha me dbal gshegs su gsol/_/rgyan cha mang po khro lo lo/_/cod pan dar dpyang pu ru ru/_/bskal pa'i me dpung 'u ru ru/_/dur khrod rgyan cha phungs se phung*/_/hU~M gi 'brug sgra di ri ri/_/byin gyis brlab phyir gshegs su gsol/_/oM badz+ra yak+sha sarba sa ma ya dzaHdzaHhU~M baM hoH__gsum pa bzhugs gsol ni/_hU~M/_/pad+ma kun 'dus dkyil 'khor 'dir/_/dam tshig ye shes dbyer med par/_/chu la chu bzhag ji bzhin du/_/du ma ro cig brtan par bzhugs/_sa ma ya tiSh+Tha lhan/__bzhi pa phyag 'tshal ba ni/_hU~M/_chos rnams rang bzhin ye nas dag_/rtog 'khrul 'jig rten sems can la/_/sku gsung thugs yon phrin las ston/_/dkyil 'khor lha la phyag 'tshal bstod/_/a ti pU ho/_pra tIts+tsha hoH__lnga pa mchod pa ni/_hU~M/_bla ya yak+sha me dbal la/_/me tog dang ni bdug spos dang*/_/mar me dri dang zhal zas dang*/_/sil snyan yid 'ong mchod pa'i sprin/_kun bzang bla med mchod pa 'di/_/sku gsung thugs la mchod pa 'bul/_/hU~M yak+sha me dbal badz+ra puSh+pe pU dza AHhU~M nas shap+ta'i bar brjod/_hU~M/_rtsa brgyad stong sbyar bdud rtsi sman/_/dam rdzas gtor chen mchod sprin 'phro/_/dmar gyi rak+ta mtshor bskyil ba/_/me dbal 'khor dang bcas la 'bul/_/hU~M yak+sha me dbal ma hA pany+tsa a mr-i ta kha raM khA hi/_ma hA ba liM ta=_ma hA rak+ta=__drug pa bstod pa ni/_hU~M/_phrin las sprul pa yak+sha me dbal ni/_/sku mdog smug nag rab 'jigs khros pa'i gzugs/_/phyag g.yas rdo rje tho ba mkha' la 'phyar/_/g.yon pa me sbrul zhags pa lcags sdig 'dzin/_/sku la khro chung me yi phung po 'bar/_/gdug pa 'dul mdzad khyod la phyag 'tshal bstod/__bdun pa dzapa bzlas ni/_hU~M/_/bdag nyid yak+sha me dbal gyi/_/thugs kar pad+ma 'dab brgyad dbus/_/ge sar la ni snying po hU~M/_/'dab ma brgyad la sngags kyis bskor/_/'od 'phros bde gshegs rnams la thim/_/phyi nang gsang ba'i mchod pa 'bul/_/sku gsung thugs kyi dngos grub bsdus/_/sems can sgo gsum dri ma sbyangs/_/rnal 'byor lus ngag yid la bsdu/_/oM AHhU~M badz+ra hU~M/_yak+sha hU~M/_rak+sha hU~M/_zhes bzla/_bsnyen tshad sum 'bum nyi khri lnga stong gsungs/_gnod byed kyi ched du dmigs na/_sngags sham du/_gnod byed gdon bgegs che ge'i snying la mA ra ya hU~M phaT/_zhes drag tu bzla/_tshogs 'khor sogs mjug chog rta mgrin khams gsum zil gnon ltar bya'o/__/dbang bskur dgos na dkyil 'khor sgo rdzogs can lte bar gru gsum zla gam thod ras bskor ba'i dbus sku'am sa bon gyis mtshan pa bshams/_bsdu na gru gsum zla gam thod ra me ris bskor bas kyang rung*/_dbus many+dzi'i steng dpal gtor 'dab bzhi sku rten dar gdugs kyis brgyan pa bshams/_mdun du sngags byang*/_g.yas su rdo rje/_rgyab tu thod chang*/_g.yon du lcags phur/_mtha' bskor du nyer spyod sman raka_/tshogs/_srung ma'i gtor ma dang chad brtan/_dkar bgegs sogs dang*/_las bum bcas 'du byas la/_las gzhung bsrangs te bdag mdun dbyer med du bsgrubs/_tshogs kyi bar dkyus bzhin btang*/_rig pa'i me tog dor te/_slob ma khrus nas dbyung*/_bgegs bskrad/_srung 