DKR-KABUM-03-GA-013: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 19: Line 19:
|totalvolumes=25
|totalvolumes=25
|textnuminvol=013
|textnuminvol=013
|pagenumbers=166-171.
|pagenumbers=166-171
|totalpages=11
|totalpages=11
|beginfolioline=1a1
|beginfolioline=1a1

Latest revision as of 16:35, 1 February 2023

མྱུར་འབྱོན་གསོལ་འདེབས་ཕྱོགས་བསྡུས།
Wylie title myur 'byon gsol 'debs phyogs bsdus DKR-KABUM-03-GA-013.pdf
Location dil mgo mkhyen brtse bka' 'bum
Volume 3, Text 13, Pages 166-171 (Folios 1a1 to 6a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Myur 'byon gsol 'debs phyogs bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 166-171. Delhi: Shechen Publications, 1994.
Genre Petitions for a Speedy Rebirth - yang srid myur byon

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །རབ་འབྱམས་ཕྱོགས་དུས་ཞིང་གི་རྒྱལ་བའི། །ངོ་མཚར་ཐུགས་རྗེའི་བྱིན་བརླབ་གཅིག་བསྡུས། །སྙིགས་དུས་བསྟན་འགྲོའི་དཔུང་གཉེན་མཚུངས་མེད། །རང་བྱུང་རིག་པའི་རྡོ་རྗེ་མཁྱེན་ནོ། །ཁྱེད་ནི་སངས་རྒྱས་ཀུན་དང་གཉིས་མེད། །གཟོད་ནས་མངོན་པར་བྱང་ཆུབ་ཟིན་ཀྱང༌། །ཞིང་འདིའི་གདུལ་བྱར་ལྷག་པར་བརྩེ་བས། །རྒྱལ་ཀུན་ཕྲིན་ལས་འཛིན་མཛད་མཁྱེན་ནོ། །དུས་ངན་སྣོད་བཅུད་རྒུད་པས་ཉམས་ཐག །ནད་མུག་མཚོན་གྱི་དུཿཁས་རབ་གཟིར། །སྐྱབས་བྲལ་ཡིད་ཆད་བདག་སོགས་གདུལ་བྱ། །ཐུགས་རྗེས་ཡལ་བར་དོར་བར་སྲིད་དམ། །སྤྲུལ་པའི་གཟུགས་སྐུ་དབྱིངས་སུ་བསྡུས་ཀྱང༌། །འཕགས་ཆེན་རྣམ་ཐར་ཡོངས་སུ་རྫོགས་པའི། །བསམ་བཞིན་སྐྱེ་བ་བཞེས་པའི་མཆོག་སྤྲུལ། །མྱུར་དུ་འཆར་བའི་ཐུགས་རྗེའི་རྩལ་སྤྲུགས། །སྲིད་ལས་འདས་ཀྱང་སྲིད་པའི་ཁྱོན་ལ། །གདུལ་དཀའ་འདུལ་བའི་ཐུགས་རྗེ་ཐབས་མཁས། །རྫུ་འཕྲུལ་མངོན་ཤེས་ཐོགས་པ་མེད་པའི། །ཡེ་ཤེས་ཉིན་བྱེད་འཆར་བར་མཛོད་ཅིག །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད། །བཤད་སྒྲུབ་ལས་ཀྱི་བསྟན་རྩ་གསོ་བའི། །ཕྲིན་ལས་ཕྱག་རྗེས་འཕེལ་རྒྱས་བརྟན་ཕྱིར། །བསྟན་འགྲོའི་མགོན་དཔུང་མྱུར་དུ་བྱོན་མཛོད། །སྙིགས་མའི་སེམས་ཅན་རྨུ་རྒོད་ལས་ངན། །མི་ཤེས་མུན་པར་རྟག་ཏུ་འཕྱན་ལ། །དུས་གསུམ་མཁྱེན་པའི་ཡེ་ཤེས་ཉི་མས། །མ་རིག་མུན་པ་སེལ་བར་མཛོད་ཅིག །འདོད་སྲེད་ཞགས་པས་ཚེ་འདིར་རྟག་ཞེན། །འཇིག་རྟེན་ཆོས་བརྒྱད་ཁོལ་བོར་རྒྱུགས་ལ། །ངེས་འབྱུང་ཚུལ་ཁྲིམས་གཙང་མའི་ལས་ཀྱིས། །ཆགས་བྲལ་ཚངས་སྤྱོད་བརྟུལ་ཞུགས་སྩོལ་མཛད། །བདག་ཉིད་གཅེས་འཛིན་འགོང་པོས་བསླུས་ཏེ། །བྱང་ཆུབ་སེམས་ཀྱི་ནོར་བུ་སྟེར་ལ། །གཞན་ཕན་བདུད་རྩིས་ཡིད་རབ་བསིལ་བས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྟོན་མཛོད། །དོན་མེད་འདིར་སྣང་འབའ་ཞིག་ཞེན་པས། །ངེས་དོན་སྒྲུབ་བརྒྱུད་མིང་ཙམ་གྱུར་ལ། །དགོངས་བརྒྱུད་བྱིན་ཆེན་བཙན་ཐབས་འཕོས་ཏེ། །དོན་བརྒྱུད་རྟོགས་པའི་རྒྱལ་སར་དབུགས་དབྱུང༌། །ངེས་འབྱུང་ཞེན་ལོག་མེ་ལྟར་འབར་ཞིང༌། །མོས་གུས་སྒྲུབ་ཚུགས་རི་བཞིན་བརྟན་པས། །ཉམས་རྟོགས་རྩི་ཤིང་རབ་ཏུ་རྒྱས་ནས། །སྒོམ་མེད་ཆོས་སྐུའི་རྒྱལ་སར་དབུགས་དབྱུང༌། །སྐུ་བཞིའི་དབྱིངས་སུ་མངོན་པར་བྱང་ཆུབ། །ཞིང་ཁམས་རྒྱ་མཚོ་སྤྲུལ་པས་ཁྱབ་སྟེ། །ཅི་མཛད་ཡེ་ཤེས་རོལ་པའི་ཕྲིན་ལས། །མངོན་སུམ་མཇལ་ནུས་བྱིན་གྱིས་རློབས་མཛོད། །འབྲས་ལྗོངས་དབེན་ནས་མཁའ་འགྲོ་གསང་ཕུག་ཆུ་ཚན་ནས་བོད་ཟླ༡༠་ཚེས༡༥་ལ་མངྒ་ལས་གསོལ་བ་བཏབ་པའོ། ༈ སངས་རྒྱས་ཀུན་འདུས་ཀ༵རྨ༵འི་ཐུགས་བསྐྱེད་ཀྱིས། །ཟུང་འཇུག་གོ་འཕང་མངོན་གྱུར་རྣལ་འབྱོར་དབང༌། ཡིད་བཞིན་ནོར་བུ་ལྟ་བུའི་བླ་མ་རྗེའི། །མཆོག་སྤྲུལ་མྱུར་འབྱོན་བསྟན་འགྲོ་དབུགས་འབྱིན་མཛོད། །ཅེས་པའང་དད་ལྡན་དུ་མས་བསྐུལ་ངོར་མངྒ་ལས་བྲིས་པའོ། ༈ རབ་འབྱམས་ཕྱོགས་དུས་ཞིང་གི་རྒྱལ་བའི། །ངོ་མཚར་ཐུགས་རྗེའི་བྱིན་བརླབ་གཅིག་བསྡུས། །སྙིགས་དུས་བསྟན་འགྲོའི་དཔུང་གཉེན་མཚུངས་མེད། །རང་བྱུང་རིག་པའི་རྡོ་རྗེ་མཁྱེན་ནོ། །ཁྱེད་ནི་སངས་རྒྱས་ཀུན་དང་གཉིས་མེད། །གཟོད་ནས་མངོན་པར་བྱང་ཆུབ་ཟིན་ཀྱང༌། །ཞིང་འདིའི་གདུལ་བྱར་ལྷག་པར་བརྩེ་བས། །རྒྱལ་ཀུན་ཕྲིན་ལས་འཛིན་མཛད་མཁྱེན་ནོ། །དུས་ངན་སྣོད་བཅུད་རྒུད་པས་ཉམས་ཐག །ནད་མུག་མཚོན་གྱི་དུཿཁས་རབ་གཟིར། །སྐྱབས་བྲལ་ཡིད་ཅད་བདག་སོགས་གདུལ་བྱ། །ཐུག་རྗེའི་ཡལ་བར་དོར་བར་སྲིད་དམ། །སྤྲུལ་པའི་གཟུགས་སྐུ་དབྱིངས་སུ་བསྡུས་ཀྱང༌། །འཕགས་ཆེན་རྣམ་ཐར་ཡོངས་སུ་རྫོགས་པའི། །བསམ་བཞིན་སྐྱེ་བ་བཞེས་པའི་མཆོག་སྤྲུལ། །མྱུར་དུ་འཆར་བའི་ཐུགས་རྗེའི་རྩལ་སྤྲུག །སྲིད་ལས་འདས་ཀྱང་སྲིད་པའི་ཁྱོན་ལ། །གདུལ་དཀའ་འདུལ་བའི་ཐུགས་རྗེ་ཐབས་མཁས། །རྫུ་འཕྲུལ་མངོན་ཤེས་ཐོས་པ་མེད་པའི། །ཡེ་ཤེས་ཉིན་བྱེད་འཆར་བར་མཛོད་ཅིག །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད། །བཤད་སྒྲུབ་ལས་ཀྱི་བསྟན་རྩ་གསོ་བའི། །ཕྲིན་ལས་ཕྱག་རྗེས་འཕེལ་རྒྱས་བརྟན་ཕྱིར། །བསྟན་འགྲོའི་མགོན་དཔུང་མྱུར་དུ་བྱོན་མཛོད། །སྙིགས་མའི་སེམས་ཅན་རྨུ་རྒོད་ལས་ངན། །མི་ཤེས་མུན་པར་རྟག་ཏུ་འཕྱན་ལ། །དུས་གསུམ་མཁྱེན་པའི་ཡེ་ཤེས་ཉི་མས། །མ་རིག་མུན་པ་སེལ་བར་མཛོད་ཅིག །འདོད་སྲེད་ཞག་པས་ཚེ་འདིར་རྟག་ཞེན། །འཇིག་རྟེན་ཆོས་བརྒྱད་ཁོལ་བོར་རྒྱུགས་ལ། །ངེས་འབྱུང་ཚུལ་ཁྲིམས་གཙང་མའི་ལས་ཀྱིས། །ཆགས་བྲལ་ཚངས་སྤྱོད་བརྟུལ་ཞུགས་སྩོལ་མཛད། །བདག་ཉིད་གཅེས་འཛིན་འགོང་པོས་བསླུས་ཏེ། །བྱང་ཆུབ་སེམས་ཀྱི་ནོར་བུ་སྟེར་ལ། །གཞན་ཕན་བདུད་རྩིའི་ཡིད་རབ་བསིལ་བས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་སྟོན་མཛོད། །དོན་མེད་འདིར་སྣང་འབའ་ཞིག་ཞེན་པས། །ངེས་དོན་སྒྲུབ་བརྒྱུད་མིང་ཙམ་གྱུར་ལ། །དགོངས་བརྒྱུད་བྱིན་ཆེན་བཙན་ཐབས་ཕོབ་ཏེ། །དོན་བརྒྱུད་རྟོགས་པའི་རྒྱལ་སར་དབུགས་དབྱུང༌། །ངེས་འབྱུང་ཞེན་ལོག་མེ་ལྟར་འབར་ཞིང༌། །མོས་གུས་སྒྲུབ་ཚུགས་རི་བཞིན་བརྟན་པ། །ཉམས་རྟོགས་རྩི་ཤིང་རབ་ཏུ་རྒྱས་ནས། །སྒོམ་མེད་ཆོས་སྐུའི་རྒྱལ་སར་དབུགས་དབྱུང༌། །སྐུ་བཞིའི་དབྱིངས་སུ་མངོན་པར་བྱང་ཆུབ། །ཞིང་ཁམས་རྒྱ་མཚོ་སྤྲུལ་པས་ཁྱབ་ཏེ། །ཅི་མཛད་ཡེ་ཤེས་རོལ་པའི་ཕྲིན་ལས། །མངོན་སུམ་མཇལ་ནུས་བྱིན་གྱིས་རློབས་མཛོད། ༈ མྱུར་འབྱོན་གསོལ་འདེབས་ཐུགས་རྗེའི་ཆར་སྤྲིན་སྡུད་པའི་དབྱངས་སྙན་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། ཀུན་ཁྱབ་ཆོས་དབྱིངས་འཕོ་འགྱུར་མེད་པའི་ཀློང༌། །རྒྱལ་ཀུན་ཕྲིན་ལས་རང་གཟུགས་ཀརྨ་ཀའི། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་འགག་མེད་པས། །སྤྲུལ་པའི་ཟླ་ཞལ་མྱུར་དུ་འཆར་མཛད་གསོལ། །སྙིགས་དུས་འཛམ་གླིངྃ་བསྟན་འགྲོ་ཉམ་ཐག་ཅིང༌། །ལུང་རྟོགས་བསྟན་པའི་མངའ་ཐང་རྒུད་པ་ལ། །ཐུགས་བསྐྱེད་ཟླ་ཟེར་བདུད་རྩིའི་སྣང་བ་ཡིས། །དབུགས་འབྱིན་མཆོག་གི་སྤྲུལ་སྐུ་སྣང་མཛད་གསོལ། །རྒྱལ་བསྟན་ཇི་སྲིད་སྤྲུལ་པས་སྐྱོང་མཛད་པའི། །ཨོ་རྒྱན་སངས་རྒྱས་གཉིས་པའི་བཀའ་ལུང་བཞིན། །བདེན་དོན་མཐོང་བའི་ཆོས་ལ་མངོན་གྱུར་ཞིང༌། །དགེ་ལེགས་སྣང་བས་རྟག་པར་ཁྱབ་མཛད་གསོལ། །ཞེས་པའང་སངས་རྒྱས་ཀརྨ་པའི་ཕྲིན་ལས་གསེར་གྱི་ཤིང་རྟ་འདྲེན་མཛད་མཛོད་པ་ཀརྨ་དམ་ཆོས་ཡོངས་འདུས་ནས་རྟེན་བཅས་གསུང་བསྐུལ་བཞིན་བཀྲ་ཤིས་དཔལ་འབྱོར་གྱིས་གནས་དུས་རྟེན་འབྲེལ་བཟང་པོའི་ཆར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་དགེ་ལེགས་འཕེལ། ༈ གདོད་ནས་རྣམ་དག་ཆོས་དབྱིངས་ཞི་བ་ཆེར། །མངོན་པར་བྱང་ཆུབ་བདེ་ཆེན་སྒྱུ་འཕྲུལ་གར། །ཁྱབ་བདག་རིག་འཛིན་བླ་མའི་སྐུར་བཞེངས་པ། །རྩེ་གཅིག་གསོལ་བ་བཏབ་བཞིན་རྗེས་སུ་དགོངས། །ཡེ་ཤེས་ནང་གསལ་ཆོས་སྐུའི་ཀློང་བཞུགས་ཀྱང༌། །ཀུན་ཁྱབ་ཐུགས་རྗེའི་ནམ་མཁའ་ཇི་སྲིད་དུ། །གདུལ་བྱའི་དོན་ལས་དགོངས་པ་མི་གཡེལ་བས། །སྤྲུལ་པའི་ཉིན་བྱེད་མྱུར་དུ་འཆར་བར་མཛོད། །སྙིགས་མའི་གདུང་བས་རྟག་མནར་གདུལ་བྱ་དང༌། །རྒྱལ་བསྟན་སྣང་བ་འགྲིབ་ཉེ་ལ་དགོངས་ནས། །རྨད་བྱུང་ཐུགས་བསྐྱེད་ངོ་མཚར་ལྟས་དང་བཅས། །གདུལ་དཀའ་འདུལ་བའི་ཐུགས་དམ་མ་བསྙེལ་གསོལ། །སངས་རྒྱས་གཞན་ལས་སྙིགས་མའི་སེམས་ཅན་ལ། །ཐུགས་བསྐྱེད་ཆེ་བཙན་པད་འབྱུང་ཡབ་སྲས་ཀྱི། །ཕྲིན་ལས་ཕོ་ཉ་ཁྱེད་ལས་གཞན་མེད་པས། །རྡོ་རྗེའི་ཞལ་བཞེས་མངོན་སུམ་གསལ་བར་མཛོད། །འཕགས་པའི་རྣམ་ཐར་སྟོན་ཟླའི་འཛུམ་ཟེར་གྱིས། །མཆོག་བསྟན་བདུད་རྩིའི་ཆུ་གཏེར་རྒྱས་མཛད་དེ། །སྨིན་གྲོལ་བཅུད་ཀྱིས་འགྲོ་ཀུན་དབུགས་འབྱིན་པའི། །དགེ་མཚན་འཇིག་རྟེན་གསུམ་ན་མཛེས་པར་མཛོད། །ཅེས་པའང་གསང་འཛིན་མཁའ་འགྲོ་རིག་འཛིན་དབང་མོ་དང་སྐུ་གསུང་ཐུགས་ཀྱི་སྲས་མཆོག་གཞན་ཕན་ནོར་བུས་རྟེན་བཅས་བཀའ་བསྩལ་བ་བཞིན་མགོ་ཟླའི་ཚེས་༢༩དགེ་བར་གུས་སློབ་ཐ་ཆུང་དིལ་མཁྱེན་རྒན་བུས་གདུང་བས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག ༈ #༣ འབྲུག་ཆེན་གདུང་སྲས་རིན་པོ་ཆེ་ངག་དབང་བཤད་སྒྲུབ་ཆོས་ཀྱི་ཉིན་བྱེད་ཀྱི་མྱུར་འབྱོན་ཐུགས་དམ་རྗེས་སུ་བསྐུལ་བའི་གསོལ་འདེབས་བཞུགས། ཨོཾ་སྭསྟི། ངེས་དོན་དཔལ་ལྡན་འབྲུག་པའི་རིང་ལུགས་ཀྱི། །ཆོས་ཚུལ་རི་དབང་འདེགས་པའི་ཐུགས་བསྐྱེད་པའི། །འགྲན་བྲལ་གྲུབ་པའི་རིགས་ཀྱི་ཐིག་ལེའི་ཚུལ། །རྗེ་བཙུན་བླ་མ་མཆོག་ལ་གསོལ་བ་འདེབས། །ངག་དབང་པདྨ་དཀར་པོའི་ལེགས་མཛེས་པའི། །ལུང་རྟོགས་བཤད་སྒྲུབ་ཆོས་ཀྱི་རྒྱ་མཚོ་ལ། །རྣམ་ཐར་འདབ་སྟོང་བཀྲ་བས་ཕན་བདེའི་དཔྱིད། །རྒྱས་མཛད་སྤྲུལ་པའི་ཉིན་བྱེད་མྱུར་འཆར་གསོལ། །སྙིགས་མའི་གདུང་སེལ་དམ་པའི་ངང་ཚུལ་གྱི། །ལང་ཚོའི་ཆ་ཤས་རྫོགས་པའི་ཕྲིན་ལས་ཀྱི། །ཟླ་བའི་བདུད་རྩིས་བསྟན་འགྲོའི་གདུང་སེལ་བས། །གདུལ་བྱའི་རེ་བ་སྐོང་བའི་དཔལ་ཀུན་སྩོལ། །ཅེས་པའང་འབྲུག་བཙུན་པྲཛྙཱ་དྷྭ་ཛས་རྟེན་བཅས་བསྐུལ་ངོར་མངྒ་ལ་ཤྲཱི་བྷཱུ་ཏིས་སྨོན་པ་དགེ་ལེགས་སུ་གྱུར་ཅིག ༈ #༤ འཇ༵མ་དཔ༵ལ་དབྱངས་སོགས་སྲས་བཅས་རྒྱལ་བ་ཡི། །ཐུགས་བསྐྱེད་སྨོན་ལམ་མཐུ་ཡི་རྣམ་རོལ༵་པ༵འི། །བློ༵་གྲོས༵་གཟུངས་སྤོབས་དམ་པའི་ངང་ཚུལ་གྱི། །མཆོག་གི་སྤྲུལ་སྐུའི་ཟླ་ཞལ་མྱུར་འཆར་གསོལ། །ཅེས་བསླབ་གསུམ་དམ་པའི་རྒྱན་མཛེས་དྭགས་པོ་འགྲོ་འདུལ་གླིང་པའི་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་ལུང་རྟོགས་ཡོན་ཏན་རྒྱ་མཚོས་ལྷ་རྫས་རྟེན་བཅས་གསུང་བསྐུལ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་ནས་མེ་ཡོས་སྤྲེལ་ཟླའི་༦ འཕེལ་ཚེས་༡༠ ལ་བྲིས་ཏེ་སྨོན་པ་དགེ་ལེགས་འཕེལ། ༈ #༥ ཨོཾ་སྭསྟི། ཆོས་དབྱིངས་ཀློངྃ་ནས་མཁྱེན་བརྩེའི་ཉིན་མོར་བྱེད། །ཐུགས་རྗེའི་ཡེ་ཤེས་རྡོ་རྗེའི་གཟི་བྱིན་གྱིས། །སྙིགས་དུས་བསྟན་འགྲོའི་གདུང་སེལ་བླ་མ་རྗེ། །ངོ་མཚར་མཆོག་གི་སྤྲུལ་སྐུར་བཞེངས་སུ་གསོལ། །ཐུགས་བསྐྱེད་ཕྲིན་ལས་གོ་ཆའི་མཐུ་བཙན་པས། རྒྱལ་བསྟན་སྤྱི་དང་ཁྱད་པར་བཀའ་གཏེར་གྱི། །བསྟན་པ་བཤད་སྒྲུབ་ལས་ཀྱི་འཁོར་ལོ་ཡི། །ཕྲིན་ལས་རྨད་བྱུང་མཆོག་སྤྲུལ་མྱུར་འབྱོན་མཛོད། །ཆོས་ཉིད་གདོད་ནས་དག་པའི་ཀློང་ཆེན་པོར། །ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་བདེན་མཐུ་དང༌། །བདག་ཅག་དད་ལྡན་སློབ་མས་གསོལ་བཏབ་བཞིན། །སྤྲུལ་གཞིའི་ཟློས་གར་མྱུར་དུ་འཆར་གྱུར་ཅིག །ཅེས་པའང་རིག་པ་འཛིན་པ་བླ་མ་མཆོག་ལས་ཟབ་ཆོས་ཀྱི་བདུད་རྩི་མང་དུ་ཐོས་པའི་སྔགས་རིག་འཛིན་པ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ཆེད་དུ་གསོལ་བ་བཏབ་པ་བཞིན་འགྲུབ་པར་གྱུར་ཅིག ༈ རང་བྱུང་སངས་རྒྱས་པདྨ་འབྱུང་གནས་ཀྱི། །མཁྱེན་བརྩེ་ནུས་པའི་ཕྲིན་ལས་རྨད་བྱུང་བ། །ཐེག་མཆོག་རྒྱལ་པོའི་སྨིན་གྲོལ་ཕན་བདེའི་དཔལ། །སྤེལ་མཛད་རྗེ་བཙུན་བླ་མ་དགོངས་སུ་གསོལ། །སྙིགས་དུས་བསྟན་འགྲོའི་གསོས་སྨན་གྱུར་པ་ཡི། །མཆོག་གི་སྤྲུལ་སྐུ་མྱུར་དུ་བྱོན་ནས་ཀྱང༌། །སྔོན་གྱི་མཛད་པ་རྗེས་སྐྱོངས་སྙིགས་མའི་འགྲོར། །སྐུ་བཞིའི་དབྱིངས་སུ་སྒྲོལ་བར་མཛད་དུ་གསོལ། །གང་གི་ཞལ་སློབ་རྣམས་ཀྱིས་ལྷ་རྫས་རྟེན་བཅས་བསྐུལ་བ་བཞིན་གཏེར་འབྱིན་སྤྲུལ་སྐུ་པད་རྒྱལ་གླིང་པའི་མྱུར་འབྱོན་གསོལ་འདེབས་སུ་དིལ་མཁྱེན་པས་སོ། ༈ མྱུར་བྱོན་གསོལ་འདེབས་ཐུགས་རྗེའི་འོད་སྣང་བཞུགས། མཆོག་ཏུ་མི་འགྱུར་བདེ་ཆེན་འཁོར་ལོ་སྡོམ། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་དབྱིངས། །གཉིས་མེད་སྲིད་ཞི་ཀུན་ཁྱབ་བླ་མ་རྗེའི། །ཐུགས་དམ་རྗེས་སུ་བསྐུལ་ལོ་དབྱིངས་ནས་བཞེངས། །མགོན་ཁྱོད་ཞི་བའི་ཐིག་ལེར་མ་བཞུགས་པར། །ཀུན་ཁྱབ་ཐུགས་རྗེས་འགྲོ་ལ་རྟག་གཟིགས་པའི། །ཐུགས་བསྐྱེད་གོ་ཆ་ཡལ་བར་མི་འདོར་བར། །སྤྲུལ་པའི་ཉིན་བྱེད་མྱུར་དུ་འཆར་མཛད་གསོལ། །ངོ་མཚར་འཕགས་པའི་རྣམ་ཐར་བརྒྱ་ཕྲག་གི །མཛེས་པས་སྙིགས་མའི་རྒུད་པ་བསལ་མཛད་ནས། །ངེས་དོན་སྒྲུབ་བརྒྱུད་བསྟན་པ་རྟག་སྤེལ་ཞིང༌། །ལྔ་བརྒྱའི་ཡིད་ཅན་སྲིད་ཞི་ལས་སྒྲོལ་མཛོད། །ཅེས་པའང་རྗེ་དེའི་སྐུ་གསུང་ཐུགས་ཀྱི་སྲས་དང་སློབ་མ་ཐུན་མོང་ནས་བསྐུལ་ངོར་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག ༈ མྱུར་འབྱོན་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས། ཨོཾ་སྭ་སྟི། སྲིད་ཞིའི་དགེ་ལེགས་དཔལ་གྱི་འབྱུང་གནས་ཆེ། །བླ་མ་མཆོག་གསུམ་ཡི་དམ་མཁའ་འགྲོའི་ཚོགས། །ཆོས་སྐྱོང་སྲུང་མ་སྐྱབས་གནས་རྒྱ་མཚོ་ཡིས། །ཐུགས་དམ་རྗེས་སུ་བསྐུལ་བཞིན་མྱུར་འགྲུབ་མཛོད། །བྱམས་ཆེན་རྒྱལ་བའི་བསྟན་པ་མ་ཤར་བར། །རྒྱལ་སྲས་ཀུན་བཟང་སྤྱོད་པ་རྒྱ་མཚོ་ཡིས། །རབ་མཛེས་ལུང༵་རྟོག༵ས་བསྟན༵་པ་སྤེལ་མཛད་པ༵འི། །མཆོག་གི་སྤྲུལ་སྐུ་ཉི༵་མ༵་འཆར་མཛད་གསོལ། །སྐུ་ཚེ་ལེགས་མཛད་དམ་པའི་རྣམ་ཐར་གྱིས། །གསན་བསམ་སྒོམ་པའི་ཆ་ཤས་ཡོངས་རྫོགས་ཤིང༌། །སྙིགས་སྤྱོད་རྡུལ་གྱིས་མ་གོས་འཕགས་ཆེན་གྱི། རྣམ་ཐར་དཀར་ཕྱོགས་ཟླ་བཞིན་མཛེས་གྱུར་ཅིག །ཅེས་པའང་སྙིགས་དུས་བསྟན་འགྲོའི་རྒྱལ་མཆོག་མཚུངས་ཟླ་མ་མཆིས་པའི་མཆོག་སྤྲུལ་རིན་པོ་ཆེའི་མྱུར་འབྱོན་གསོལ་འདེབས་ཤྲཱི་ཐར་ལམ་ས་བཟང་རྣམ་རྒྱལ་གླིང་གི་འདུས་སྤྱིའི་ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་བཞིན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་ཏེ་གསོལ་བ་བཏབ་པ་བཞིན་འགྲུབ་པར་གྱུར་ཅིག ༈ ན་མོ་གུ་རུ། །ཆོས་དབྱིངས་སྐྱེ་འགག་གནས་བྲལ་ཡེ་ཤེས་རྩལ། །ཀུན་ཁྱབ་ཐུགས་རྗེའི་རང་མདངས་སྤྲུལ་པའི་སྐུ། །བསྟན་འགྲོར་ཕན་པའི་མཛད་བཟང་འོད་སྟོང་ཅན། །མཆོག་གི་སྤྲུལ་པའི་ཟླ་ཞལ་མྱུར་འཆར་གསོལ། །ཞེས་དད་ལྡན་བསྟན་འཛིན་ནས་བསྐུལ་ངོར་མངྒ་ལས་སོ། ༈ པ༵དྨ༵འི་རིང་ལུགས་ཀུན༵་བཟ༵ང་ཐུགས་ཀྱི་བསྟན། །བཀའ་གཏེར་ཆོས་ཀྱི་ཤིང་རྟ་བླ་མ་རྗེའི། །མཆོག་གི་སྤྲུལ་པའི་ཟླ་ཞལ་མྱུར་འཆར་ཏེ། །རང༵་གྲོལ༵་རྫོགས་ཆེན་བསྟན་པ་དར་རྒྱས་ཤོག །ཅེས་པའང་ཐེག་མཆོག་སྙིང་པོའི་རྣལ་འབྱོར་ཚེ་རིང་དབང་དྲག་ནས་བསྐུལ་ངོར་མངྒ་ལས་བྲིས་པ་དགེ་ལེགས་འཕེལ།
[edit]

