DKR-KABUM-02-KHA-049-01

From Khyentse Lineage - A Tsadra Foundation Project
Revision as of 17:23, 9 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་ཕུང་སྡུད་པའི་ཕོ་ཉ།
Wylie title bla ma rgyang 'bod byin rlabs sprin phung sdud pa'i pho nya DKR-KABUM-02-KHA-049.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 49, Text 1, Pages 238-241 (Folios 1b1 to 4b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. bla ma rgyang 'bod byin rlabs sprin phung sdud pa'i pho nya. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 238-241. Delhi: Shechen Publications, 1994.
Genre Calling the Lama from Afar - bla ma rgyang 'bod
Colophon

།ཅེས་པའང་རྣམ་པར་དཀར་བའི་དད་མོས་བློ་གྲོས་གསལ་བ་འབྲུག་ཆོས་རྩེའི་དགེ་སློང་སངས་རྒྱས་ཆོས་འགྲུབ་ནས་ཆེད་དུ་བསྐུལ་བ་བཞིན་རྫོགས་པའི་སངས་རྒྱས་དངོས་དང་ཞལ་མི་གཉིས་པའི་རིས་མེད་མཁས་གྲུབ་དུ་མས་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པའི་མདོ་ཁམས་ཤར་ཕྱོགས་ཀྱི་ཀུ་སཱ་ལི་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ལྷོ་འབྲུག་རྒྱལ་ཁབ་ཏུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་སྐྱེ་ཀུན་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག

/ces pa'ang rnam par dkar ba'i dad mos blo gros gsal ba 'brug chos rtse'i dge slong sangs rgyas chos 'grub nas ched du bskul ba bzhin rdzogs pa'i sangs rgyas dngos dang zhal mi gnyis pa'i ris med mkhas grub du mas rjes su bzung ba'i skal bzang thob pa'i mdo khams shar phyogs kyi ku sA li bkra shis dpal 'byor mkhyen brtse'i 'od zer du 'bod pas lho 'brug rgyal khab tu gnas pa'i skabs bris pa 'dis kyang skye kun dpal ldan bla mas rjes su 'dzin pa'i rgyur gyur cig

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་ཕུང་སྡུད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། བླ་མ་མཁྱེན་ནོ། །བླ་མ་ཀུན་ཏུ་བཟང་པོ་མཁྱེན་ནོ། །གཞི་དབྱིངས་ཀ་དག་ཀློང་ནས་གཟིགས་ཤིག །རྒྱལ་བ་དགོངས་བརྒྱུད་བྱིན་རླབས་དབང་བསྐུར། །རིག་སྟོང་སྐད་ཅིག་ངོ་བོར་སྩོལ་མཛོད། །བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་ནོ། །འོད་གསལ་ལྷུན་གྲུབ་ཀློང་ནས་གཟིགས་ཤིག །རིག་འཛིན་བརྡ་བརྒྱུད་བྱིན་རླབས་འཕོ་བས། །གཞི་སྣང་བདེ་ཆེན་འཆར་བར་མཛོད་ཅིག །བླ་མ་དགའ་རབ་རྡོ་རྗེ་མཁྱེན་ནོ། །ཀུན་ཁྱབ་ཐུགས་རྗེའི་ཀློང་ནས་གཟིགས་ཤིག །ཟབ་ལམ་ཐེག་རྩེའི་སྙན་བརྒྱུད་ཆེན་པོས། །ཁྱད་ཆོས་དྲུག་གིས་གྲོལ་བར་མཛོད་ཅིག །རིག་འཛིན་ཤྲཱི་སིང་ཧ་མཁྱེན་ནོ། །སྣང་སྲིད་ཆོས་སྐུའི་ཀློང་ནས་གཟིགས་ཤིག །འཁོར་འདས་སྲོག་ཟིན་རིག་པའི་རྩལ་དབང༌། །བདག་ལ་ད་ལྟ་ཉིད་དུ་སྐུར་མཛོད། །པཎ་ཆེན་བི་མ་མི་ཏྲ་མཁྱེན་ནོ། །དྭངས་བསིལ་རྩེ་ལྔའི་ཞིང་ནས་གཟིགས་ཤིག །ཟག་པ་རང་ཟད་འབྱུང་བ་རང་དེངས། །འཕོ་ཆེན་རྡོ་རྗེའི་སྐུ་ཐོབ་མཛོད་ཅིག །ཨོ་རྒྱན་པད་འབྱུང་ཐོད་ཕྲེང་མཁྱེན་ནོ། །རྔ་ཡབ་དཔལ་རིའི་ཞིང་ནས་གཟིགས་ཤིག །སྙིགས་མའི་གདུལ་བྱ་གངས་ཅན་བོད་འབངས། །མཁྱེན་བརྩེ་ནུས་པས་དབུགས་འབྱིན་མཛོད་ཅིག །གྲུབ་ཆེན་རྗེ་འབངས་ཉེར་ལྔ་མཁྱེན་ནོ། །སྒྱུ་འཕྲུལ་རྡོ་རྗེའི་དབྱིངས་ནས་གཟིགས་ཤིག །གསང་སྔགས་སྨིན་གྲོལ་ཟབ་མོའི་ལམ་གྱིས། །མྱུར་བར་རིག་འཛིན་ས་རུ་དྲོངས་མཛོད། །སོ་ཟུར་གནུབས་ཀྱི་རིག་འཛིན་མཁྱེན་ནོ། །རང་སྣང་འོག་མིན་ཞིང་ནས་གཟིགས་ཤིག །གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ། །བདག་ལ་ད་ལྟ་ཉིད་དུ་སྩོལ་ཅིག །འགྲོ་འདུལ་གཏེར་སྟོན་བརྒྱ་རྩ་མཁྱེན་ནོ། །གང་འདུལ་ཡེ་ཤེས་ཀློང་ནས་གཟིགས་ཤིག །ཟབ་རྒྱས་ལམ་གྱི་སྨིན་གྲོལ་རྒྱ་མཚོས། །མཆོག་ཐུན་དངོས་གྲུབ་བརྙེས་པར་མཛོད་ཅིག །ཀུན་མཁྱེན་ཀློང་ཆེན་ཡབ་སྲས་མཁྱེན་ནོ། །ནང་གསལ་ཆོས་ཟད་ཀློང་ནས་གཟིགས་ཤིག །ཁྱབ་བདག་ཡེ་ཤེས་དགོངས་ཀློང་མངོན་གྱུར། །འཁྲུལ་སྣང་ཀ་ནས་དག་པར་མཛོད་ཅིག །འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཁྱེན་ནོ། །མཁྱེན་གཉིས་ཡེ་ཤེས་དབྱིངས་ནས་གཟིགས་ཤིག །ཐུབ་བསྟན་ལུང་རྟོགས་གསང་མཛོད་རྒྱ་མཚོ། །ཟབ་དོན་ཇི་བཞིན་རྟོགས་པར་མཛོད་ཅིག །ཀུན་མཁྱེན་བློ་གྲོས་མཐའ་ཡས་མཁྱེན་ནོ། །ཀུན་ཁྱབ་ཐུགས་རྗེའི་རོལ་པས་གཟིགས་ཤིག །སྙིགས་མའི་མུན་པ་དྲུང་ནས་འབྱིན་པའི། །རྒྱལ་བསྟན་ཤིང་རྟ་འདྲེན་ནུས་མཛོད་ཅིག །མཆོག་གྱུར་བདེ་ཆེན་གླིང་པ་མཁྱེན་ནོ། །པདྨས་ཁེབས་པའི་ཞིང་ནས་གཟིགས་ཤིག །རྒྱལ་ཀུན་གསང་བ་ཟབ་མོའི་ཆོས་ཀྱིས། །འགྲོ་ཀུན་ཐར་པར་འདྲེན་ནུས་མཛོད་ཅིག །བཀའ་གཏེར་བརྒྱུད་པའི་བླ་མ་མཁྱེན་ནོ། །འོད་གསལ་རྡོ་རྗེའི་དབྱིངས་ནས་གཟིགས་ཤིག །རིམ་དགུའི་ཐེག་པའི་ལམ་གྱི་སྤང་རྟོགས། །མྱུར་དུ་རྒྱུད་ལ་འཆར་བར་མཛོད་ཅིག །བཀའ་གདམས་ལམ་འབྲས་བརྒྱུད་པ་མཁྱེན་ནོ། །བྱང་ཆུབ་སེམས་གཉིས་དབྱིངས་ནས་གཟིགས་ཤིག །རྒྱུད་གསུམ་ལམ་གྱིས་རྡོ་རྗེའི་སར་བགྲོད། །གཞན་ཕན་མཁའ་དང་མཉམ་པར་མཛོད་ཅིག །བཀའ་བརྒྱུད་ཤངས་པ་ཡབ་སྲས་མཁྱེན་ནོ། །ཟུང་འཇུག་གྲུབ་པའི་དབྱིངས་ནས་གཟིགས་ཤིག །ཐབས་བྲལ་གསེང་ལམ་ཟབ་མོར་བགྲོད་པས། །ལྷན་སྐྱེས་ཡེ་ཤེས་རྟོགས་པར་མཛོད་ཅིག །ཞི་གཅོད་དུས་ཞལ་མཁས་གྲུབ་མཁྱེན་ནོ། །ལས་རབ་རྫོགས་པའི་ཞིང་ནས་གཟིགས་ཤིག །གཟུང་འཛིན་ཟུག་རྔུ་དྲུང་ནས་འབྱིན་པའི། །མཆོག་ཏུ་མི་འགྱུར་བདེ་ཆེན་དཔྱིད་སྩོལ། །རིས་མེད་མཁས་དང་གྲུབ་ཚོགས་མཁྱེན་ནོ། །གང་འདུལ་མཛད་པའི་གར་གྱིས་གཟིགས་ཤིག །རྡོ་རྗེའི་གསུམ་གྱི་བྱིན་རླབས་ཆེན་པོས། །བདག་ཉིད་མངོན་པར་བྱང་ཆུབ་མཛོད་ཅིག །ཀུན་གཟིགས་མི་ཕམ་རྒྱ་མཚོ་མཁྱེན་ནོ། །བྱང་ཕྱོགས་ཤམྦྷ་ལ་ནས་གཟིགས་ཤིག །རང་བྱུང་ཡེ་ཤེས་རྡོ་རྗེའི་ཉི་མས། །འཁྲུལ་རྟོགས་མུན་པ་དྲུང་འབྱིན་མཛོད་ཅིག །ཁྱབ་བདག་པདྨ་བི་ཛ་མཁྱེན་ནོ། །སྐུ་གསུམ་ཞིང་ཁམས་ཀློང་ནས་གཟིགས་ཤིག །སྟོང་ཉིད་སྙིང་རྗེ་དབྱེར་མེད་རྟོགས་པས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛོད་ཅིག །འཇམ་དབྱངས་ཆོས་ཀྱི་བློ་གྲོས་མཁྱེན་ནོ། །མཁྱེན་བརྩེ་ནུས་པའི་ཀློང་ནས་གཟིགས་ཤིག །འཁོར་བ་དོང་སྤྲུགས་ནུས་པའི་ཕྲིན་ལས། །ཇི་བཞིན་སྤྱོད་པའི་སྐལ་བཟང་སྩོལ་ཅིག །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་མཁྱེན་ནོ། །གང་འདུལ་ཡེ་ཤེས་རྩལ་གྱིས་གཟིགས་ཤིག །ཟབ་མོའི་ལམ་བཟང་མཐར་ཕྱིན་ངང་ནས། །སྐུ་བཞིའི་རྒྱལ་ས་ཟིན་པར་མཛོད་ཅིག །དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །རྒྱལ་ཀུན་དགོངས་པའི་དབྱིངས་ནས་གཟིགས་ཤིག །སྙིགས་མའི་གདུལ་བྱ་རྗེས་སུ་འཛིན་པས། །གཏན་དུ་བདེ་བའི་ས་ལ་དྲོངས་མཛོད། །ཨེ་མ་སངས་རྒྱས་ཀུན་གྱི་མཁྱེན་བརྩེ་ནུས། །བདག་སོགས་འདུལ་ཕྱིར་དགེ་བའི་བཤེས་ཀྱི་ཚུལ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གདུང་བས་འོ་དོད་འབོད་ལ་ཐུགས་རྗེས་གཟིགས། །ངེས་འབྱུང་བདུད་རྩིས་སེམས་རྒྱུད་སྲིད་ལས་གྲོལ། །གཞན་ཕན་ཚོགས་གཉིས་སྤྱོད་པའི་དཀྱིལ་འཁོར་རྫོགས། །དད་མོས་རྣམ་དཀར་ཟླ་བ་རབ་གསལ་བས། །ཐེག་མཆོག་ཆོས་ཀྱི་སྒོ་བརྒྱ་འབྱེད་པར་མཛོད། །མཚན་ལྡན་བླ་མ་མཉེས་པ་གསུམ་གྱིས་བསྟེན། །ཐོས་བསམ་སྒོམ་པས་ཟབ་རྒྱས་ཆོས་དོན་རྟོགས། །སྡོམ་གསུམ་རྣམ་དག་སྨིན་གྲོལ་ཆར་བཟང་གིས། །གཞི་ཡི་རིགས་ཀྱི་ནུས་པ་སད་གྱུར་ཅིག །སྣང་གྲགས་རིག་པ་རྡོ་རྗེ་གསུམ་གྱི་ངང༌། །བདེ་གསལ་མི་རྟོག་དོན་གྱི་ཡེ་ཤེས་རྩལ། །གཉིས་མེད་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན། །ད་ལྟ་རྟེན་འདིར་རྟོགས་པར་མཛད་དུ་གསོལ། །ཁྱད་པར་དབེན་པའི་སྨན་ལྗོངས་ཉམས་དགའ་བར། །འདིར་སྣང་ཆོས་བརྒྱད་འཁྲུལ་པས་མི་བསླུ་བར། །དད་དང་ངེས་འབྱུང་སྙིང་རྗེའི་བརྩོན་པ་ཡིས། །ཐར་པའི་ལམ་བཟང་ཚུལ་བཞིན་སྙོགས་ནས་ཀྱང༌། །གནས་ལུགས་རིག་སྟོང་གཉུག་མ་རྡོ་རྗེ་སེམས། །འཁྲུལ་པའི་རྒྱུ་འབྲས་ཀ་ནས་དག་པའི་དབྱིངས། །ངོ་ཤེས་རྩལ་རྫོགས་བརྟན་པ་མཆོག་ཐོབ་སྟེ། །འཕོ་མེད་རྡོ་རྗེའི་དབྱིངས་སུ་སངས་རྒྱས་མཛོད། །སྐུ་གསུམ་འོད་གསལ་ཤེས་རབ་རང་བྱུང་གདངས། །ཟག་ཟད་གཞོན་ནུ་བུམ་པའི་གཞི་ཀློང་དུ། །མངོན་སངས་རྒྱས་པའི་སྐུ་གསུམ་ལམ་དུ་རྫོགས། །གྲོལ་བ་དྲུག་གི་མཛད་པ་ལྷུན་གྲུབ་ཤོག །མདོར་ན་སངས་རྒྱས་འཕགས་པའི་སྤང་རྟོགས་ཀུན། །བླ་མའི་བྱིན་རླབས་ཁོ་ནས་བདག་རྒྱུད་དུ། །རྫོགས་ཕྱིར་རྩེ་གཅིག་གསོལ་བ་བཏབ་པ་བཞིན། །མངོན་གྱུར་མགོན་པོ་ཁྱེད་དང་མཉམ་པར་ཤོག །ཅེས་པའང་རྣམ་པར་དཀར་བའི་དད་མོས་བློ་གྲོས་གསལ་བ་འབྲུག་ཆོས་རྩེའི་དགེ་སློང་སངས་རྒྱས་ཆོས་འགྲུབ་ནས་ཆེད་དུ་བསྐུལ་བ་བཞིན་རྫོགས་པའི་སངས་རྒྱས་དངོས་དང་ཞལ་མི་གཉིས་པའི་རིས་མེད་མཁས་གྲུབ་དུ་མས་རྗེས་སུ་བཟུང་བའི་སྐལ་བཟང་ཐོབ་པའི་མདོ་ཁམས་ཤར་ཕྱོགས་ཀྱི་ཀུ་སཱ་ལི་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་ལྷོ་འབྲུག་རྒྱལ་ཁབ་ཏུ་གནས་པའི་སྐབས་བྲིས་པ་འདིས་ཀྱང་སྐྱེ་ཀུན་དཔལ་ལྡན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག
[edit]

@#/__/bla ma rgyang 'bod byin rlabs sprin phung sdud pa'i pho nya zhes bya ba bzhugs so/__bla ma mkhyen no/_/bla ma kun tu bzang po mkhyen no/_/gzhi dbyings ka dag klong nas gzigs shig_/rgyal ba dgongs brgyud byin rlabs dbang bskur/_/rig stong skad cig ngo bor stsol mdzod/_/bla ma rdo rje sems dpa' mkhyen no/_/'od gsal lhun grub klong nas gzigs shig_/rig 'dzin brda brgyud byin rlabs 'pho bas/_/gzhi snang bde chen 'char bar mdzod cig_/bla ma dga' rab rdo rje mkhyen no/_/kun khyab thugs rje'i klong nas gzigs shig_/zab lam theg rtse'i snyan brgyud chen pos/_/khyad chos drug gis grol bar mdzod cig_/rig 'dzin shrI sing ha mkhyen no/_/snang srid chos sku'i klong nas gzigs shig_/'khor 'das srog zin rig pa'i rtsal dbang*/_/bdag la da lta nyid du skur mdzod/_/paN chen bi ma mi tra mkhyen no/_/dwangs bsil rtse lnga'i zhing nas gzigs shig_/zag pa rang zad 'byung ba rang dengs/_/'pho chen rdo rje'i sku thob mdzod cig_/o rgyan pad 'byung thod phreng mkhyen no/_/rnga yab dpal ri'i zhing nas gzigs shig_/snyigs ma'i gdul bya gangs can bod 'bangs/_/mkhyen brtse nus pas dbugs 'byin mdzod cig_/grub chen rje 'bangs nyer lnga mkhyen no/_/sgyu 'phrul rdo rje'i dbyings nas gzigs shig_/gsang sngags smin grol zab mo'i lam gyis/_/myur bar rig 'dzin sa ru drongs mdzod/_/so zur gnubs kyi rig 'dzin mkhyen no/_/rang snang 'og min zhing nas gzigs shig_/gsang sngags chu bo bzhi yi bka' bab/_/bdag la da lta nyid du stsol cig_/'gro 'dul gter ston brgya rtsa mkhyen no/_/gang 'dul ye shes klong nas gzigs shig_/zab rgyas lam gyi smin grol rgya mtshos/_/mchog thun dngos grub brnyes par mdzod cig_/kun mkhyen klong chen yab sras mkhyen no/_/nang gsal chos zad klong nas