'khor bsgom la/_chos bshad kyi khyad par ni/_de yang rab 'byams rgyal ba'i spyi gzugs/_snyigs dus kyi 'gro ba spyi dang khyad par bod yul mtha' dbus kun la sangs rgyas las kyang bka' drin che ba'i o rgyan chos kyi rgyal pos tshar gcod dang rjes 'dzin gyi phrin las mtha' yas pas dus gsum kun tu dngos dang brgyud nas bskyangs ba'i mdzad pa bsam mi khyab pa las bod kyi lha srin gdug pa can rnams lus dang ngag bka' rtags kyi phyag rgyas mnan te dam la btags kyang*/_gdul bya bsod nams dman pas lha srin rnams kyi yid dam la btags pa'i mdzad pa bshol bas lnga brgya'i tha ma la gza' klu rgyal gsum gyi gnod pa mi zad pa 'byung bar mkhyen te gu ru drag po dmar nag gi skur bzhengs nas de nyid kyi dbang dang sgrub thabs man ngag du ma las can rje 'bangs rnams la bstan cing*/_bar chad med par dngos grub brnyes/_smin grol gdams pa rgyas bsdus zab rgyas du ma bka' yi bsdus ba ye shes mtsho rgyal gyis mdzad nas/_dus su bab pa'i tshe smon lam gtad rgya la dbang ba'i rje 'bangs so so sprul pa'i gter ston gyi tshul gyis zab gter nas spyan drangs shing bstan 'gro'i dge mtshan cir yang dar ba'i bye brag_/mnga' bdag chos kyi rgyal po'i phrin las kyi rnam 'phrul zil gnon bzhad pa rtsal gyi dag chen chos rgyun gyi ting nge 'dzin las snang ba'i chos sde rta zhal yid bzhin gyi rgya can las byon pa'i bla ma drag po dmar chen gyi las mkhan sprul pa'i pho nya khro rgyal yak+sha me dbal gyi dbang bskur sgrub pa la rdo rje slob dpon gyis dkyil 'khor bsgrubs shing mchod bsnyen byas pa dang*/_slob dpon bdag nyid dkyil 'khor du 'jug cing slob ma rjes 'dzin gyi gnang ba zhu ba bcas grub nas da khyed rang slob ma rnams kyi ngo skal dbang bskur zhu ba'i ched du maN+Dal phul/_gsol ba gdab pa 'di'i rjes zlos mdzod/_hU~M/_phyogs dus rgyal ba ma lus pa'i/_/sku gsung thugs kyi dkyil 'khor du/_/bdag cag mi phyed dad par ldan/_/khyed kyis rjes su gnang ba dang*/_/dbang bzhi rdzogs par bskur du gsol/_/lan gsum/_'o gsang sngags kyi dkyil 'khor gnyan po 'jug pa la dam tshig tshul bzhin bsrung dgos pas rdo rje 'da' dka'i mna' chu 'di nyid myangs bas dam tshig srung 'das khe nyen gyi dpang por snying dbus ye shes sems dpa'i tshul du bzhugs par mos/_'di ni khyed kyi dmyal ba'i chu/_/dam tshig 'das na bsreg par byed/_/rdo rje khro bo chen por gyur/_/rdo rje bdud rtsi'i chu 'thung zhig_/zhes pas dam chu sbyin/_rjes su bzung bar gnang ba ni/_/ji skad smras pa ji bzhin ni/_/gsang ba gsum las mi 'da' zhing*/_/tshul bzhin dam tshig mi 'da' na/_/tshur shog bdag gis rjes su bzung*/_/zhes brjod/_mdun gyi nam mkhar bla ma dbang drag yak+sha me dbal la skyabs gnas rgya mtshos bskor ba'i spyan sngar rang gzhan sems can thams cad 'khod de byang chub bar du skyabs su mchi snyam pas skyabs 'gro 'di'i rjes zlos mdzod/_na mo/_bla ma bde gshegs sogs lan gsum/_gdul dka' ma rungs ba'i yid can gtsor byas mkha' mnyam yid can mtha' dag srid zhi'i rgud pa thams