@#/__/rab 'byams phyogs dus zhing gi rgyal ba'i/_/ngo mtshar thugs rje'i byin brlab gcig bsdus/_/snyigs dus bstan 'gro'i dpung gnyen mtshungs med/_/rang byung rig pa'i rdo rje mkhyen no/_/khyed ni sangs rgyas kun dang gnyis med/_/gzod nas mngon par byang chub zin kyang*/_/zhing 'di'i gdul byar lhag par brtse bas/_/rgyal kun phrin las 'dzin mdzad mkhyen no/_/dus ngan snod bcud rgud pas nyams thag_/nad mug mtshon gyi duHkhas rab gzir/_/skyabs bral yid chad bdag sogs gdul bya/_/thugs rjes yal bar dor bar srid dam/_/sprul pa'i gzugs sku dbyings su bsdus kyang*/_/'phags chen rnam thar yongs su rdzogs pa'i/_/bsam bzhin skye ba bzhes pa'i mchog sprul/_/myur du 'char ba'i thugs rje'i rtsal sprugs/_/srid las 'das kyang srid pa'i khyon la/_/gdul dka' 'dul ba'i thugs rje thabs mkhas/_/rdzu 'phrul mngon shes thogs pa med pa'i/_/ye shes nyin byed 'char bar mdzod cig_/rgyal bstan spyi dang khyad par sgrub brgyud/_/bshad sgrub las kyi bstan rtsa gso ba'i/_/phrin las phyag rjes 'phel rgyas brtan phyir/_/bstan 'gro'i mgon dpung myur du byon mdzod/_/snyigs ma'i sems can rmu rgod las ngan/_/mi shes mun par rtag tu 'phyan la/_/dus gsum mkhyen pa'i ye shes nyi mas/_/ma rig mun pa sel bar mdzod cig_/'dod sred zhags pas tshe 'dir rtag zhen/_/'jig rten chos brgyad khol bor rgyugs la/_/nges 'byung tshul khrims gtsang ma'i las kyis/_/chags bral tshangs spyod brtul zhugs stsol mdzad/_/bdag nyid gces 'dzin 'gong pos bslus te/_/byang chub sems kyi nor bu ster la/_/gzhan phan bdud rtsis yid rab bsil bas/_/byang chub spyod pa rgya mtsho ston mdzod/_/don med 'dir snang 'ba' zhig zhen pas/_/nges don sgrub brgyud ming tsam gyur la/_/dgongs brgyud byin chen btsan thabs 'phos te/_/don brgyud rtogs pa'i rgyal sar dbugs dbyung*/_/nges 'byung zhen log me ltar 'bar zhing*/_/mos gus sgrub tshugs ri bzhin brtan pas/_/nyams rtogs rtsi shing rab tu rgyas nas/_/sgom med chos sku'i rgyal sar dbugs dbyung*/_/sku bzhi'i dbyings su mngon par byang chub/_/zhing khams rgya mtsho sprul pas khyab ste/_/ci mdzad ye shes rol pa'i phrin las/_/mngon sum mjal nus byin gyis rlobs mdzod/_/'bras ljongs dben nas mkha' 'gro gsang phug chu tshan nas bod zla10 tshes15 la mang+ga las gsol ba btab pa'o/__!__sangs rgyas kun 'dus ka~Xrma~X'i thugs bskyed kyis/_/zung 'jug go 'phang mngon gyur rnal 'byor dbang*/_yid bzhin nor bu lta bu'i bla ma rje'i/_/mchog sprul myur 'byon bstan 'gro dbugs 'byin mdzod/_/ces pa'ang dad ldan du mas bskul ngor mang+ga las bris pa'o/__!__rab 'byams phyogs dus zhing gi rgyal ba'i/_/ngo mtshar thugs rje'i byin brlab gcig bsdus/_/snyigs dus bstan 'gro'i dpung gnyen mtshungs med/_/rang byung rig pa'i rdo rje mkhyen no/_/khyed ni sangs rgyas kun dang gnyis med/_/gzod nas mngon par byang chub zin kyang*/_/zhing 'di'i gdul byar lhag par brtse bas/_/rgyal kun phrin las 'dzin mdzad mkhyen no/_/dus ngan snod bcud rgud pas nyams thag_/nad mug mtshon gyi duHkhas rab gzir/_/skyabs bral yid cad bdag sogs gdul bya/_/thug rje'i yal bar dor bar srid dam/_/sprul pa'i gzugs sku dbyings su bsdus kyang*/_/'phags chen rnam thar yongs su rdzogs pa'i/_/bsam bzhin skye ba bzhes pa'i mchog sprul/_/myur du 'char ba'i thugs rje'i rtsal sprug_/srid las 'das kyang srid pa'i khyon la/_/gdul dka' 'dul ba'i thugs rje thabs mkhas/_/rdzu 