gzigs shig_/khyab bdag ye shes dgongs klong mngon gyur/_/'khrul snang ka nas dag par mdzod cig_/'jam dbyangs mkhyen brtse'i dbang po mkhyen no/_/mkhyen gnyis ye shes dbyings nas gzigs shig_/thub bstan lung rtogs gsang mdzod rgya mtsho/_/zab don ji bzhin rtogs par mdzod cig_/kun mkhyen blo gros mtha' yas mkhyen no/_/kun khyab thugs rje'i rol pas gzigs shig_/snyigs ma'i mun pa drung nas 'byin pa'i/_/rgyal bstan shing rta 'dren nus mdzod cig_/mchog gyur bde chen gling pa mkhyen no/_/pad+mas khebs pa'i zhing nas gzigs shig_/rgyal kun gsang ba zab mo'i chos kyis/_/'gro kun thar par 'dren nus mdzod cig_/bka' gter brgyud pa'i bla ma mkhyen no/_/'od gsal rdo rje'i dbyings nas gzigs shig_/rim dgu'i theg pa'i lam gyi spang rtogs/_/myur du rgyud la 'char bar mdzod cig_/bka' gdams lam 'bras brgyud pa mkhyen no/_/byang chub sems gnyis dbyings nas gzigs shig_/rgyud gsum lam gyis rdo rje'i sar bgrod/_/gzhan phan mkha' dang mnyam par mdzod cig_/bka' brgyud shangs pa yab sras mkhyen no/_/zung 'jug grub pa'i dbyings nas gzigs shig_/thabs bral gseng lam zab mor bgrod pas/_/lhan skyes ye shes rtogs par mdzod cig_/zhi gcod dus zhal mkhas grub mkhyen no/_/las rab rdzogs pa'i zhing nas gzigs shig_/gzung 'dzin zug rngu drung nas 'byin pa'i/_/mchog tu mi 'gyur bde chen dpyid stsol/_/ris med mkhas dang grub tshogs mkhyen no/_/gang 'dul mdzad pa'i gar gyis gzigs shig_/rdo rje'i gsum gyi byin rlabs chen pos/_/bdag nyid mngon par byang chub mdzod cig_/kun gzigs mi pham rgya mtsho mkhyen no/_/byang phyogs sham+b+ha la nas gzigs shig_/rang byung ye shes rdo rje'i nyi mas/_/'khrul rtogs mun pa drung 'byin mdzod cig_/khyab bdag pad+ma bi dza mkhyen no/_/sku gsum zhing khams klong nas gzigs shig_/stong nyid snying rje dbyer med rtogs pas/_/thugs yid gcig tu 'dres par mdzod cig_/'jam dbyangs chos kyi blo gros mkhyen no/_/mkhyen brtse nus pa'i klong nas gzigs shig_/'khor ba dong sprugs nus pa'i phrin las/_/ji bzhin spyod pa'i skal bzang stsol cig_/'jigs med mkhyen brtse'i 'od zer mkhyen no/_/gang 'dul ye shes rtsal gyis gzigs shig_/zab mo'i lam bzang mthar phyin ngang nas/_/sku bzhi'i rgyal sa zin par mdzod cig_/drin chen rtsa