cad las bsgral te bla na med pa'i byang chub la 'god pa'i blos sems bskyed pa 'di'i rjes zlos mdzod/_sems bskyed 'gro ba kun sogs lan gsum/_dbang gi gzhi 'god pa ye shes pa dbab pa'i slad du 'di ltar sgoms shig_/las sngags dang chus bsang*/_swa b+hA was stong par sbyang*/_snod bcud tha mal gyi snang zhen dbyings su dag pa'i bde chen dbang drag 'bar ba'i zhing gi dbus su pad nyi'i gdan la/_rgyu yi hU~M bab yongs su gyur sogs nas/_sprul pa'i khro chung dpag med rlung ltar 'tshub/_bar las byang ltar btang*/_de ltar gsal ba'i gnas gsum yig 'bru gsum gyis mtshan pa las 'od zer 'phros/_slob dpon dkyil 'khor lha yi thugs rgyud bskul/_de dag gi thugs nas mtha' yas pa'i 'od kyis bskul te sku gsum dag pa'i zhing rab 'byams nas rgyal ba sras dang bcas pa khro rgyal yak+sha me dbal gyi sku phyag rgya/_gsung yig 'bru/_thugs phyag mtshan gyi rnam pa char drag tu bab pa bzhin byon nas slob ma'i sgo gsum la thim pas sku gsung thugs kyi byin gyis brlab pa'i mos pa mdzod/_DA dril spos rol dang bcas te/_hU~M/_dbang drag rol pa'i sogs las byang gi byin 'bebs mthar/_oM AHhU~M badz+ra hU~M yak+sha hU~M rak+sha hU~M/_gu ru d+he wa DA ki ni sa ma ya ru lu ru lu hU~M b+h+yo hU~M/_a be sha ya a aHsa dbab/_tiSh+Tha badz+ras brtan par bya/_dbang dngos la mdun gyi gtor ma me dbal du gsal ba'i dpral ba'i oM yig las rang 'dra ba'i sku dpag tu med pa byung*/_slob ma'i smin mtshams su thim/_lus la brten pa'i nad gdon bar chad dang bcas pa bsal/_sku rdo rje'i byin rlabs zhugs dbang dang dngos grub ma lus pa thob par mos la/_sku tsaka spyi bor bzhag ste/_hU~M/_dus gsum sangs rgyas thams cad kyi/_/phrin las ma lus yongs rdzogs pa/_khro rgyal yak+sha me dbal gyi/_/sku yi byin rlabs dbang thob shog_/oM AHhU~M badz+ra hU~M yak+sha hU~M rak+sha hU~M kA ya a b+hi Shiny+tsa oM/_mdun bskyed yak+sha me dbal gyi mgrin pa'i AHlas gsung yig 'bru dpag tu med pa byung*/_slob ma'i mgrin par thim/_ngag la brten pa'i nad gdon bar chad dang bcas pa bsal/_gsung rdo rje'i byin rlabs zhugs/_dbang dang dngos grub ma lus pa thob par mos shig_/sngags byang mgrin par bzhag_hU~M/_dus gsum sangs rgyas thams cad kyi/_/phrin las ma lus yongs rdzogs pa/_/khro rgyal yak+sha me dbal gyi/_/gsung gi byin rlabs dbang thob shog_/rtsa sngags mjug tu wAka a b+hi Shiny+tsa AH_mdun bskyed yak+sha me dbal gyi thugs ka'i hU~M las phyag mtshan dpag tu med pa byung*/_slob ma'i snying gar thim/_sems la brten pa'i nad gdon bar chad thams cad bsal/_thugs rdo rje'i byin rlabs zhugs/_dbang dang dngos grub ma lus pa thob par mos shig_/rdo rje snying gar bzhag_hU~M/_dus gsum sangs rgyas thams cad kyi/_/phrin las ma lus yongs rdzogs pa/_/khro rgyal yak+sha me dbal gyi/_/thugs kyi byin rlabs dbang thob shog_/rtsa sngags mthar/_tsit+ta a b+hi Shiny+tsa hU~M/_mdun bskyed yak+sha me dbal gyi lte ba'i swA las yon tan bdud rtsi'i chu rgyun dpag tu med pa byung*/_slob ma'i lte bar