'phrul mngon shes thos pa med pa'i/_/ye shes nyin byed 'char bar mdzod cig_/rgyal bstan spyi dang khyad par sgrub brgyud/_/bshad sgrub las kyi bstan rtsa gso ba'i/_/phrin las phyag rjes 'phel rgyas brtan phyir/_/bstan 'gro'i mgon dpung myur du byon mdzod/_/snyigs ma'i sems can rmu rgod las ngan/_/mi shes mun par rtag tu 'phyan la/_/dus gsum mkhyen pa'i ye shes nyi mas/_/ma rig mun pa sel bar mdzod cig_/'dod sred zhag pas tshe 'dir rtag zhen/_/'jig rten chos brgyad khol bor rgyugs la/_/nges 'byung tshul khrims gtsang ma'i las kyis/_/chags bral tshangs spyod brtul zhugs stsol mdzad/_/bdag nyid gces 'dzin 'gong pos bslus te/_/byang chub sems kyi nor bu ster la/_/gzhan phan bdud rtsi'i yid rab bsil bas/_/byang chub spyod pa rgya mtsho ston mdzod/_/don med 'dir snang 'ba' zhig zhen pas/_/nges don sgrub brgyud ming tsam gyur la/_/dgongs brgyud byin chen btsan thabs phob te/_/don brgyud rtogs pa'i rgyal sar dbugs dbyung*/_/nges 'byung zhen log me ltar 'bar zhing*/_/mos gus sgrub tshugs ri bzhin brtan pa/_/nyams rtogs rtsi shing rab tu rgyas nas/_/sgom med chos sku'i rgyal sar dbugs dbyung*/_/sku bzhi'i dbyings su mngon par byang chub/_/zhing khams rgya mtsho sprul pas khyab te/_/ci mdzad ye shes rol pa'i phrin las/_/mngon sum mjal nus byin gyis rlobs mdzod/__!__myur 'byon gsol 'debs thugs rje'i char sprin sdud pa'i dbyangs snyan zhes bya ba bzhugs/_oM swa sti/_kun khyab chos dbyings 'pho 'gyur med pa'i klong*/_/rgyal kun phrin las rang gzugs karma ka'i/_/mkhyen brtse nus pa'i ye shes 'gag med pas/_/sprul pa'i zla zhal myur du 'char mdzad gsol/_/snyigs dus 'dzam glinga~M bstan 'gro nyam thag cing*/_/lung rtogs bstan pa'i mnga' thang rgud pa la/_/thugs bskyed zla zer bdud rtsi'i snang ba yis/_/dbugs 'byin mchog gi sprul sku snang mdzad gsol/_/rgyal bstan ji srid sprul pas skyong mdzad pa'i/_/o rgyan sangs rgyas gnyis pa'i bka' lung bzhin/_/bden don mthong ba'i chos la mngon gyur zhing*/_/dge legs snang bas rtag par khyab mdzad gsol/_/zhes pa'ang sangs rgyas karma pa'i phrin las gser gyi shing rta 'dren mdzad mdzod pa karma dam chos yongs 'dus nas rten bcas gsung bskul bzhin bkra shis dpal 'byor gyis gnas dus rten 'brel bzang po'i char gsol ba rtse gcig tu btab pa dge legs 'phel/__!__gdod nas rnam dag chos dbyings zhi ba cher/_/mngon par byang chub bde chen sgyu 'phrul gar/_/khyab bdag rig 'dzin bla ma'i skur bzhengs pa/_/rtse gcig gsol ba btab bzhin rjes su dgongs/_/ye shes nang gsal chos sku'i klong bzhugs kyang*/_/kun khyab thugs rje'i nam mkha' ji srid du/_/gdul bya'i don las dgongs pa mi g.yel bas/_/sprul pa'i nyin byed myur du 'char bar mdzod/_/snyigs ma'i gdung bas rtag mnar gdul bya dang*/_/rgyal bstan snang ba 'grib nye la dgongs nas/_/rmad byung thugs bskyed ngo mtshar ltas dang bcas/_/gdul dka' 'dul ba'i thugs dam ma bsnyel gsol/_/sangs rgyas gzhan las snyigs ma'i sems can la/_/thugs bskyed