ba'i bla ma mkhyen no/_/rgyal kun dgongs pa'i dbyings nas gzigs shig_/snyigs ma'i gdul bya rjes su 'dzin pas/_/gtan du bde ba'i sa la drongs mdzod/_/e ma sangs rgyas kun gyi mkhyen brtse nus/_/bdag sogs 'dul phyir dge ba'i bshes kyi tshul/_/dpal ldan bla ma'i zhabs la gsol ba 'debs/_/gdung bas 'o dod 'bod la thugs rjes gzigs/_/nges 'byung bdud rtsis sems rgyud srid las grol/_/gzhan phan tshogs gnyis spyod pa'i dkyil 'khor rdzogs/_/dad mos rnam dkar zla ba rab gsal bas/_/theg mchog chos kyi sgo brgya 'byed par mdzod/_/mtshan ldan bla ma mnyes pa gsum gyis bsten/_/thos bsam sgom pas zab rgyas chos don rtogs/_/sdom gsum rnam dag smin grol char bzang gis/_/gzhi yi rigs kyi nus pa sad gyur cig_/snang grags rig pa rdo rje gsum gyi ngang*/_/bde gsal mi rtog don gyi ye shes rtsal/_/gnyis med chos sku phyag rgya chen po'i don/_/da lta rten 'dir rtogs par mdzad du gsol/_/khyad par dben pa'i sman ljongs nyams dga' bar/_/'dir snang chos brgyad 'khrul pas mi bslu bar/_/dad dang nges 'byung snying rje'i brtson pa yis/_/thar pa'i lam bzang tshul bzhin snyogs nas kyang*/_/gnas lugs rig stong gnyug ma rdo rje sems/_/'khrul pa'i rgyu 'bras ka nas dag pa'i dbyings/_/ngo shes rtsal rdzogs brtan pa mchog thob ste/_/'pho med rdo rje'i dbyings su sangs rgyas mdzod/_/sku gsum 'od gsal shes rab rang byung gdangs/_/zag zad gzhon nu bum pa'i gzhi klong du/__/mngon sangs rgyas pa'i sku gsum lam du rdzogs/_/grol ba drug gi mdzad pa lhun grub shog_/mdor na sangs rgyas 'phags pa'i spang rtogs kun/_/bla ma'i byin rlabs kho nas bdag rgyud du/_/rdzogs phyir rtse gcig gsol ba btab pa bzhin/_/mngon gyur mgon po khyed dang mnyam par shog_/ces pa'ang rnam par dkar ba'i dad mos blo gros gsal ba 'brug chos rtse'i dge slong sangs rgyas chos 'grub nas ched du bskul ba bzhin rdzogs pa'i sangs rgyas dngos dang zhal mi gnyis pa'i ris med mkhas grub du mas rjes su bzung ba'i skal bzang thob pa'i mdo khams shar phyogs kyi ku sA li bkra shis dpal 'byor mkhyen brtse'i 'od zer du 'bod pas lho 'brug rgyal khab tu gnas pa'i skabs bris pa 'dis kyang skye kun dpal ldan bla mas rjes su 'dzin pa'i rgyur gyur cig_

Footnotes

Other Information