thim pas sgo gsum cha mnyam gyi nad gdon bar chad thams cad bsal/_yon tan gyi byin rlabs zhugs/_dbang dang dngos grub ma lus pa thob par mos la/_bdud rtsi myong du gzhug_hU~M/_dus gsum sangs rgyas thams cad kyi/_/phrin las ma lus yongs rdzogs pa/_/khro rgyal yak+sha me dbal gyi/_/yon tan byin rlabs dbang thob shog_/rtsa sngags mthar/_gu Na a b+hi Shiny+tsa swA/_mdun bskyed yak+sha me dbal gyi gsang gnas hA las phyag mtshan phur pa dpag tu med pa byung*/_slob ma'i gsang bar thim/_las nyon gyis bskyed pa'i nad gdon bar chad thams cad bsal/_phrin las rdo rje'i dbang dang dngos grub ma lus pa thob par mos shig_/phur pa gsang bar bzhag ste/_hU~M/_dus gsum sangs rgyas thams cad kyi/_/phrin las ma lus yongs rdzogs pa/_/khro rgyal yak+sha me dbal gyi/_/phrin las byin rlabs dbang thob shog_/rtsa sngags sham du/_karma a b+hi Shiny+tsa hA/_dpal gyi gtor ma khro rgyal yak+sha me dbal sku mdog smug nag khro gtum srin po khros pa'i nyams can/_spyan gsum sdang mig gis gzir zhing*/_smin ma dang ag tshoms las me yi tshwa tshwa 'phro ba/_zhal gdangs ljags 'dril dbu skra dmar po bskal pa'i me ltar 'bar zhing thod skam lngas brgyan pa/_gar gyi nyams dgus dpa' ba'i sku la dur khrod chas brgyad kyis brgyan cing*/_phyag g.yas gnam lcags kyi tho ba me yi tshwa tshwa 'phro ba mgar gyi so mal nas phyung ba lta bu nam mkhar phyar ba/_g.yon me sbrul gyi zhags pa dang lcags sdig 'dzin pa sku yi ba spu nas lcags kyi sdig pa'i tshwa tshwa 'phro ba/_zhabs g.yas brkyang g.yon bskums pad nyi ru tra pho mo'i gdan la 'gying ba'i gnas gsum rdo rje gsum gyi yi ges mtshan pa'i steng du rtsa brgyud kyi bla ma/_mtha' bskor du yi dam zhi khro sangs rgyas byang sems dpa' bo mkha' 'gro chos skyong gi tshogs dang bcas pa char sprin 'khrigs pa ltar bzhugs pa spyi bor bzhag pas sprul pa'i khro tshogs skar ltar spros te dpral bar thim pas sku rdo rje bum pa'i dbang thob par mos shig_/hU~M/_chos kyi dbyings nas 'bar ba'i sku/_/bde gshegs rgyal ba thams cad kyi/_/sku gsung thugs yon phrin las 'dus/_/rang byung lhun gyis grub pa'i lha/_/yak+sha me dbal drag po rtsal/_/sku gsung thugs kyi dkyil 'khor nas/_/skal ldan 'di la dbang bzhi bskur/_/sku ni mi 'gyur rdo rje'i sku/_/lus la bum pa'i dbang thob shog_/oM AH hU~M badz+ra hU~M yak+sha hU~M rak+sha hU~M kA ya a b+hi Shiny+tsa oM/_gtor ma khro rgyal yak+sha me dbal rtsa gsum rgya mtsho'i 'khor dang bcas pa char sprin 'khrigs pa lta bu mgrin par bzhag pas gsung sngags kyi phreng ba spros te mgrin par thim pas gsung gsang ba'i dbang thob par mos shig_/dpal gtor mgrin par bzhag_hU~M/_chos kyi dbyings nas sogs/_skal ldan 'di la dbang bzhi bskur/_/gsung ni 'gag med rdo rje'i gsung*/_/ngag la gsang ba'i dbang thob shog_/rtsa sngags/_wAka? a b+hi Shiny+tsa aH_gtor ma khro rgyal yak+sha me dbal rtsa gsum rgya mtsho'i 'khor dang bcas pa char sprin 'khrigs pa lta bu snying gar bzhag pas thugs phyag