che btsan pad 'byung yab sras kyi/_/phrin las pho nya khyed las gzhan med pas/_/rdo rje'i zhal bzhes mngon sum gsal bar mdzod/_/'phags pa'i rnam thar ston zla'i 'dzum zer gyis/_/mchog bstan bdud rtsi'i chu gter rgyas mdzad de/_/smin grol bcud kyis 'gro kun dbugs 'byin pa'i/_/dge mtshan 'jig rten gsum na mdzes par mdzod/_/ces pa'ang gsang 'dzin mkha' 'gro rig 'dzin dbang mo dang sku gsung thugs kyi sras mchog gzhan phan nor bus rten bcas bka' bstsal ba bzhin mgo zla'i tshes 29dge bar gus slob tha chung dil mkhyen rgan bus gdung bas gsol ba btab pa don dang ldan par gyur cig__![ #]3__'brug chen gdung sras rin po che ngag dbang bshad sgrub chos kyi nyin byed kyi myur 'byon thugs dam rjes su bskul ba'i gsol 'debs bzhugs/_oM swasti/_nges don dpal ldan 'brug pa'i ring lugs kyi/_/chos tshul ri dbang 'degs pa'i thugs bskyed pa'i/_/'gran bral grub pa'i rigs kyi thig le'i tshul/_/rje btsun bla ma mchog la gsol ba 'debs/_/ngag dbang pad+ma dkar po'i legs mdzes pa'i/_/lung rtogs bshad sgrub chos kyi rgya mtsho la/_/rnam thar 'dab stong bkra bas phan bde'i dpyid/_/rgyas mdzad sprul pa'i nyin byed myur 'char gsol/_/snyigs ma'i gdung sel dam pa'i ngang tshul gyi/_/lang tsho'i cha shas rdzogs pa'i phrin las kyi/_/zla ba'i bdud rtsis bstan 'gro'i gdung sel bas/_/gdul bya'i re ba skong ba'i dpal kun stsol/_/ces pa'ang 'brug btsun pradz+nyA d+h+wa dzas rten bcas bskul ngor mang+ga la shrI b+hU tis smon pa dge legs su gyur cig__![ #]4_'ja~Xm dpa~Xl dbyangs sogs sras bcas rgyal ba yi/_/thugs bskyed smon lam mthu yi rnam rola~X pa~X'i/_/blo~X grosa~X gzungs spobs dam pa'i ngang tshul gyi/_/mchog gi sprul sku'i zla zhal myur 'char gsol/_/ces bslab gsum dam pa'i rgyan mdzes dwags po 'gro 'dul gling pa'i mchog sprul thub bstan bshad sgrub lung rtogs yon tan rgya mtshos lha rdzas rten bcas gsung bskul bzhin 'gyur med theg mchog bstan pa'i rgyal mtshan gyis sku rjes rdo rje brtsegs pa'i ke'u tshang nas me yos sprel zla'i 6_'phel tshes 10_la bris te smon pa dge legs 'phel/_![ #]5__oM swasti/_chos dbyings klonga~M nas mkhyen brtse'i nyin mor byed/_/thugs rje'i ye shes rdo rje'i gzi byin gyis/_/snyigs dus bstan 'gro'i gdung sel bla ma rje/_/ngo mtshar mchog gi sprul skur bzhengs su gsol/_/thugs bskyed phrin las go cha'i mthu btsan pas/_rgyal bstan spyi dang khyad par bka' gter gyi/_/bstan pa bshad sgrub las kyi 'khor lo yi/_/phrin las rmad byung mchog sprul myur 'byon mdzod/_/chos nyid gdod nas dag pa'i klong chen por/_/thugs bskyed smon lam zab mo'i bden mthu dang*/_/bdag cag dad ldan slob mas gsol btab bzhin/_/sprul gzhi'i zlos gar myur du 'char gyur cig_/ces pa'ang rig pa 'dzin pa bla ma mchog las zab chos kyi bdud rtsi mang du thos pa'i sngags rig 'dzin pa pad+ma gar dbang 'od gsal mdo sngags gling pas ched du gsol ba btab pa bzhin 'grub par gyur cig__!