mtshan gyi tshogs spros te snying gar thim pas thugs shes rab ye shes kyi dbang thob par mos shig_/gtor ma snying gar bzhag ste/_hU~M/_chos kyi dbyings nas sogs/_thugs ni spros bral chos kyi dbyings/_/yid la shes rab dbang thob shog_/rtsa sngags/_tsit+ta A b+hi Shiny+tsa hU~M/_gtor ma khro rgyal yak+sha me dbal rtsa gsum rgya mtsho'i 'khor dang bcas pa char sprin 'khrigs pa lta bu lte bar bzhag pas 'od zer me mtshon gyi phreng ba dpag tu med pa spros lte bar thim pas ye shes rdo rje'i bzhi pa'i dbang thob par mos shig_gtor ma lte bar bzhag la/_hU~M/_/chos kyi dbyings nas sogs/_/yak+sha me dbal drag po rtsal/_/gtor ma sku gsum lhun gyis rdzogs/_/rnam dag bde chen ye shes che/_/ma lus 'dus pa'i tshogs chen po/_/rig pa'i rtsal dbang thob par shog_/rtsa sngags mthar/_sarba sid+d+hi a b+hi Shiny+tsa hrIH_gtor ma khro rgyal yak+sha me dbal rtsa gsum kun 'dus kyi lha tshogs rnams las byin rlabs 'od zer gyi me phreng dpag tu med pa byung*/_slob ma'i sgo gsum la thim pas 'gal rkyen bar chad thams cad bsal/_mchog dang thun mong gi dngos grub mtha' dag stan thog gcig tu thob par mos shig_/chos sku snang ba mtha' yas/_longs sku thugs rje chen po/_sprul sku pad+ma 'byung gnas/_bdud 'dul pad+ma drag po/_gtum drag me lce'i phreng ba/_khro rgyal yak+sha me dbal/_bgegs 'dul pho nya'i tshogs dang bcas pas rdo rje'i slob ma 'di rnams la gnod cing 'tshe ba'i steng gdon gza' dang rgyu skar/_'og gdon klu dang sa bdag_/bar gdon btsan dang rgyal 'gong*/_dam sri bgegs rigs kyi gnod pa dang*/_nad rigs bzhi brgya rtsa bzhi/_bgegs rigs stong phrag brgyad cu/_byad phur rbod gtong*/_lo zla zhag skag_/dus min 'chi ba rnam brgyad/_glo bur dgu bcu rtsa gcig gi gnod pa sogs las dang rkyen las gyur pa'i 'phral phug yun gyi bar chad thams cad skyobs pa dang*/_tshe bsod dpal 'byor dbang thang yon tan dngos grub thams cad 'phel zhing rgyas pas rang gzhan don gnyis bde blag tu 'grub ste/_sku bzhi ye shes lnga ldan srid zhi'i spyi dpal khro rgyal stobs 'dus dbang drag pad+ma 'od 'bar bdud 'dul yak+sha me dbal gyi rdo rje'i gsang ba gsum dang dbyer med par mngon par byang chub par mdzad du gsol/_zhes bka' bsgos pas gtor ma'i lha tshogs 'od du zhu ste khyed rang rnams kyi spyi bo nas thim pas byin rlabs dang dngos grub thams cad thob nas rdo rje'i gsang gsum phyogs thams cad las rnam par rgyal bar mos shig__/skabs su bab pa'i shis brjod dang bcas me tog gtor/_rjes dam tshig khas blang*/_maN+Dal/_lus 'bul dge bsngos mtha' bsdus te slob ma rang gnas su btang*/_slob dpon gyis las byang gi mjug bsdus pas grub pa'o/__/'gyura~M meda~M rdo rje'i tshig gi lte ba la/_/thega~M mchoga~M snga 'gyur bstana~M pa'i~M phyag bzhes kyis/_/legs brgyan sgrub thabs dbang gi rgyala~M mtsha~Mn che/_/grub gnyis 'dod 'jo'i dpal du legs par bskrun/_gu ru drag po'i pho nya yak+sha me dbal gyi sgrub thabs dbang gi le'u tshan no//__//

Footnotes

Other Information