_rang byung sangs rgyas pad+ma 'byung gnas kyi/_/mkhyen brtse nus pa'i phrin las rmad byung ba/_/theg mchog rgyal po'i smin grol phan bde'i dpal/_/spel mdzad rje btsun bla ma dgongs su gsol/_/snyigs dus bstan 'gro'i gsos sman gyur pa yi/_/mchog gi sprul sku myur du byon nas kyang*/_/sngon gyi mdzad pa rjes skyongs snyigs ma'i 'gror/_/sku bzhi'i dbyings su sgrol bar mdzad du gsol/_/gang gi zhal slob rnams kyis lha rdzas rten bcas bskul ba bzhin gter 'byin sprul sku pad rgyal gling pa'i myur 'byon gsol 'debs su dil mkhyen pas so/__!__myur byon gsol 'debs thugs rje'i 'od snang bzhugs/_mchog tu mi 'gyur bde chen 'khor lo sdom/_/rnam kun mchog ldan rdo rje btsun mo'i dbyings/_/gnyis med srid zhi kun khyab bla ma rje'i/_/thugs dam rjes su bskul lo dbyings nas bzhengs/_/mgon khyod zhi ba'i thig ler ma bzhugs par/_/kun khyab thugs rjes 'gro la rtag gzigs pa'i/_/thugs bskyed go cha yal bar mi 'dor bar/_/sprul pa'i nyin byed myur du 'char mdzad gsol/_/ngo mtshar 'phags pa'i rnam thar brgya phrag gi_/mdzes pas snyigs ma'i rgud pa bsal mdzad nas/_/nges don sgrub brgyud bstan pa rtag spel zhing*/_/lnga brgya'i yid can srid zhi las sgrol mdzod/_/ces pa'ang rje de'i sku gsung thugs kyi sras dang slob ma thun mong nas bskul ngor 'gyur med theg mchog bstan pa'i rgyal mtshan gyis gsol ba btab pa don dang ldan par gyur cig__!__myur 'byon gsol 'debs byin rlabs sprin phung bzhugs/_oM swa sti/_srid zhi'i dge legs dpal gyi 'byung gnas che/_/bla ma mchog gsum yi dam mkha' 'gro'i tshogs/_/chos skyong srung ma skyabs gnas rgya mtsho yis/_/thugs dam rjes su bskul bzhin myur 'grub mdzod/_/byams chen rgyal ba'i bstan pa ma shar bar/_/rgyal sras kun bzang spyod pa rgya mtsho yis/_/rab mdzes lunga~X rtoga~Xs bstana~X pa spel mdzad pa~X'i/_/mchog gi sprul sku nyi~X ma~X 'char mdzad gsol/_/sku tshe legs mdzad dam pa'i rnam thar gyis/_/gsan bsam sgom pa'i cha shas yongs rdzogs shing*/_/snyigs spyod rdul gyis ma gos 'phags chen gyi/_rnam thar dkar phyogs zla bzhin mdzes gyur cig_/ces pa'ang snyigs dus bstan 'gro'i rgyal mchog mtshungs zla ma mchis pa'i mchog sprul rin po che'i myur 'byon gsol 'debs shrI thar lam sa bzang rnam rgyal gling gi 'dus spyi'i lha rdzas kyi rten bcas gsung bskul bzhin 'gyur med theg mchog bstan pa'i rgyal mtshan gyis bris te gsol ba btab pa bzhin 'grub par gyur cig__!__na mo gu ru/_/chos dbyings skye 'gag gnas bral ye shes rtsal/_/kun khyab thugs rje'i rang mdangs sprul pa'i sku/_/bstan 'gror phan pa'i mdzad bzang 'od stong can/_/mchog gi sprul pa'i zla zhal myur 'char gsol/_/zhes dad ldan bstan 'dzin nas bskul ngor mang+ga las so/__!_pa~Xd+ma~X'i ring lugs kuna~X bza~Xng thugs kyi bstan/_/bka' gter chos kyi shing rta bla ma rje'i/_/mchog gi sprul pa'i zla zhal myur 'char te/_/ranga~X grola~X rdzogs chen bstan pa dar rgyas shog_/ces pa'ang theg mchog snying po'i rnal 'byor tshe ring dbang drag nas bskul ngor mang+ga las bris pa dge legs 'phel/

Footnotes

Other Information